གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་དང་འབྲེལ་བའི་ གནས་ཚུལ་བསྡུ་ལེན་འབད་ཐངས་ཀྱི་སྦྱོང་བརྡར།

༡/༡༡/༢༠༡༢   ༉ འབྲུག་བརྡ་བརྒྱུད་སྤེལ་ཁང་གིས་ འབྲུག་བརྡ་བརྒྱུད་སྤེལ་ཁང་གི་ ཞལ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་༡༠ པའི་ཚེས་༢༩ ལས་༣༡ ཚུན་ ཉིན་གྲངས་༣ གྱི་རིང་ བཙག་འཐུའི་སྐབས་ སྲིད་དོན་དང་འབྲེལ་བའི་ གནས་ཚུལ་བསྡུ་ལེན་འབད་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
གནས་ཚུལ་བསྡུ་ལེན་པ་ཚུ་ སྦྱོང་བརྡར་འབད་བའི་བསྒང་།


སྦྱོང་བརྡར་ནང་ བརྡ་བརྒྱུད་ལས་སྡེ་ཁག་ཚུ་ལས་ མི་གྲངས་༡༧ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན།
བཙག་འཐུའི་སྐབས་ གནས་ཚུལ་བསྡུ་ལེན་འབདཝ་ད་ གནད་དོན་ཚུ་ ངོས་འཛིན་འབད་ནི་དང་ འདྲ་མཉམ་དང་དྲང་བདེན་གྱི་ཐོག་ལས་ གནས་ཚུལ་རྩོམ་འབྲི་འབད་ཐངས་ སྐྱོན་བརྗོད་སྤང་ཐངས་ དེ་ལས་ སྐུལ་བསྒྲགས་ཀྱི་གསལ་བཤད་ཚུའི་སྐོར་ལས་ གནས་ཚུལ་རྩོམ་འབྲི་འབད་ཐངས་དང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ བཙག་འཐུའི་བྱ་རིམ་གྱི་སྐོར་ལས་ བརྡ་དོན་སྤྲོད་ནི་ དམངས་གཙོའི་རིང་ལུགས་ཀྱི་ བཙག་འཐུ་ཚུ་ནང་ མི་མང་གི་བསམ་འཆར་བསྡུ་ལེན་འབད་ཐངས་ཚུ་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
དེ་མ་ཚད་ འདེམས་ངོའི་གཞི་ཁུངས་དང་ མ་དངུལ་གྱི་སྐོར་ལས་ ག་དེ་སྦེ་ འཚོལ་ཞིབ་འབད་དགོཔ་ཨིན་ན་དང་ བཙག་འཐུའི་གྲུབ་འབྲས་ཚུ་ དབྱེ་ཞིབ་འབད་དེ་ གནས་ཚུལ་བཀོད་ཐངས་ཚུའི་སྐོར་ལས་ སྟོན་ཡོདཔ་ཨིན་པས།
དེ་བཟུམ་གྱི་ སྦྱོང་བརྡར་བྱིན་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ མི་མང་གིས་ སྲིད་དོན་ཚོགས་པ་ཚུ་ ལེགས་ཤོམ་སྦེ་ ངོས་འཛིན་འབད་ཚུགསཔ་བཟོ་ཐབས་ལུ་ཨིནམ་ད་ གནས་ཚུལ་བསྡུ་བཀོད་འབད་མི་ཚུ་གིས་ ཕྱོགས་རིས་མེད་པར་ དྲང་བདེན་ཐོག་ལས་ གནས་ཚུལ་ཚུ་ བཀོད་དགོཔ་ཨིནམ་ ཤེས་ཚུགས་ནིའི་དོན་ལུ་ཨིན་ཟེར་ འབྲུག་བརྡ་བརྒྱུད་སྤེལ་ཁང་གི་ སྦྱོང་བརྡར་འགོ་འདྲེན་པ་ ཤི་བ་རཱཇ་ ཆི་ཏེ་རི་གིས་ སླབ་ཨིན་པས།
འབྲུག་བརྡ་བརྒྱུད་སྤེལ་ཁང་གི་མདོ་ཆེན་ པུཤ་པ་ ཆེ་ཏི་རི་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་གིས་ གནས་ཚུལ་བསྡུ་ལེན་པ་ཚུ་གི་  ལྕོགས་གྲུབ་དང་ རིག་རྩལ་ཚུ་ ཡར་དྲག་གཏང་ཚུགས་ནི་ཨིནམ་ལས་ ད་རུང་ དེ་བཟུམ་གྱི་ སྦྱོང་བརྡར་༣ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལྕོགས་གྲུབ་ཅན་གྱི་ གནས་ཚུལ་བསྡུ་ལེན་པ་ཚུ་ལུ་ ད་རིས་ཀྱི་ སྦྱོང་བརྡར་རྩིས་ཏེ་ སྦྱོང་བརྡར་ཁག་༣ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ གནས་ཚུལ་བསྡུ་ལེན་པ་ཚུ་ གྲ་སྒྲིག་ཐོག་ལུ་ཡོད་ཟེར་ མནོཝ་མས་ཟེར་ སླབ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མང་ཤོས་ར་ བརྡ་བརྒྱུད་ནང་གསརཔ་ཨིན་རུང་ སྲིད་དོན་དང་འབྲེལ་བའི་ བཙག་འཐུའི་བྱ་རིམ་གྱི་ གནས་ཚུལ་ཚུ་ བསྡུ་སྒྲིག་འབད་ནིའི་དོན་ལུ་ ཁྱད་རིག་དང་ རིག་རྩལ་མ་འདྲཝ་ ལེ་ཤ་ཐོབ་ཚུགས་ཅི་ཟེར་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ རྟ་འགྲིན་དབང་མོ་གིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ནང་ བཅའ་མར་གཏོགས་ཞིནམ་ལས་ ས་ཁོངས་དང་ གནས་སྟངས་དང་འཁྲིལ་ཏེ་ སྲིད་དོན་གྱི་ གནས་ཚུལ་བསྡུ་ལེན་འབད་ཐངས་དང་ འདེམས་ངོ་ཚུ་ལས་ བསམ་འཆར་ལེན་ཐངས་ དྲི་བ་བཀོད་ཐངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཅི་ཟེར་ཨིན་པས།
སྦྱོང་བརྡར་དེ་ འབྲུག་བརྡ་བརྒྱུད་སྤེལ་ཁང་གིས་ ཕ་རཱནསི་ ཨེ་ཨེཕ་པི་ གཞི་ཚོགས་དང་ མཉམ་རུབ་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment