གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཐོན་སྐྱེད་ཚུ་ལུ་བརྟེན་ དངུལ་ཀྲམ་དང་ རུ་པི་བརྗེ་སོར་ལུ་ཕན་ཁྱད།

༢༢/༡༡/༢༠༡༢   ༉ འབྲུག་ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ཐོན་མི་ སོ་ནམ་ཐོན་སྐྱེད་ཚུ་གི་ནང་ལས་ཡང་ དམིགས་བསལ་དུ་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཚོང་སྒྱུར་ཁང་ལས་ ཀེ་བ་ཉོ་མི་ རྒྱ་གར་གྱི་ ཚོང་པ་ཚུ་གི་དོན་ལུ་ ཀེ་བ་དེ་ རུ་པི་དང་ འབྲུག་གི་དངུལ་ཀྲམ་བརྗེ་སོར་ནང་ ལྷན་ཐབས་འབད་མི་ ཚོང་འབྲེལ་ལེགས་ཤོམ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
འབྲུག་ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཉོ་ཚོང་རྐྱབ་སའི་ ཚོང་འབྲེལ་ལྟེ་བ་གཙོ་ཅན་ཅིག་ཨིན་མི་ དཱ་རང་ག་ མེ་ལ་བཱ་ཛར་གྱི་ཁྲོམ།


དེ་ཡང་ འབྲུག་གི་ས་མཚམས་ཕྱི་ཁའི་ ཚོང་པ་དང་ ཚོང་འབྲེལ་ལས་ཚབ་གཞན་ཚུ་གིས་ བརྗེ་སོར་ལམ་ལུགས་ ལག་ལེན་འཐབ་མི་དེ་གིས་ འབྲུག་མི་ཉོ་ཚོང་རྐྱབ་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་སྦེ་ བཟོ་ཡོད་མི་དེ་ཡང་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཉོ་ཚོང་རྐྱབ་སའི་ ས་གོ་གཙོ་ཅན་ཅིག་ཨིན་མི་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ དཱ་རང་ག་ མེ་ལ་བཱ་ཛར་གྱི་ ཚོང་པ་དང་ ཚོད་བསྲེ་བཙོང་མི་ཚུ་གིས་ ཉོ་ཚོང་རྐྱབ་པར་འོང་མི་ འབྲུག་མི་ཚུ་ལས་ དངུལ་ཀྲམ་ལེན་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ད་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ འབྲུག་གི་སྟོང་ལོར་ཚུ་ མི་ལེན་དོ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ཀེ་བ་ཉོ་བར་འོང་མི་ རྒྱ་གར་གྱི་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ ཁོང་རའི་ས་མཚམས་ནང་གི་ ཚོང་པ་ཚུ་ལས་ གནས་སྐབས་ཅིག་ འབྲུག་གི་དངུལ་ཀྲམ་སྔ་གཡར་ལེན་ཏེ་ འབྲུག་ལས་ ཀེ་བ་ཚུ་ ཉོ་འབག་དོ་ཡོདཔ་ཨིན་པས།
དེ་ལས་ ཁོང་གིས་ ཀེ་བ་ཚུ་ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༤༩ གི་ས་ཁར་ རྒྱ་གར་གྱི་ཁྲོམ་སྡེ་ རང་གི་ཡ་དང་ ལམ་ཀི་ལི་མི་ཊར་༣༠ གི་ས་གནས་ ཏ་མིལ་པུར་ དེ་ལས་ ནཱལ་བཱ་རི་ཚུ་ནང་ སྐྱེལ་འདྲེན་འབད་དེ་ རུ་པིའི་ནང་ བཙོང་ཞིནམ་ལས་ ཧེ་མར་ དངུལ་ཀྲམ་སྔ་གཡར་ལེན་མི་ ཚོང་པ་ཚུ་ལུ་ བསྐྱིན་ཚབ་སྤྲོད་པའི་སྐབས་ དངུལ་ཀྲམ་བརྗེ་སོར་འབད་བའི་ བར་ཁེ་བརྒྱ་ཆ་༡༠ དང་༡༥ གི་བར་ན་ བཏོག་བཞག་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ དངུལ་ཀྲམ་སྔ་གཡར་འབག་མི་ཚུ་ལས་ དངུལ་ཀྲམ་བརྗེ་སོར་འབད་བའི་ བར་འཐུས་བརྒྱ་ཆ་༡༠-༡༥ རེ་ བཏོག་བཞགཔ་ཨིན་ཟེར་  དཱ་རང་ག་ མེ་ལ་བཱ་ཛར་གྱི་ ཚོང་པ་ཅིག་ཨིན་མི་ བཱ་རུན་སོ་རོ་ལི་ཡ་གིས་ བཤད་པའི་ཁར་ དངུལ་ཀྲམ་མ་ལེན་པ་ཅིན་ ཁོང་གི་ ཚོང་བཙོང་མི་ཚུགས་ཟེར་ སླབ་ཨིན་པས།
འདས་པའི་ལོ་ངོ་༧༠ གི་རིང་ལུ་ ང་བཅས་ཀྱི་ཚོང་མགྲོན་པ་ངོ་མ་ར་ འབྲུག་མི་ཚུ་ཨིན་ཟེར་ བཱ་རུན་སོ་རོ་ལི་ཡ་གིས་ སླབ་ཨིན་པས།
ཚོང་པ་གཞན་ཅིག་གིས་ སླབ་མིའི་ནང་ འབྲུག་གི་དངུལ་ཀྲམ་དེ་ རུ་པི་དང་ བརྗེ་སོར་འབདཝ་ད་ བར་འཐུས་སྤྲོད་དགོཔ་ལས་ ཚོང་ཆས་ཚུ་ དུམ་གྲ་ཅིག་ གོང་ཡར་སེང་རྐྱབ་སྟེ་ མ་བཙོང་པ་ཅིན་ གྱོང་རྒུད་ཕོག་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
ད་རུང་ ས་མཚམས་ཁྲོམ་སྡེ་དེ་གི་ ཚོང་པ་ཚུ་གིས་ ཉོ་ཚོང་རྐྱབ་པར་འོང་མི་ འབྲུག་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་བཟོ་ནི་ལུ་དམིགས་ཏེ་ བི་ཟ་ཀཱཌ་ཟེར་མི་ མཐུན་རྐྱེན་ཚུ་ ལག་ལེན་འཐབ་ནི་གི་ འཕྲུལ་ཆས་ཚུ་ཡང་ བཙུགས་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment