ཨེན་ཊི་ཊི་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་ཕོག་མི་ལུ་ དགའ་ཚོར་སྐྱེད་པའི་བསྒང་། |
ཉིན་མ་ལྟོ་མ་ཟ་བའི་ཧེ་མར་ ཨེན་ཊི་ཊི་སྡེ་ཚན་གྱིས་ སྐུགས་༡ ཆོད་ཡོདཔ་ད་ དེ་གི་སྐབས་ ཕུན་སུམ་སྡེ་ཚན་གྱིས་ སྐུགས་༡ ཡང་ཐོབ་མ་ཚུགསཔ་མ་ཚད་ ལྟོ་ཟ་ཞིནམ་ལས་ལོག་ འཕྲོ་མཐུད་ཀྱི་ རྩེད་འགྲན་ནང་ སྡེ་ཚན་༢ ཆ་ར་གིས་ རྩ་འགེངས་ཏེ་ རྩེད་འགྲན་འབད་ཡོདཔ་ཨིན་རུང་ ཉིནམ་གཅིག་གི་དབང་ཐང་རླུང་རྟ་ལུ་བརྟེན་ ཨེན་ཊི་ཊི་སྡེ་ཚན་གྱིས་ ད་རུང་ སྐུགས་༢ པམ་དེ་ཡང་ ཆོད་དེ་ རྒྱལ་ཁ་ཐོབ་ཅི།
ལྟདམོ་བལྟ་མི་ཚུ་གི་མཐོང་སྣང་ལུ་ རྩེད་འགྲན་དེ་ དོ་འགྲན་ཅན་ཅིག་སྦེ་ མཐོང་ཡོདཔ་བཞིན་དུ་ སྡེ་ཚན་གཉིས་ ག་གིས་རྒྱལ་ཁ་ཐོབ་འོང་ག་ཟེར་ སྤྲོ་བའི་སྒོ་ལས་ ལྟདམོ་ལྟ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༠ ལུ་ མཐའ་བཅད་འགྲན་བསྡུར་ འོག་མ་གཉིས་པའི་ནང་ གཟིམ་སྒྲ་དང་ ཀོ་ཌི་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ལས་ རྩེད་འགྲན་འདི་ནང་ལས་ ག་གིས་རྒྱལ་ཁ་ཐོབ་མི་དེ་གིས་ མཐའ་བཅད་འགྲན་བསྡུར་ནང་ ཨེན་ཊི་ཊི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
དུས་ཅི་ སྤྱི་ལོ་ ༢༠༡༢ ཀྱི་ཁྲི་མངའ་གསོལ་རྒྱལ་རྟགས་ཀྱི་མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༡༡ པའི་ཚེས་༡ ལུ་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
སངས་རྒྱས་དཔལ་འབྱོར།
No comments:
Post a Comment