གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་སློབ་ཕྲུག་༣ གྱིས་ གསེར་གྱི་རྟགས་མ་ཐོབ་ཡོདཔ།

༡༩/༡༠/༢༠༡༢   ༉ འབྲུག་གི་མཐོ་རིམ་སློབ་ཕྲུག་༣ ལུ་ རང་སོའི་གཙུག་ལག་སློབ་སྡེ་ཚུ་གིས་ གཟེངས་ཐོན་རྟགས་མ་ཚུ་ བྱིན་ཡོདཔ་བཞིན་དུ་ ཁ་ཙ་ ཤེས་རིག་ལྷན་ཁག་གིས་ ཁོང་གི་ ཤེས་ཡོན་གྲུབ་འབྲས་ལེགས་ཐོན་གྱི་ ངོས་ལེན་གནང་ཡི།


དེ་ཡང་ འཆི་མེད་རྡོ་རྗེ་གིས་ རྒྱ་གར་ཧའི་ད་ར་བཱད་ལུ་ ནཱལ་སར་ཁྲིམས་དོན་གཙུག་ལག་སློབ་སྡེའི་ནང་ ཁྲིམས་ཀྱི་མཐོ་རིམ་ཤེས་ཚད་དང་་ ཚེ་རིང་སྒྲོལ་དཀར་གྱིས་ ཨཱསི་ཊ་ལི་ཡ་ ནིའུ་ས་འུཐ་ཝེལསི་ལུ་ འོ་ལོང་གོང་གཙུག་ལག་སློབ་སྡེ་ལས་ ཆོས་རྩིས་ནང་ ཚན་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་མ་ཚད་ ཆོས་སྐྱིད་ཀྱིས་ རྒྱ་གར་ནག་པུར་ལུ་ གཞུང་གི་སོ་རིག་མཐོ་རིམ་སློབ་གྲྭ་ལས་ སོའི་གཤག་བཅོས་རིག་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
ཁོང་གིས་ རྒྱ་གར་གཞུང་དང་ འབྲུག་གཞུང་གི་ སློབ་གཉེར་གྲོགས་རམ་ཐོག་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ཡོདཔ་ད་ ཁྱེད་ཆ་ཁྱབ་ཀྱིས་ གྲུབ་འབྲས་ལེགས་ཐོན་ཐོག་ ཤེས་རིག་ལྷན་ཁག་ལུ་རྐྱངམ་གཅིག་མིན་པར་ ཁྱེད་རའི་ཕམ་ཚུ་དང་ རྒྱལ་ཁབ་ལུ་ དཔའ་ཉམས་བསྐྱེད་ཚུགས་པའི་ མིང་གཏམ་ཐོན་མི་ལུ་ ཡིད་ཆེས་ངལ་རངས་སྦོམ་ཡོད་ཟེར་ ཤེས་རིག་བློན་པོ་ ཋ་ཀུར་སིང་ པའུ་ཌེལ་གྱིས་ གཟེངས་བསྟོད་རྟགས་མ་ཐོབ་མི་ཚུ་ལུ་གསུངས་ཡི།
མཐོ་རིམ་ཆོས་རྒྱུགས་ནང་ལས་ སྐུགས་བརྒྱ་ཆ་༧༢ ཐོབ་མི་ འཆི་མེད་རྡོ་རྗེ་གིས་ ལས་འཛིན་དང་འབྲེལ་བའི་ཁྲིམས་ནང་ སློབ་ཕྲུག་དྲག་ཤོས་ཐོན་པའི་ ངོས་འཛིན་ལུ་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ད་ ཚེ་རིང་སྒྲོལ་དཀར་གྱིས་ སྐུགས་བརྒྱ་ཆ་༧༨ ཐོབ་སྟེ་ སློབ་ཕྲུག་དྲག་ཤོས་༥ གི་གྲངས་སུ་ཚུདཔ་ལས་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།
དེ་ལས་ ཆོས་སྐྱིད་ཀྱིས་ སོ་བཅོས་རིག་པའི་ནང་ སྐུགས་བརྒྱ་ཆ་༦༨ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ལས་ གསེར་གྱི་རྟགས་མ་ཐོབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment