གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེན་ཅན་ས་ཁོངས་ཚུ་ནང་ སྔོན་བཤད་ལམ་ལུགས་ཚུ་ གཞི་བཙུགས་འབད་ནི།

༡༩ཨ༡༠/༢༠༡༢   ༉ ཁ་ཙ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཇའི་ཀ་གི་ ཞིབ་འཚོལ་སྡེ་ཚན་གྱི་མདོ་ཆེན་ ཤཱི་རོ་ ན་ཀ་སོ་ནི་དང་ ཆུ་བརྟག་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ཚེ་རིང་གིས་ ཇའི་ཀ་དང་ ཆུ་བརྟག་ལས་ཁུངས་༢ ཀྱི་བར་ནའི་ ལས་འགུལ་གྱི་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཅི།
ཇའི་ཀ་གི་ ཞིབ་འཚོལ་མདོ་ཆེན་ ཤཱི་རོ་ ན་ཀ་སོ་ནི་དང་ ཆུ་བརྟག་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ཚེ་རིང་གིས་ ཆིངས་ཡིག་བརྗེ་སོར་འབད་བའི་བསྒང་།


ལས་འགུལ་དེ་ ཆུ་བརྟག་ལས་ཁུངས་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་༢ ཀྱི་བར་ན་ ལོ་༥ འི་འཆར་གཞི་༡༡ པའི་ནང་ ལོ་༣ གྱི་མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ནི་ཨིན་པས།
ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་གིས་ རྒྱལ་ཁབ་ནང་ མཚོ་རྦད་དེ་ ཆུ་རུད་འཐོན་ནི་དང་ ཆར་རླུང་གི་ སྔོན་བཤད་འབད་ནི་ ཉེན་བརྡའི་ལམ་ལུགས་ཚུ་ གཞི་བཙུགས་དང་ ཡར་དྲག་གཏང་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ནི་ཨིན་པས།
ཆུ་བརྟག་ཞབས་ཏོག་ལས་རིམ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་འགུལ་དེ་ལུ་བརྟེན་ འབྲེལ་ཡོད་ལས་སྡེ་ཚུ་གིས་ གློ་བུར་གྱི་ གནས་ཚུལ་ཚུ་ ཧ་གོ་ཚུགས་ནི་དང་ རྒྱལ་ཡོངས་ནང་འཁོད་ལུ་ གནམ་གཤིས་ཀྱི་ ཤུགས་ཚད་དང་ ཆུ་རུད་ཀྱི་སྔོན་བཤད་ འཚོ་རྦད་དེ་ ཆུ་རུད་ཐོན་པའི་སྐབས་ཀྱི་ ཉེན་བརྡའི་ལྟེ་བ་ ཆར་རླུང་གི་ཉེན་ཁའི་ ཞབས་ཏོག་ཚུ་ བྱིན་ཚུགས་ནི་ཨིན་པས།
ད་ལྟོ་ཚུན་ འབྲུག་རྒྱལ་ཁབ་ནང་ གནམ་གཤིས་དང་ ཆུ་རུད་སྔོན་བཤད་ཀྱི་ ལྟེ་བ་སྒྲིང་སྒྲིང་མེད་ཟེར་ བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་བརྟག་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
རྒྱལ་ཡོངས་གནམ་གཤིས་དང་ ཆུ་རུད་སྔོན་བཤད་ཉེན་བརྡ་ལྟེ་བ་ གཞི་བཙུགས་འབད་བའི་ཤུལ་ལུ་ གནས་ཚུལ་ཚུ་ བརྟན་ཏོག་ཏོ་སྦེ་ ཧ་གོ་ཚུགས་ནི་ཨིན་པས།
མང་སྡེ་ཆུ་དང་ ལྕམ་མཁར་ཆུ་བདའ་སྟེ་ ཉེན་བརྡའི་ལམ་ལུགས་ གཞི་བཙུགས་འབད་མི་དེ་གིས་ ཀྲོང་གསར་དང་ བུམ་ཐང་ གཞལམ་སྒང་གི་ མི་སྡེ་ཚུ་ལུ་ ཆུ་རུད་འཐོན་ནི་དང་ ཆར་རླུང་གི་ ཉེན་སྐྱོབ་འབད་ཚུགས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཀྲོང་གསར་དང་ བུམ་ཐང་ལུ་ཡང་ མཚོའི་ཉེན་ཁ་ཡོད་མི་༢༥ གི་གྲངས་སུ་ཨིནམ་ལས་ ཉེན་བརྡའི་ལམ་ལུགས་ཚུ་ གཞི་བཙུགས་འབད་དགོཔ་ ངེས་བདེན་འདུག་ཟེར་ཨིན་མས།
རྐྱེན་ངན་ཚུ་ བཀག་མ་ཚུགས་རུང་ དེ་ལུ་བརྟེན་པའི་ བརླག་སྟོར་དང་ ཉེན་ཁ་ཚུ་ མར་ཕབ་འབད་ཚུགས་ནི་དེ་ ལས་འགུལ་གྱི་ དམིགས་ཡུལ་གཙོ་བོ་ཅིག་ཨིན་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ཇའི་ཀ་གིས་ འོས་འབབ་བརྟག་དཔྱད་དང་ ལས་འགུལ་བཟོ་བཀོད་ཀྱི་དོན་ལུ་ ཞིབ་འཚོལ་སྡེ་ཚན་ཅིག་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment