གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་མཆོག་གིས་ བོང་མགོ་རྒེད་འོག་ནང་ གཟིགས་སྐོར་གནང་དོ་ཡོདཔ།

༡༤/༡༡/༢༠༡༢   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཆུ་ཁ་རྫོང་ཁག་ བོང་མགོ་རྒེད་འོག་ ཀེ་ཏོ་ཁ་གཡུས་ཚན་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ དམ་སྦྱིས་དང་ འབྱུང་ལེགས་ དེ་ལས་ ཀེ་ཏོ་ཁ་གཡུས་ཚན་ལས་ ཁྱིམ་གུང་༩༠ དེ་ཅིག་གི་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་གནང་ཡི།
རྩོམ་འབྲི་ལས་བྱེདཔ།


ལོ་༥ འི་འཆར་གཞི་༡༠ པའི་ ལས་འགུལ་ཚུ་གི་ གྲུབ་འབྲས་སྐོར་ལས་ བློན་ཆེན་མཆོག་གིས་ གསལ་བཤད་གནང་མིའི་ནང་ གྲོང་གཡུས་ཚུ་ནང་ སྣུམ་འཁོར་ལམ་ལྷོད་ནི་དེ་ གལ་ཆེ་ཤོས་ཅིག་ཨིནམ་མ་ཚད་ བོང་མགོ་རྒེད་འོག་ནང་ ཁྱིམ་གུང་རེ་རེ་བཞིན་དུ་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ཐོབ་སྤྱོད་འབད་ནིའི་དོན་ལུ་ཡང་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ གསུངས་མིའི་ནང་ ད་རེས་ གཡུས་ཚན་ནང་ བཟོ་སྐྲུན་འབད་མི་ སྣུམ་འཁོར་ལམ་ཚུ་ ལེགས་ཤོམ་འགྱོ་མ་འགྱོ་ བལྟ་ནིའི་དོན་ལུ་ འོང་ཡི་ཟེར་ཨིནམ་ད་ དེ་ཡང་ འདྲ་མཉམ་ཀྱི་ལཱ་ཚུ་ འཁོར་ལམ་དེ་ཚུ་དང་འཁྲིལ་ འབྱུང་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
གལ་སྲིད་ འཁོར་ལམ་མེད་པ་ཅིན་ ཐ་ན་ ཚྭ་ཅིག་ཉོ་དགོ་རུང་ གོང་ཚད་མཐོ་དྲགས་སྦེ་ སྤྲོད་དགོཔ་འཐོན་འོང་ཟེར་ གསུངས་ཡོདཔ་ཨིན་པས།
དེ་ལས་ ཀེ་ཏོ་ཁ་ལུ་ མི་སེར་ཚུ་དང་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཆུ་ཁ་རྫོང་རབ་ཀྱིས་ རྫོང་ཁག་ནང་ ཟུར་ལམ་དང་ ཞིང་ལམ་༨༤ ཡོད་ས་ལས་༨༠ འཆར་གཞི་༡༠ པའི་ནང་ མཇུག་བསྡུ་ཡོདཔ་ད་ ད་རེས་ སེལ་བའི་བསྒང་ཡོད་མི་ལམ་ཚུ་ཡང་ གྲུབ་འབྲས་ལེགས་ཤོམ་སྦེ་ར་ ཐོན་དོ་ཟེར་ ཞུ་ཡོདཔ་ཨིན་པས།
བོང་མགོ་རྒེད་འོག་ནང་ འགྲུལ་འཕྲིན་བི་མོ་བཱ་ཡེལ་གྱི་ ཞབས་ཏོག་དེ་ བརྒྱ་ཆ་སྦེ་ར་ ཐོབ་སྟེ་ཡོདཔ་ད་ ཞབས་ཏོག་དེ་ མ་ཐོབ་པའི་ ས་གནས་དག་པ་ཅིག་ ཡོད་མི་ཚུ་ནང་ ཊི་སེལ་གྱི་ཞབས་ཏོག་ ཐོབ་སྟེ་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་འབད་བ་ཅིན་ བོང་མགོ་རྒེད་འོག་ནང་ ཨ་ལུ་བརྒྱ་ཆ་༩༨ རྒེད་འོག་གི་ མི་སྡེ་སློབ་གྲྭ་དང་ སློབ་གྲྭ་ཆུང་བ་ཚུ་ནང་ ཐོ་བཀོད་འབད་དེ་ཡོད་ཟེར་ སླབ་ཨིན་པས།
ཀེ་ཏོ་ཁ་ལུ་ བྱོན་པའི་ལམ་ཁར་ བློན་ཆེན་གྱིས་ སྤག་ཤིང་ཁ་དང་ མེ་རི་རྩེ་མོའི་ མི་སེར་ཚུ་དང་ཡང་ ཕྱད་ཡོདཔ་ད་ དེ་བསྒང་ སྲིད་དོན་ཚོགས་པ་ ག་གིས་ར་ སྐུལ་བསྒྲགས་ལས་རིམ་ཚུ་ འགོ་འདྲེན་འཐབ་རུང་ བཅའ་མར་གཏོགས་དགོ་ཟེར་ གསུངས་ཡོདཔ་མ་ཚད་ འདེམས་ངོ་རེ་རེ་བཞིན་དུ་གི་ ཁས་བླངས་ཚུ་གི་སྐོར་ལས་ ཉན་དགོཔ་ཁག་ཆེ་ཟེར་ གསུངས་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ གལ་སྲིད་ བཟའ་ཚང་གཅིག་གི་ ནང་མི་ཚུ་གི་བར་ན་ སྲིད་དོན་ཚོགས་པ་ཚུ་ལུ་ བསམ་འཆར་མ་འདྲཝ་ བྱུང་སྟེ་འབད་རུང་ བཙག་འཐུའི་གྲུབ་འབྲས་ཚུ་ལུ་བརྟེན་ མ་འཆམ་དང་ མ་འགྲིགསཔ་སྦེ་མ་སྡོད་པར་ མཐུན་ཏོག་ཏོ་སྦེ་ སྡོད་དགོ་ཟེར་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment