གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གློག་བརྙན་ཚོགས་པ་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལས་ རྒྱལ་ཁ་ཐོབ་ཡོདཔ།

༣༡/༡༠/༢༠༡༢   ༉ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ཀོལ་བཱར་འཛིན་སྐྱོང་གིས་ འགོ་འདྲེན་འཐབ་མི་ ལས་ཁུངས་ཁག་གི་ རྩེད་འགྲན་འཕྲོ་མཐུད་འབད་མིའི་ནང་ ཁ་ཙ་ འབྲུག་གློག་བརྙན་ཚོགས་པ་གིས་ གཱོལ་༦ བཙུགས་ཏེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལས་ རྒྱལ་ཁ་ཐོབ་ཅི།
རྒྱལ་ཡོངས་ཁྱིམ་བཟོ་(ཁེན་འཇར་ལྕང་ཁ)དང་ འབྲུག་གློག་བརྙན་ཚོགས་པའི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༥ གི་ནང་འཁོད་ལུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ ལས་འཛིན་གྱིས་ གཱོལ་༡ བཙུགས་པའི་ཤུལ་ལུ་ ལྟདམོ་བལྟ་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རིས་ཀྱི་རྩེད་འགྲན་ནང་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ ལས་འཛིན་གྱིས་ རྒྱལ་ཁ་ཐོབ་ནི་བཟུམ་ཅི་འདུག་ཟེར་ སླབ་ཐོག་ལས་ གྲོས་བསྟུན་འབད་སྡོད་ཡོདཔ་ཨིན་པས།
ཨིན་རུང་ དུས་ཡུན་སྐར་མ་༡༦ ལངམ་ད་ འབྲུག་གློག་བརྙན་ཚོགས་པ་གིས་ གཱོལ་༡ བཙུགས་ཏེ་ གཱོལ་རེ་རེ་འདྲན་འདྲ་བཟོ་ཡོདཔ་ལས་ རྩེད་འགྲན་དེ་དོ་འགྲན་ཅན་སྦེ་ རྩེད་དེ་ དུས་ཚོད་ག་དེ་སྦེ་རྫོགསཔ་ཨིན་ན་མ་ཤེས་པར་ བར་མཚམས་ངལ་གསོའི་དུས་ཚོད་ རན་ཡོདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་ཁ་ཐུག་ལས་ གཱོལ་༡ བཙུགས་ཞིནམ་ལས་ ལྟདམོ་བལྟ་མི་ཚུ་གིས་ སེམས་གྱུར་ཏེ་ ད་འབདན་རྩེད་འགྲན་དེ་ ག་གིས་རྒྱལ་ཁ་ཐོབ་འོང་ག་ཟེར་ སླབ་སྡོད་ཡོདཔ་ཨིན་པས།
དེ་ལས་ བར་མཚམས་ངལ་གསོའི་ཤུལ་ལས་ འབྲུག་གློག་བརྙན་ཚོགས་པ་གིས་ དུས་ཡུན་སྐར་མ་༤༧ དང་༥༣, ༦༣, ༦༩ དེ་ལས་ མཇུག་གི་གཱོལ་དེ་ སྐར་མ་༧༡ ལུ་བཙུགས་ཅི།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ཡང་ རྩེད་འགྲན་དེ་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་ཚུ་བཏོན་ཐོག་ལས་རྩ་འགེངས་ཏེ་ རྩེད་མི་ལུ་བརྟེན་ དུས་ཡུན་སྐར་མ་༧༥ དང་༧༦ ལུ་ གཱོལ་རེ་རེ་བཙུགས་ཡོདཔ་ཨིན་རུང་ དུས་ཚོད་ཚངམ་ད་ སྡེ་ཚན་དེ་གིས་ གཱོལ་ཡོངས་བསྡོམས་༣ ལས་བརྒལ་ བཙུགས་མ་ཚུགསཔ་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་ནང  ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ འབྲུག་ཉེན་བཅོལ་ཚད་འཛིན་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment