གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་ གླ་འཁོར་དེད་གཡོགཔ་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་ཡོདཔ།

༩/༡༠/༡༢། ༉ སྤྱི་ཟླ་༡༠ པའི་ཚེས་༢༢ གི་ཕྱི་རུ་ གསར་སྤང་ལས་ དགེ་ལེགས་ཕུག་ལུ་འོང་པའི་ལམ་ཁར་ བཙན་ཁྲིད་འབད་མི་ གླ་འཁོར་དེད་གཡོགཔ་དེ་ འཚོལ་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཨ་སམ་གྱི་ འགོ་འཛིན་ཚུ་ལས་ རྒྱབ་སྐྱོར་ལེན་ཐོག་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་དོ་ཟེར་ བཤདཔ་ཨིན་རུང་ དེད་གཡོག་པའི་ ཨམ་སྲུ་གིས་འབད་བ་ཅིན་ འཚོལ་ཐབས་ཀྱི་དོན་ལུ་ མོ་ལུ་ ལམ་སྟོན་འབད་མི་ཅིན་འཐོན་རུང་ བཏུབ་ནི་མས་ཟེར་ སླབ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ དེད་གཡོགཔ་དེ་ ད་ལྟོ་ ག་ཏེ་ཡོདཔ་ཨིན་ན་ ལོ་རྒྱུས་ཚུ་ མེདཔ་ཨིན་པས།

དེད་གཡོགཔ་དེ་ དེ་ཚེ་ཕྱི་རུ་ དམག་གོ་ཁྲ་བོ་གྱོན་མི་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ ལམ་ཁར་རྡོ་དང་ཤིང་ཚུ་གིས་ འཁོར་ལམ་བསུབས་ཏེ་ སྣུམ་འཁོར་མ་ཐལཝ་བཟོ་ཞིནམ་ལས་ བཙན་ཁྲིད་འབད་ཡོདཔ་ཨིན་པས།


དེད་གཡོག་པའི་ ཨམ་སྲུ་གིས་ སླབ་མིའི་ནང་ མོ་གི་བུམོ་དེ་གིས་ ཨ་རྟག་ར་ ཨ་པ་ག་ཏེ་ཡོདཔ་སྨོ་ཟེར་ དྲི་དཔྱད་འབདཝ་ད་ ད་ཚུན་ ཤོབ་རྐྱབ་སྟེ་ར་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།


སྐྱེས་ལོ་༩ ལང་མི་བུམོ་དེ་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་ཆུང་བའི་ སློབ་རིམ་༣ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ མོ་གིས་ཨ་པ་གཡུས་ཁར་སོང་ཡོདཔ་ལས་ འཕྲལ་ར་ ལོག་འཐོན་འོང་ཟེར་ སླབ་བཞག་ཅི་ཟེར་ བཤདཔ་ཨིན་པས།


སྐྱེས་ལོ་༢༨ ལང་མི་ དེད་གཡོག་པའི་ ཨམ་སྲུ་དེ་ མོ་རའི་ རྨགཔ་དང་གཅིག་ཁར་ འཇིགས་མེད་ཆོས་གླིང་ལུ་ སྡོད་དོ་ཡོདཔ་ད་ ད་རེས་ རྨགཔ་བཙན་ཁྲིད་ཐོག་ གར་སོང་མེད་པར་ བྱང་གཏོར་ཤོར་བའི་ཤུལ་ལུ་ མོ་རའི་ ཕམ་ཚུ་དང་གཅིག་ཁར་ བུར་ལུ་ སྡོད་དོ་ཡོདཔ་ཨིན་པས།


ཨམ་སྲུ་དེ་གིས་ སླབ་མིའི་ནང་ འདས་པའི་ཉིནམ་༡ དེ་ཅིག་གི་ཧེ་མར་ མོ་གི་རྨགཔ་གི་ འགྲུལ་འཕྲིན་མོ་བཱ་ཡལ་ནང་ འགྲུལ་འཕྲིན་བཏངམ་ད་ འགྲུལ་འཕྲིན་འགྱོཝ་མས་ཟེར་ཨིནམ་ད་ དབང་འཛིན་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ རྗེས་དཔྱད་འབད་ཚུགས་པའི་ ཐབས་ཤེས་ཅིག་ཡོད་རུང་ བཏུབ་པས་ཟེར་ སླབ་ཨིན་པས།


དགེ་ལེགས་ཕུག་གི་ གླ་འཁོར་ཚོགས་པའི་འཐུས་མི་ བི་བི་ བུ་ཇེལ་གྱིས་ སླབ་མིའི་ནང་ ཁོང་གིས་ བཙན་ཁྲིད་འབད་མི་ཚུ་གིས་ དགོས་མཁོ་བཀོད་ཐོག་ལས་ འགྲུལ་འཕྲིན་གཏང་ནི་འོང་ཟེར་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ འཕྲལ་ཁམས་ གནམ་ཐང་འགོ་འབྱེད་ཀྱི་དོན་ལུ་བྱོན་མི་ བློན་ཆེན་མཆོག་ལུ་ཡང་ གནད་དོན་དེ་ལུ་ གཟིགས་ཞིབ་གནང་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།


ཁོ་གིས་སླབ་མིའི་ནང་ ཁོང་ཆ་རོགས་ཚུ་གིས་ གཞན་འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ ཁོང་གི་ཆ་རོགས་དེ་ གནས་སྟངས་ལེགས་ཤོམ་ཐོག་ར་ ཡོད་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།


ཁྲིམས་དོན་བཀོད་འཛིན་གྱི་མདོ་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གིས་ གོ་ཧཱ་ཊི་གི་ དབང་འཛིན་ཚུ་དང་ འབྲེལ་གཏུགས་འབད་དེ་ གྲོགས་རམ་ཚུ་ལེན་ཡོདཔ་མ་ཚད་ གོ་ཧཱ་ཊི་གི་ དབང་འཛིན་ཚུ་གིས་ གནད་དོན་དེ་ལུ་ གཙོ་རིམ་བྱིན་ཐོག་ལས་ ག་དེ་དྲག་དྲག་ གྲོགས་རམ་འབད་ནི་གི་ ཁས་ལེན་འབད་ཡི་ཟེར་ཨིན་པས།


ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་འབད་བ་ཅིན་ རྒྱ་གར་གྱི་ ས་མཚམས་སྲུང་སྐྱོབ་ཀྱི་ དམག་སྡེ་ཚུ་ལས་ཡང་ མཉམ་འབྲེལ་རོགས་རམ་ཚུ་ ལེན་ཡོདཔ་བཞིན་དུ་ ས་མཚམས་བདའ་སྟེ་ རྒྱ་གར་གྱི་ སྲུང་སྐྱོབ་དམག་སྡེ་ཚུ་ཡང་ དེད་གཡོགཔ་དེ་ འཚོལ་ནིའི་་དོན་ལུ་ གཞི་བཙུགས་འབད་ཡི་ཟེར་ སླབ་ཨིན་པས།


དེ་མ་ཚད་ རྒྱ་གར་ཨ་སམ་ ཀོག་ར་ཇཱར་རྫོང་ཁག་གི་ ཁྲིམས་སྲུང་འགག་པའི་ གཙོ་འཛིན་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ རྒྱབ་སྐྱོར་ཚུ་ཡང་ ལེན་ཏེ་ཡོད་ཟེར་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment