གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ལཱ་ཚུ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༢༢/༡༠/༢༠༡༢   ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་ཅིག་ཨིནམ་སྦེ་ ཁྲིམས་མཐུན་ངོས་ལེན་གྲུབ་སྟེ་ ཟླཝ་༢ དེ་ཅིག་ མ་ལངམ་ལས་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ སང་ཕོད་ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཧ་ལམ་ གྲ་སྒྲིག་འགྱོ་དོ་ཡོདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ཚེ་རིང་སྟོབས་རྒྱས།


མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོང་གི་ ཚོགས་པའི་སྡོད་ཁྲི་ཚུ་ མགྱོགས་དྲགས་སྦེ་ ས་སྟོང་བསུབ་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ཀྱི་ བཙག་འཐུའི་ནང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྡོད་ཁྲི་༢ ལས་བརྒལ་ ཐོབ་མ་ཚུགས་མི་ ཚོགས་པའི་འཐུས་མི་༢ མ་གཏོགས་ འདེམས་ངོ་གཞན་ མཐོང་གསལ་མ་བྱུངམ་ཨིན་པས།
དེ་འབདཝ་ལས་ ལྡོག་ཕྱོགས་འཐུས་མི་༢ མ་རྩིས་བར་ ཚོགས་པ་གིས་ འདེམས་ཁོངས་༤༥ གི་ འདེམས་ངོ་ཚུ་ འཚོལ་དགོཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ འགོ་ཐོག་སྐབས་ ད་ལྟོའི་སྤྱི་ཚོགས་ཀྱི་ གནས་ཡུན་ཚང་སྟེ་ གནས་སྐབས་གཞུང་གཞི་བཙུགས་འབདཝ་ད་ ཚོགས་པའི་ལཱ་ཚུ་ ཤུགས་ལང་ནི་དང་ ཟླཝ་དག་པ་ཅིག་གི་ཧེ་མར་ འདེམས་ངོ་ཚུ་ གཏན་འཁེལ་བཟོ་ནི་སྦེ་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
འདི་འབདཝ་ལས་ ང་བཅས་ཀྱིས་ ཧེ་མར་ ཚོགས་པའི་ལཱ་གངམ་མ་འབད་རུང་ འདས་པའི་ཟླཝ་༣ ནང་ བྱ་ཐབས་མེད་པར་ ལཱ་འབད་དགོཔ་ ཐོན་སོ་ཡི་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
ཚོགས་པའི་ལཱ་འབད་ནི་ འགོ་བཙུགསཔ་དང་གཅིག་ཁར་ འདེམས་ངོ་ཚུ་གི་དོན་ལས་ སྡོད་ཁྲི་ཚུ་ཡང་ ག་དེ་མང་མང་ སྒོ་ཡངས་སྦེ་ བཞག་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ ཚོགས་པའི་གཙོ་འཛིན་གྱིས་ བཤད་པའི་ཁར་ འདི་བཟུམ་མའི་ གདམ་ཁ་བཞག་མི་དེ་ཡང་ ཤེས་ཡོན་ཅན་གྱི་ འདེམས་ངོ་ཚུ་ འོང་ནི་དང་ ཡང་ཅིན་ ཨམ་སྲུ་འདེམས་ངོ་མངམ་སྦེ་ འཐོན་བཅུག་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ འདེམས་ངོ་ག་དེམ་ཅིག་ གཏན་འཁེལ་བཟོ་ནི་ཨིན་ན་དང་ སྡོད་ཁྲི་ག་དེམ་ཅིག་ སྒོ་ཡངས་ཐོག་ བཞག་ནི་ཨིན་ནའི་ གནས་སྟངས་གུ་ ལྷོད་དེ་ཡོད་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ ཚོགས་པའི་ལཱ་འབད་མི་ཚུ་གི་ཐད་ལུ་ ད་ལྟོ་ ཕྱིར་འགྱངས་སྦེ་ བཞག་ནི་ཟེར་ སླབ་ཨིན་པས།
ད་རུང་ ཚོགས་པ་གིས་ ཁོང་རའི་ སྲིད་བྱུས་མ་འདྲཝ་ཚུ་གི་སྐོར་ལས་ ལཱ་འབད་དོ་ཟེར་ཨིནམ་ད་ ཚོགས་པའི་དབུ་ཁྲིད་ཀྱི་ཐད་ལུ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལྕོགས་གྲུབ་ཡོད་མི་ག་འབད་རུང་ འཐོན་པ་ཅིན་ ཁོ་ར་ སྤྲོ་བའི་ཐོག་ལས་ རྒྱབ་བཤུད་རྐྱབ་ཆོག་ཆོ་ཡོད་ཟེར་ཨིན་པས།
ད་ལྟོ་ ཁོ་ར་ བཙག་འཐུ་གྲུབ་པའི་ ཚོགས་པའི་འགོ་ཁྲིདཔ་འབད་བ་ལུ་བརྟེན་ ང་གིས་ ཚོགས་པའི་གཙོ་འཛིན་གྱི་ འགན་ཁུར་ཚུ་ འགྲུབ་དགོ་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ནང་ ཐིམ་ཕུ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ལྷན་འཛོམས་༢ པ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་༡༣༤ བཙུགས་ས་ལས་ རྒྱན་གྲངས་༡༣༡ ཐོབ་མི་དང་བསྟུན་ ཚེ་རིང་སྟོབས་རྒྱས་དེ་ མི་སེར་དམངས་གཙོའི་ཚོགས་པའི་ གཙོ་འཛིན་སྦེ་ བཙག་འཐུ་གྲུབ་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment