གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱ་རིགས་ཀྱི་ གནས་སྡུད་བསྡུ་ལེན།

༡༥/༡༡/༢༠༡༢    ༉ བླམ་དཔལ་རི་གི་ རྒྱལ་གཞུང་སྐྱེ་ལྡན་གླིང་ཁ་དེ་ནང་ འབྲུག་མི་དང་ ཕྱིའི་ལྟ་བཤལཔ་ དེ་ལས་ སློབ་ཕྲུག་ཚུ་གིས་ རང་བཞིན་གྱི་ཆོས་ཚན་དང་འབྲེལ་བའི་ ལྟ་སྐོར་འབད་སའི་ ས་ཁོངས་ཅིག་ཨིནམ་བཞིན་དུ་ གླིང་ཁ་དེ་ནང་ བྱ་རིགས་སྣ་ཚོགས་ཡོད་པའི་ ངོས་འཛིན་བྱུང་ནུག།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ གླིང་ཁ་དེ་གི་ འགོ་དཔོན་ཚུ་གིས་ གླིང་ཁའི་ནང་ཡོད་མི་ བྱ་རིགས་ཀྱི་གནས་སྡུད་ བསྡུ་ལེན་འབད་ནི་དང་ གླིང་ཁ་དེ་ནང་ ལོ་འཁོར་༡ གི་རིང་ འཁྱམས་སྡོད་མི་བྱ་རིགས་ཚུ་གི་ ཐོ་བཀོད་འབད་ནི་དང་ དེ་ལས་ བྱ་ཚུ་གི་ གནས་སྤོའི་ལམ་ལུགས་དང་དུས་ཚོད་ཚུ་ ཧ་གོ་ནིའི་དོན་ལུ་ ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཤེས་གསལ་བྱུང་ནུག།
དེ་ཡང་ འཕྲལ་ཁམས་ཀྱི་ཞིབ་འཚོལ་དེ་ གནམ་སེ་ཁའི་དུས་ཚོད་ལུ་ གླིང་ཁ་དེ་ནང་ འཁྱམས་མི་བྱ་རིགས་ཀྱི་གནས་སྡུད་ བསྡུ་ལེན་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ བདུན་ཕྲག་༡ ནང་ བྱ་རིགས་མ་འདྲཝ་༦༥ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།
གླིང་ཁའི་ སོར་ཆུ་རྐ་འགོ་དང་ མི་ལམ་བདའ་སྟེ་ ཐིམ་ཕུ་ཁ་ཐུག་ལུ་ ཀི་ལོ་མི་༡ དེ་ཅིག་ རྐང་སྟོང་འབད་ བྱ་རིགས་འཚོལ་ཞིབ་འབད་བའི་སྐབས་ བྱ་རིགས་མ་འདྲཝ་༢༥ དེ་ཅིག་ སོར་ཆུའི་རྐང་ལམ་བདའ་སྟེ་ཡོད་པའི་ ཐོ་བཀོད་འབད་ནུག།
དེ་བཟུམ་སྦེ་ ཉིནམ་༢ པའི་ནང་ བླམ་དཔལ་རི་དང་ སྨན་ཆུ་ནང་གི་ སྣུམ་འཁོར་གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༦ གི་ས་ཁོངས་ནང་ བྱ་རིགས་མ་འདྲཝ་༢༡ དེ་ཅིག་དང་ ཉིནམ་༣ པའི་ནང་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༣,༡༠༠ དང་༣,༥༧༠ གི་བར་ན་ཨིན་མི་ གླིང་ཁའི་རླུང་ཅུ་ཟེ་རྐང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༣.༥ དེ་ཅིག་གི་ནང་འཁོད་ལུ་ བྱི་རིགས་མ་འདྲཝ་༡༠ ངོས་འཛིན་འབད་ཡོདཔ་ཨིན་པས།
ཉིནམ་༤ པའི་ནང་ གླིང་ཁའི་ ལུང་པའི་རྩ་བ་རྐང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༤.༧ དེ་ཅིག་གི་ ནང་འཁོད་ལུ་ བྱ་རིགས་མ་འདྲཝ་༡༥ དེ་ཅིག་དང་ ཉིནམ་༥ པའི་ནང་ ཕྱག་མདའ་ནང་དང་ རྡོ་ལྕོག་ལའི་ རྐང་ལམ་བདའ་སྟེ་ བྱ་རིགས་མ་འདྲཝ་༢༢ དེ་ལས་ ཉིནམ་༦ པའི་ནང་ སྨན་ཆུ་ནང་དང་ བྲག་དཀར་པོའི་བར་ན་ བྱ་རིགས་མ་འདྲཝ་༡༥ དེ་ལས་ ཉིནམ་༧ པའི་ནང་ རྡོ་ལྕོག་ལའི་ རྐང་ལམ་བདའ་སྟེ་ བྱ་རིགས་མ་འདྲཝ་༡༣ དེ་ཅིག་ ངོས་འཛིན་འབད་དེ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ལུ་ བྱ་རིགས་དེ་ཚུ་ དབྱེ་སེལ་འབད་བའི་སྐབས་ གླིང་ཁ་དེ་ནང་ གནམ་སོ་ཁའི་དུས་ཚོད་ལུ་ བྱ་རིགས་མ་འདྲཝ་༦༥ ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ གནམ་སེར་ཁའི་དུས་ཚོད་ལུ་ གླིང་ཁ་དེ་ནང་ བྱ་རིགས་མ་འདྲཝ་ག་དེམ་ཅིག་འོངམ་ཨིན་ན་ མཐོང་ཚུགསཔ་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment