གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ སིང་ག་པོར་གྱི་བར་ན་ བརྡ་དོན་འཕྲུལ་རིག་གི་ ཆིངས་ཡིག་བཀོད་ཡོདཔ།

༢༣/༡༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ན་གཞོན་དཔལ་རི་གི་ ཞལ་འཛོམས་ཁང་ནང་སྦེ་ འབྲུག་དང་ སིང་ག་པོར་རྒྱལ་ཁབ་༢ ཀྱི་བར་ན་ བརྡ་དོན་འཕྲུལ་རིག་གི་ ཆིངས་ཡིག་ཅིག་བཟོ་མིའི་གུ་ སིང་ག་པོར་བརྡ་དོན་གོང་འཕེལ་ལས་ཁུངས་ཀྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ རོ་ནི་ཏེ་དང་ འབྲུག་གི་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡོ་རྗེ་༢ ཀྱིས་ མཚན་རྟགས་བཀོད་གནང་ཡི།
སིང་ག་པོར་བརྡ་དོན་གོང་འཕེལ་ལས་ཁུངས་ཀྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ རོ་ནི་ཏེ་དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡོ་རྗེ་༢ ཀྱིས་ མཚན་རྟགས་བཀོད་པའི་བསྒང་།


དེ་ཡང་ རྒྱལ་སྤྱི་གོང་འཕེལ་དབང་འཛིན་གྱིས་ འབྲུག་ལུ་ བརྡ་དོན་འཕྲུལ་རིག་གི་ མི་སྟོབས་ཡར་དྲག་གཏང་ནི་དང་ ཁྱད་རིག་ཅན་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
སྤྱི་ཟླ་༦ པ་ལས་འགོ་བཙུགས་ཏེ་ འབྲུག་གི་འགོ་དཔོན་༢༢༠ དེ་ཅིག་གིས་ གློག་རིག་གཞུང་སྐྱོང་གི་ འཆར་གཞིའི་ཐོག་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་རིམ་གཙོ་བོ་ གློག་རིག་གཞུང་སྐྱོང་གི་འཆར་གཞི་དང་ གློག་རིག་དང་འབྲེལ་བའི་ཞབས་ཏོག་བྱིན་ནི་ གཅིག་སྒྲིལ་ཐོག་ལས་ ལཱ་འབད་ནི་གི་ གནད་དོན་ཁག་༣ གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
གློག་རིག་གཞུང་སྐྱོང་ལས་རིམ་གྱིས་ ཤེས་ཡོན་ཐོག་ལུ་ བརྡ་དོན་འཕྲུལ་རིག་གི་ ལྕོགས་གྲུབ་ཡར་དྲག་གཏང་ནི་དང་ བརྡ་དོན་འཕྲུལ་རིག་གི་ ཞབས་ཏོག་གོང་འཕེལ་གཏང་ནི་ གོ་བརྡ་སྤྲོད་ནི་ དེ་ལས་ མི་སྡེའི་ནང་ ལག་ལེན་འཐབ་ནི་ཚུ་ ཚུད་ནི་ཨིན་པས།
གློག་རིག་དང་འབྲེལ་བའི་ཞབས་ཏོག་བྱིན་ནིའི་ ལས་རིམ་འོག་ལུ་ འཆར་གཞི་བཟོ་ནིའི་ནང་ ལྕོགས་གྲུབ་ཡར་དྲག་གཏང་ནི་དང་ བརྡ་དོན་འཕྲུལ་རིག་གི་ ཞབས་ཏོག་ཡར་དྲག་གཏང་ནི་ གཅིག་སྒྲིལ་དང་མཉམ་འབྲེལ་གྱི་ཐོག་ལུ་ བརྡ་དོན་འཕྲུལ་རིག་གི་ལཱ་དེ་ ཁྱད་རིག་དང་ལྡན་ཏོག་ཏོ་ བཟོ་ནི་ཨིན་པས།
ད་ལྟོ་འབད་བ་ཅིན་ འབྲུག་གི་བརྡ་དོན་འཕྲུལ་རིག་གི་ འགོ་དཔོན་ཚུ་ ཡིག་ཚང་གི་ འཕྲུལ་རིག་ཅ་ཆས་མེདཔ་ཐལ་མི་ཚུ་ བཅོ་ཁ་རྐྱབ་ནི་མ་གཏོགས་ ཁྱད་རིག་ལྡན་པའི་ལཱ་གཞན་ འབད་སྲོལ་མེདཔ་ཨིན་པས།
བརྡ་དོན་འཕྲུལ་རིག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལས་རིམ་དེ་གིས་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་སྟེ་ ཁྱད་རིག་ལྡན་པའི་ བརྡ་དོན་འཕྲུལ་རིག་འགོ་དཔོན་ཚུ་གིས་ ཕན་ནུས་ཅན་དང་ ཡུན་བརྟན་ཅན་གྱི་ ཞབས་ཏོག་འབད་ཚུགསཔ་སྦེ་ བཟོ་ཚུགས་པའི་རེ་བ་ཨིན་པས།
བརྡ་དོན་འཕྲུལ་རིག་གི་ འགོ་དཔོན་མང་ཤོས་ར་ ཁྱད་རིག་དང་མ་ལྡན་ནི་དེ་གིས་ གཞི་རྟེན་འཕྲུལ་ཆས་བཅོ་ནིའི་ ལཱ་ཚུ་འབད་དགོཔ་འཐོནམ་ལས་ ཁོང་རའི་ཁྱད་རིག་ལུ་ འོས་འབབ་ཡོད་པའི་ལཱ་ མ་འབད་ནི་དེ་གིས་ ལྕོགས་གྲུབ་ཀྱི་གནས་ཚད་དེ་ རེ་བ་དང་འཁྲིལ་ འབད་མི་ཚུགས་པས་ཟེར་ བརྡ་དོན་འཕྲུལ་རིག་འགོ་དཔོན་ལས་རོགསཔ་ ཡེ་ཤེས་དཔལ་སྒྲོན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ལས་སྡེ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ འགོ་དཔོན་ཚུ་ལུ་ ལཱ་དང་འགན་ཁུར་ཚུ་ ངེས་བརྟན་ངོས་འཛིན་འབད་དེ་ བྱིན་དགོཔ་མ་ཚད་ འོས་ལྡན་སྦྱོང་བརྡར་ཚུ་ བྱིན་དགོཔ་འདུག་ཟེར་ མོ་གིས་ སླབ་ཨིན་པས།
ད་རེས་ཀྱི་ ལས་རིམ་དེ་གིས་ ཁོང་ལུ་བརྡ་དོན་འཕྲུལ་རིག་གི་ ལཱ་གཡོག་ངེས་བརྟན་བྱིན་ཚུགསཔ་མ་ཚད་ ཁོང་གིས་ ལཱ་ལེགས་ཤོམ་འབད་ཚུགས་པའི་ཁར་ གྲུབ་འབྲས་ཡང་ ལེགས་ཤོམ་འཐོན་ཚུགས་ཟེར་ ཡེ་ཤེས་དཔལ་སྒྲོན་གྱིས་ སླབ་ཨིན་པས།
ལས་རིམ་གྱི་ དམིགས་ཡུལ་གཙོ་བོ་ར་ ཁོང་གི་ལྕོགས་གྲུབ་ཚུ་ ངོས་འཛིན་འབད་དེ་ སྦྱོང་བརྡར་བྱིན་ཞིནམ་ལས་ བརྡ་དོན་འཕྲུལ་རིག་གི་ འགོ་དཔོན་ཚུ་གིས་ བརྡ་དོན་འཕྲུལ་རིག་གི་ལཱ་དང་ འགན་ཁུར་གཞན་ཚུ་ འབག་ཚུགས་པའི་རེ་བ་ཨིན་ཟེར་ བརྡ་དོན་འཕྲུལ་རིག་གི་གཙོ་འཛིན་ ཀརྨ་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment