གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཁང་གི་ འཛོལ་བ་ཨིན་རུང་ ཁྲིམས་ཀྱི་འགན་འཁྲི་མེད་པའི་ཉོགས་བཤད།

༢༨/༡༡/༢༠༡༢   ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ དངུལ་ཀྲམ་ས་ཡ་༢.༢༣ ཚུལ་མིན་ཐོག་ བཏོན་འབག་པའི་རྩོད་གཞི་ ཆེ་མཐོ་ཁྲིམས་འདུན་ལུ་ལྷོད་ནུག།
 ༉ འབྲུག་རྒྱལ་ཁབ་ནང་ དངུལ་ཁང་གི་ ཡོངས་འབྲེལ་ཞབས་ཏོག་ཐོག་ལས་ མི་གཞན་གྱིས་ ཏི་རུ་བཏོན་འབག་པའི་ རྩོད་དོན་འགོ་དང་པ་ཐོན་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་བཞིན་དུ་ ཁ་ཙ་ རྩ་ཕན་ཚུ་གི་ ཁུངས་གསལ་སྙན་གསན་དང་པ་མཛད་པའི་སྐབས་ ཁྲིམས་ཁྲི་དང་པའི་དྲང་དཔོན་གྱིས་ འབྲུག་གི་དངུལ་ཁང་གི་ངོ་ཚབ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ལུ་ དངུལ་ཁང་གི་ ཁ་ཐུག་ལས་ འགན་འཁྲི་ལུ་ འཐུས་ཤོར་ཡོད་མེད་དབྱེ་ཞིབ་ཐོག་ ཤུལ་མའི་སྙན་གསན་སྐབས་ ཞུ་དགོ་པའི་ བཀའ་རྒྱ་གནང་ཡི།


རྩོད་དོན་དེ་ཡང་ ལྷ་འཛིན་པར་སྐྲུན་དང་ དཔེ་སྐྲུན་ལས་སྡེ་དེ་ ཧེ་མའི་ཇོ་བདག་ སངས་རྒྱས་བསྟན་འཛིན་ལས་ བསྟན་འཛིན་དབང་འདུས་ཀྱིས་ ཉོ་ཞིནམ་ལས་ འབྲུག་གི་དངུལ་ཁང་ནང་ཡོད་པའི་ ལས་སྡེའི་གསོག་འཇོག་རྩིས་དེབ་ཨང་དེ་ ཇོ་བདག་གསརཔ་གི་ མིང་ཐོག་ཁར་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ དངུལ་ཁང་ལུ་ ཞུ་ཡིག་བཙུགས་ཐོག་ལས་ སྤོ་སོར་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སངས་རྒྱས་བསྟན་འཛིན་གྱིས་ དངུལ་ཁང་གི་ རྩིས་དེབ་དང་འབྲེལ་བའི་ ཁེ་དབང་ཚུ་ག་ར་ ཇོ་བདག་གསརཔ་ བསྟན་འཛིན་དབང་འདུས་ལུ་ སྤྲོད་ཡོད་པའི་ གནང་བའི་ཡི་གུ་ འབྲུག་གི་དངུལ་ཁང་ལུ་ བཙུགས་ཡོད་རུང་ དངུལ་ཁང་གིས་ ཡོངས་འབྲེལ་ནང་གི་ མིང་སྤོ་སོར་མ་འབད་བར་ བཞག་མི་ལུ་བརྟེན་ ཡོངས་འབྲེལ་རྩིས་དེབ་ནང་ལས་ དངུལ་བཏོན་ནི་གི་ གསང་ཡིག་དང་ ངོས་འཛིན་ཨང་ཚུ་ རྩོད་ཟླ་སངས་རྒྱས་བསྟན་འཛིན་ཁོ་ར་དང་གཅིག་ཁར་ བཞག་ཡོད་མི་དེ་ ཁོ་གིས་ ལག་ལེན་ཐོག་ དངུལ་ཀྲམ་ས་ཡ་༢.༢༣ བཏོན་འབག་ཡོདཔ་ཨིན་པས།
བསྟན་འཛིན་དབང་འདུས་ཀྱིས་ པར་སྐྲུན་འཕྲུལ་ཆས་ཉོ་ནིའི་དོན་ལུ་ འབྲུག་གི་དངུལ་ཁང་ལས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣.༩ ལྷགཔ་ཅིག་ ཞུ་མི་དེ་ འཛིན་གྲོལ་འབད་ཐོག་ལས་ དངུལ་ཁང་གིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཁོ་གི་མིང་ཐོག་ཁར་ སྤོ་སོར་འབད་མི་ སི་ཌི་གསོག་འཇོག་རྩིས་དེབ་ནང་ བཙུགས་བཞག་པའི་ ཉིནམ་ལས་འགོ་བཟུང་ སངས་རྒྱས་བསྟན་འཛིན་གྱིས་ ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ ཏི་རུ་བཏོན་འབག་ནི་ འགོ་བཙུགས་ནུག་ཟེར་ ཉམས་རྒུད་པ་གིས་ སླབ་ཨིན་པས།
བསྟན་འཛིན་དབང་འདུས་ཀྱིས་ ཁོ་གི་ ལས་སྡེའི་རྩིས་དེབ་ནང་ལས་ དངུལ་བྱང་སྟོར་ཤོར་བའི་སྐོར་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༣ ལུ་མ་གཏོགས་ ཤེས་རྟོགས་མ་བྱུང་མི་དེ་ཡང་ དངུལ་ཁང་དེ་ ད་ལྟོའི་ས་ཁོངས་ནང་ སྤོ་བཤུད་འབད་མི་དང་ དངུལ་ཁང་གི་ གློག་རིག་ཡོངས་འབྲེལ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་བཏུབ་མི་ལུ་བརྟེན་ རྩིས་ཁྲ་ཚུ་ ལྟ་མ་ཚུགས་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ ཚུལ་མིན་གྱི་སྒོ་ལས་ ཁོ་གི་རྩིས་དེབ་ནང་ལས་ ཏི་རུ་བཏོན་འབག་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ བར་ན་དཔང་པོ་བཙུགས་ཐོག་ལས་ མ་དངུལ་ཚུལ་མིན་སྤྱོད་མི་དེ་ ཟླཝ་༡ གི་ནང་འཁོད་ལུ་ སྤྲོད་ནི་སྦེ་ ནང་གན་ཅིག་བཟོ་ཡོདཔ་ཨིན་པས།
ཨིན་རུང་ སངས་རྒྱས་བསྟན་འཛིན་གྱིས་ ཞག་དུས་བཟོ་མིའི་ ནང་འཁོད་ལུ་ ཏི་རུ་སྤྲོད་མ་ཚུགསཔ་ལས་ སྤྱི་ཟླ་༢ པའི་ཚུས་༣ ལུ་ དངུལ་ཁང་གི་ འཛིན་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དེ་ཚེ་ཉིན་མ་ར་ སངས་རྒྱས་བསྟན་འཛིན་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ད་ སྤྱི་ཟླ་༣ པའི་ནང་ དངུལ་ཁང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་བརྒྱུད་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ སངས་རྒྱས་བསྟན་འཛིན་ལུ་ ཚུལ་མིན་ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ ཏི་རུ་བཏོན་འབག་པའི་ བཙོན་ཁྲིམས་ལོ་༦ བཀལ་མི་དེ་ཡང་ ཁྲིམས་འཐུས་བཏབ་མ་ཆོགཔ་ཨིན་པས།
ད་རུང་ རྩོད་ཟླ་གིས་ རྩིས་དེབ་ནང་ལས་ དངུལ་ཀྲམ་ས་ཡ་༢.༢༣ བཏོན་འབག་མི་དེ་ འཁྲུན་ཆོད་བཏོན་པའི་ ཉིནམ་ལས་འགོ་བཟུང་ ཟླཝ་༡ གི་ནང་འཁོད་ལུ་ ཉམས་རྒུད་པ་བསྟན་འཛིན་དབང་འདུས་ལུ་ སྤྲོད་དགོ་པའི་ཁར་ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ཚེས་༧ ལས་ དུས་ཅི་སྤྱི་ཟླ་༡༠ པའི་ཚེས་༣༡ ཚུན་ ཉམས་རྒུད་པ་གིས་ དངུལ་ཁང་ལས་ བསྐྱིན་འགྲུལ་ལེན་པའི་ དངུལ་སྐྱེད་དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་དང་ ཁོ་ལུ་ སེམས་ཚོར་དྲག་པོའི་ ཚ་གྱང་མྱོང་བཅུག་པའི་རྒུད་འཐུས་དངུལ་ཀྲམ་༢༡,༠༠༠ ཉིན་གྲངས་༡༠ གི་ནང་འཁོད་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
ཁྲིམས་འདུན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་གནང་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྩོད་ཟླ་སངས་རྒྱས་བསྟན་འཛིན་གྱི་ རྒྱབ་མི་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ རྩོད་དོན་ནང་ ཉམས་རྒུད་པ་དེ་ ཁྲིམས་གཏུགས་པ་མིན་རུང་ ཁོ་ལུ་ཡང་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
བསྟན་འཛིན་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གི་ཁ་ཐུག་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ཁོ་གི་ཏི་རུ་དེ་ དངུལ་ཁང་ནང་ལས་ བྱང་སྟོར་ཤོར་ཡོད་རུང་ དངུལ་ཁང་ལུ་ འཁྲི་བ་ག་ནི་ཡང་ མ་བཀལ་བར་ སངས་རྒྱས་བསྟན་འཛིན་དང་ ཁོ་གི་བར་ན་ དངུལ་སྤྲོད་ལེན་འབད་དགོ་པའི་ འཁྲུན་ཆོད་གནང་ནུག་ཟེར་ཨིནམ་ད་ ཏི་རུ་དེ་ དངུལ་ཁང་གིས་ ཁོ་ལུ་ ལོག་སྤྲོད་དགོཔ་མ་གཏོགས་ སངས་རྒྱས་བསྟན་འཛིན་ལས་ ལེན་དགོཔ་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།




བསམ་གཏན་ཡེ་ཤེས།

No comments:

Post a Comment