གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློ་བུར་ཉེན་སྐྱོབ་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ མཁོ་སྒྲུབ་འབད་དགོཔ་གལ་ཆེཝ།

༡༦/༡༡/༢༠༡༢    ༉ འཕྲལ་ཁམས་ཅིག་ཁར་ ལྟ་བཤལ་དོན་ལུ་ སུ་ཡི་ཛར་ལེནཌི་ལས་འོང་མི་ བཟའ་ཚང་༡ གླིང་བཞི་ལུ་ལྷོདཔ་ད་ ནདཔ་ཐོན་ནི་དེ་གིས་ ཉེན་སྐྱོབ་འབད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢༤ འགོར་མི་དེ་གིས་ འབྲུག་གི་ལཱ་བཤལ་ལམ་ལུགས་ནང་ ཉེན་སྐྱོབ་དང་འབྲེལ་བའི་ གྲ་སྒྲིག་གི་མཐུན་རྐྱེན་ཚུ་མེད་པའི་ གནད་དོན་གསལ་སྟོན་འབད་ཡོདཔ་ཨིན་པས།


དེ་མ་ཚད་ གཞུང་གིས་ ཉེན་སྐྱོབ་ཞབས་ཏོག་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ མཁོ་སྒྲུབ་འབད་ནི་དང་ ཡང་ཅིན་ ཉེན་སྐྱོབ་ཀྱི་ཞབས་ཏོག་དོན་ལུ་ རང་དབང་ཅན་གྱི་ལས་སྡེ་ཅིག་ གཞི་བཙུགས་འབད་དགོཔ་འདུག་གའི་ གནད་དོན་ཐོག་ལུ་ དྲི་བཀོད་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
ལྟ་བཤལཔ་བཟའ་ཚང་༢ གླིང་བཞི་ལུ་ལྷོདཔ་ད་ ལ་དུག་ལུ་བརྟེན་ ན་ཚ་ཐོབ་ཡོདཔ་ད་ དེ་འཕྲོ་ལས་ སྨན་ཁང་ནང་ བསྐྱལ་ནིའི་དོན་ལུ་ གནམ་གྲུ་ལག་ལེན་ཐོག་ ཉེན་སྐྱོབ་འབད་ཡོདཔ་ཨིན་རུང་ དུས་ཡུན་ཆུ་ཚོད་༢༤ དེ་ཅིག་ འགོར་ཡོདཔ་ད་ ལྟ་བཤལཔ་བཟའ་ཚང་དེ་ ཐིམ་ཕུ་ལུ་ལྷོད་དེ་ དྲག་ཡོདཔ་ཨིན་པས།
ལྟ་བཤལཔ་བཟའ་ཚང་དེ་གིས་ ཉེན་སྐྱོབ་འབད་བྱིན་མི་ལུ་ དགའ་ཚོར་བསྐྱེད་མི་དང་འབྲེལ་ གནས་སྟངས་དེ་བཟུམ་ནང་ ཉེན་སྐྱོབ་ཀྱི་ཞབས་ཏོག་ གོང་འཕེལ་གཏང་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
ལྟ་བཤལཔ་བཟའ་ཚང་དེ་ ཉེན་སྐྱོབ་འབད་ནིའི་ནང་ དུས་ཚོད་འགོར་མི་དེ་ཡང་ རེས་གཟའ་ཟླ་བ་ལུ་ ཡིག་ཚང་ཚུ་ག་ར་ ངལ་གསོ་ཨིནམ་ལས་ དུས་ཚོད་འགོར་ཡོདཔ་ཨིན་པས།
དེ་མ་ཚད་ ཤུལ་མའི་ཉིནམ་ལུ་ གནམ་གྲུའི་དོན་ལས་ རྒྱ་གར་གྱི་དམག་སྡེའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ མཁོ་མངགས་འབད་དགོཔ་ཐོནམ་ལས་ དེ་ནང་ དུས་ཚོད་འགོར་ཡོདཔ་ད་ དེ་སྐབས་ རྒྱ་གར་བཱག་ཌོ་ར་ལུ་ཨིན་མི་ དམག་སྡེའི་གནམ་གྲུ་ཡོད་མི་དེ་ སི་ཀིམ་ལུ་ ཉེན་སྐྱོབ་ཀྱི་དོན་ལས་ བཏང་ཡོད་མི་དང་ ཁ་ཐུག་རྐྱབ་སྟེ་ རྒྱ་གར་ལས་ གནམ་གྲུ་ཐོབ་མ་ཚུགསཔ་ཨིན་པས།
དེ་ལས་ སྤ་རོ་གནམ་ཐང་ནང་ རྒྱ་གར་ལས་ སྒེར་གྱི་གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ ལྷོད་ཡོད་མི་དེ་གིས་ ཆ་རོགས་འབད་མི་ལུ་བརྟེན་ གནམ་གྲུ་དེ་ ལག་ལེན་འཐབ་ཐོག་ལས་ ལྟ་བཤལཔ་བཟའ་ཚང་དེ་ གླིང་བཞི་ལས་ ཉེན་སྐྱོབ་འབད་དེ་ འབག་འོང་ཡོདཔ་ཨིན་པས།
དེ་ཡང་ གལ་སྲིད་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་གི་ འགྲུལ་འཆར་ལམ་ལུགས་ཚུལ་མཐུན་ལག་ལེན་འཐབ་སྟེ་འབད་བ་ཅིན་ སྤ་རོ་གནམ་ཐང་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་༡ འོང་སྲིད་ནི་ཨིན་མི་དེ་ཡང་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ གཞི་བཙུགས་ཀྱི་གོ་སྐབས་ཐོབ་མི་ འབྲུག་མཁའ་འགྲུལ་དང་ བཀྲིས་མཁའ་འགྲུལ་༢ ཀྱིས་ གནམ་གྲུའི་ལག་ལེན་ འགོ་མ་བཙུགས་པའི་ཧེ་མར་ ཧི་ལི་ཀོབ་ཊར་ལག་ལེན་ཐོག་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ འགོ་བཙུགས་དགོཔ་ཨིན་པས།
དེ་འབདཝ་ད་ ཚད་གཞི་དེ་གཞུང་གིས་ རི་བྲག་གི་སའི་ཆགས་ཚུལ་དང་ སྐད་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཧི་ལི་ཀོབ་ཊར་ལག་ལེན་ཐོག་གི་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་དེ་ མ་དགོཔ་སྦེ་བཞག་ཅི་ཟེར་ འདས་པའི་དྲི་བཀོད་སྐབས་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་ཡོདཔ་ཨིན།
ད་རུང་ མཁའ་འགྲུལ་ལས་སྡེ་༢ ཀྱིས་ སྒེར་གྱི་གནམ་གྲུ་ཧེ་ལི་ཀོབ་ཊར་རེ་ ཉོ་དགོ་པ་ཅིན་ ཟད་འགྲོ་སྦོམ་གནས་པའི་ཁར་ ལག་ལེན་གྱི་ འོས་འབབ་ཆུང་ནི་དེ་གིས་ཡང་ ཧི་ལི་ཀོབ་ཊར་དགོཔ་སྦེ་ཡོད་མི་ཚད་གཞི་དེ་ ཆ་མེད་གཏང་ཡོདཔ་ཨིན་ཟེར་ གནས་སྐབས་ཀྱི་མདོ་ཆེན་ ཀརྨ་དབང་ཕྱུག་གིས་བཤད་ཅི།
ཨིན་རུང་ ཁོ་གིས་སླབ་མིའི་ནང་ མཁའ་འགྲུལ་ལས་སྡེ་༢ ཀྱིས་མཉམ་འབྲེལ་ཐོག་ གློ་བུར་ཉེན་སྐྱོབ་ཀྱི་ མཁའ་འགྲུལ་ཞབས་ཏོག་ཅིག་ གྲོས་འཆར་བཙུགས་དགོཔ་སྦེ་ སླབ་ཡོདཔ་ད་ ད་ཚུན་ གྲོས་འཆར་དེ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་ འགོ་དཔོན་ རྟ་མགྲིན་རྒྱ་མཚོ་གིས་སླབ་མིའི་ནང་ འབྲུག་མཁའ་འགྲུལ་དང་ བཀྲིས་མཁའ་འགྲུལ་༢ ཀྱིས་ མཉམ་འབྲེལ་ཐོག་ ཧེ་ལི་ཀོབ་ཊར་ཅིག་ གླ་ཁར་ལེན་ཐོག་ལས་ ལག་ལེན་འཐབ་ནི་གི་ གྲོས་བསྡུར་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་ལི་ཀོབ་ཊར་དེ་ ལེན་ཚུགས་པ་ཅིན་ སྤ་རོ་གནམ་ཐང་ནང་བཞག་ཐོག་ལས་ གློ་བུར་ཉེན་སྐྱོབ་ཀྱི་དོན་ལུ་ལག་ལེན་འཐབ་ནི་དང་ དེ་ལས་ གླར་སྤྱོད་ཀྱི་ཟད་འགྲོའི་དོན་ལུ་ ནང་འཁོད་འཕུར་འགྲུལ་གྱི་དོན་ལུ་ཡང་ སྒེར་དོན་མཁོ་མངགས་འབད་མི་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment