གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནོར་ཝེ་ རྒྱལ་སྤྱི་གོང་འཕེལ་བློན་པོ་གིས་ བློན་ཆེན་དང་མཇལ་ཕྲད།

༡༦/༡༠/༢༠༡༢   ༉ འགྱུར་བ་ཅན་གྱི་འཛམ་གླིང་ནང་ འབྲུག་དང་གཞན་རྒྱལ་ཁབ་༡༠ གྱི་ ཕོ་མོ་དང་ ཡུན་བརྟན་གོང་འཕེལ་ཞལ་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ འབྲུག་ལུ་ལྷོད་ཡོད་མི་ ནོར་ཝེ་གི་ རྒྱལ་སྤྱི་གོང་འཕེལ་བློན་པོ་ ཧཱི་ཀི་ཧོ་ལམསི་གིས་ རྒྱལ་ཡོངས་ཚོགས་ཁང་ནང་ལུ་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་འཕྲད་གནང་ནུག།
རྒྱལ་སྤྱི་གོང་འཕེལ་བློན་པོ་ ཧཱི་ཀི་ཧོ་ལམསི་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག།


ནོར་ཝེ་གི་ འཐུས་མི་འགོ་དཔོན་༡༡ དབུ་ཁྲིད་འབད་དེ་ འབྲུག་ལུ་ལྷོད་མི་བློན་པོ་གིས་ བློན་ཆེན་མཆོག་ལུ་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ལུ་ ངལ་རངས་དང་ ཡིད་ཆེས་ཡོད་ལུགས་ཚུ་ ཞུ་ཡོདཔ་མ་ཚད་ ཡུན་བརྟན་གོང་འཕེལ་དེ་ ཁོ་གི་དམིགས་འཆར་ལས་འབད་རུང་ གལ་ཅན་སྦེ་ བརྩི་འཇོག་གི་ཆ་གནས་ཐོག་ གཙོ་རིམ་ཅན་གྱི་དོན་ཚན་ཅིག་ཨིན་ཟེར་བཀོད་ཡོདཔ་ཨིན་པས།
མཐའ་འཁོར་གནས་སྟངས་ཉེན་སྲུང་ལྡན་པའི་ ནུས་ཤུགས་དང་འབྲེལ་བའི་ གསུང་གྲོས་བྱུང་མིའི་ནང་ བློན་པོ་ ཧོ་ལམསི་གིས་འབད་བ་ཅིན་ ནོར་ཝེ་གིས་ སྤྱིར་བཏང་ འབྲུག་གི་ལྟ་བ་དང་མཐུན་པའི་ གྲོགས་རམ་དང་ མཉམ་འབྲེལ་གྱི་རྒྱབ་སྐྱོར་འབད་ཚུགས་མི་དེ་ལུ་ ངལ་རངས་ཀྱི་དགའ་སྤྲོ་སྦོམ་ཡོད་ཟེར་ཨིན་པས།
འབྲུག་གི་ མི་རྗེ་བློན་ཆེན་མཆོག་གིས་ཡང་ ནོར་ཝེ་གི་ རྒྱལ་སྤྱི་གོང་འཕེལ་བློན་པོ་དང་ འཐུས་མི་ཡོངས་ཀྱིས་ འབྲུག་ལུ་འོང་མི་དེ་ལུ་ ངལ་རངས་ཀྱི་ལེགས་སོ་ཞུཝ་དང་འབྲེལ་ རྒྱལ་ཁབ་༢ ཀྱི་བར་ན་ མཐའ་འཁོར་ཉེན་སྲུང་དང་ལྡན་པའི་ ནུས་ཤུགས་གོང་འཕེལ་དང་ གཞན་ཡང་ གློག་མེ་དང་ ཡིག་ཚང་ཁག་གི་ དངོས་ལྟར་ལག་ལེན་དང་འབྲེལ་བའི་ ལྕོགས་གྲུབ་ཡར་སེང་གི་གནད་དོན་ཚུ་ནང་ མཐུན་ལམ་ དམ་ཟབ་གནས་ཚུགས་མི་དེ་ལུ་ ཡིད་ཆེས་དང་ ངལ་རངས་ཀྱི་བཀའ་དྲིན་དགའ་ཚོར་ཚུ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ད་ལས་ཕར་ ད་རུང་ ནུས་ཤུགས་ཀྱི་གོ་སྐབས་གཞན་ཡང་ བལྟ་ཞིབ་འབད་ནི་གི་གསུངས་གྲོས་ཚུ་ གནང་ཡོདཔ་མ་ཚད་ ཞལ་འཛོམས་དང་འབྲེལ་བའི་ གནད་དོན་ནང་ ནོར་ཝེ་གིས་ ཁོང་རའི་མི་སེར་གྱི་ ཕན་བདེའི་མཐའ་དོན་གྱི་ཕྱག་ལཱ་ཚུ་ གྲུབ་འབྲས་ཅན་གྱི་གནས་ཚད་ཁར་ ཡོད་མི་དེ་གིས་ ཞལ་འཛོམས་དང་འབྲེལ་བའི་གནས་རིམ་ནང་ཡང་ ལྷན་ཐབས་སྦོམ་བྱུང་ཚུགས་པའི་འོས་འབབ་ཡོད་ཟེར་ བློན་ཆེན་མཆོག་གིས་གསུངས་ཡོདཔ་ཨིན་པས།
བློན་པོ་ ཧཱི་ཀི་ ཧོ་ལམསི་དང་གཅིག་ཁར་ འབྲུག་གི་དོན་ལུ་ ནོར་ཝེ་གི་དོན་གཅོད་སྐུ་ཚབ་ ཨི་བིནཌ་ ཧཱོ་མི་དང་ འབྲུག་ལུ་ ནོར་ཝེ་དོན་གཅོད་སྐུ་ཚབ་བགྲེསཔ་ ཨམ་ ཨེན་ཨོ་ལིསི་ཊཌ་༢ ཡང་ཡོདཔ་ཨིན་པའི་གནས་ཚུལ།

རྩིམ་འབྲི་ལས་བྱེདཔ།

No comments:

Post a Comment