གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུའི་ཨའི་ཚུ་ ལོ་༢ མེན་པར་ ཟླཝ་༦ ཁྱིམ་ནང་ལས་ ལཱ་འབད་ཆོགཔ།

༡༩/༡༠/༢༠༡༢   ༉ རྐང་འགྲུལ་པའི་ཉིན་མར་ ཨ་ལུ་ལུ་ ཨོམ་བྱིན་མི་ཨའི་ཚུ་ ཁྱིམ་ནང་ལས་ ལོ་༢ ཚུན་མེན་པར་ ཟླཝ་༦ གི་རིང་ ལཱ་འབད་ཆོག་ཟེར་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དོགས་སེལ་འབདཝ་ཨིན་པས།
དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ལྷན་ཁག་དང་ ལས་ཁུངས་ཆ་མཉམ་ལུ་ ཨ་ལུ་ལུ་ ཨོམ་བྱིན་མི་ ཨའི་ཚུ་ལུ་ ཁྱིམ་ནང་ལས་ ལཱ་འབད་ནི་གི་ ལྷན་ཐབས་འབད་དགོ་པའི་ བཀའ་རྒྱ་ཅིག་བཏོན་ཏེ་ ཟླཝ་༡ ལྷགཔ་ཅིག་ སོང་པའི་ཤུལ་ལས་ དོགས་སེལ་གྱི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།



ད་རེས་ནངས་པ་ ལྷན་ཁག་དང་ ལས་ཁུངས་ལེ་ཤ་ཅིག་གིས་ ཨའི་ཚུ་ལུ་ ཨ་ལུའི་ཨོམ་བྱིན་ནིའི་ ཕན་ཐབས་ལུ་ གཞུང་གི་གྲོས་ཆོད་དེ་ ལག་ལེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ འགོ་ཐོག་སྐབས་ ལོ་༢ ཚུན་ཨིནམ་སྦེ་ གོ་བ་ལེན་མི་དེ་ བརྡ་ལོག་སོང་ནུག་ཟེར་ ད་ལྟོ་ གཞུང་གི་ཡིག་ཚང་ཆ་མཉམ་ལུ་ བཀྲམ་དོ་ཡོད་མི་ ཡིག་ཚང་བཀའ་ཚུ་ནང་ གསལ་བཀོད་འབད་ནུག།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ རྨས་སྐྱེས་དང་ ཨ་ལུ་ཆུང་ཀུ་ཚུ་ལུ་ ཨའི་གི་ཨོམ་བྱིན་དགོ་པའི་ སྲིད་བྱུས་ནང་ ཨ་ལུ་ཆ་མཉམ་ར་ ཟླཝ་༦ ཚུན་ ཨའི་གི་ཨོམ་དེ་ར་ བྱིན་དགོ་པའི་ཁར་ དེ་གི་ཤུལ་ལས་ ཨ་ལུ་ལོ་༢ མ་ལང་ཚུན་ཚོད་ འཕྲོ་མཐུད་དེ་ར་ ཨའི་གི་ཨོམ་བྱིན་དགོཔ་སྦེ་ གསལ་བཀོད་འབད་དེ་འདུག་ཟེར་ཨིན་པས།
གཞུང་གིས་ སྲིད་བྱུས་དེ་ལུ་ གཞི་བཞག་སྟེ་ གྲོས་ཐག་བཅད་ཡོད་རུང་ མི་མང་གིས་ དུས་ཡུན་ལོ་༢ སྦེ་ གོ་བ་བརྡ་ལོག་ལེན་ཡོདཔ་ལས་ ལོ་༢ མེན་པར་ ཟླཝ་༦ ཚུན་ ཁྱིམ་ནང་ལཱ་འབད་ཆོག་ཟེར་ ང་བཅས་ཀྱིས་ དྲུང་ཆེན་གནས་རིམ་ནང་ དོགས་སེལ་འབད་ཡི་ཟེར་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཨིན་རུང་ ལྷན་ཁག་གི་ མགྲིན་ཚབ་མང་ཤོས་ཅིག་གིས་ར་ ལྷན་རྒྱས་གཞུང་ཚོགས་ཀྱི་ དོགས་སེལ་བཀའ་རྒྱའི་སྐོར་ ཤེས་རྟོགས་མ་བྱུང་པར་ཡོདཔ་ད་ ཤེས་རིག་དྲུང་ཆེན་ སངས་རྒྱས་བཟངམོ་གིས་འབད་བ་ཅིན་ ཨ་ལུ་ལུ་ཨོམ་བྱིན་མི་ ཨའི་ཚུ་ལུ་ ག་དེ་སྦེ་ ཕན་ཐབས་འབད་ནི་ཨིན་ན་དང་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ལུ་ ཐོ་མ་ཕོགཔ་འབད་ནི་གི་ ཐབས་ལམ་བཏོན་ནིའི་དོན་ལས་ རྫོང་ཁག་ཚུ་དང་ གྲོས་བསྡུར་འབད་བའི་བསྒང་ར་ཡོད་ཟེར་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment