གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྐྱིན་འགྲུལ་མ་དངུལ་ ཡར་སེང་འབད་བའི་མངོན་གསལ།

༡༩/༡༡/༢༠༡༢   ༉ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱིས་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ ལོ་བསྟར་སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ དུས་ཅི་ རྒྱལ་ཁབ་ནང་ མ་དངུལ་དང་འབྲེལ་བའི་དཀའལ་ངལ་བྱུང་མི་ལུ་བརྟེན་ ལས་སྡེའི་བསྐྱིན་འགྲུལ་ཞབས་ཏོག་ཚུ་ ཚད་འཛིན་དང་ མཚམས་འཇོག་འབད་དགོཔ་བྱུང་ཡོད་རུང་ སྤྱིར་བཏང་བསྐྱིན་འགྲུལ་ལུ་བརྟེན་པའི་ གྲུབ་འབྲས་ལེགས་ཤོམ་བྱུང་ཡོདཔ་སྦེ་བཀོད་ནུག།


དེ་ཡང་ དུས་ཅི་སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ ཁྱིམ་བཟོའི་བསྐྱིན་འགྲུལ་གྱི་ ཚོང་མགྲོན་པ་༦༢༩ གིས་ བསྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢,༡༦༦ དེ་ཅིག་ལུ་ ཡར་སེང་སོང་སྟེ་ ཁྱིམ་བཟོའི་བསྐྱིན་འགྲུལ་གྱི་ ཚོང་མགྲོན་པ་གསརཔ་༩༥ ཐོན་ཡོདཔ་ལས་ བསྐྱིན་འགྲུལ་དེ་ནང་ བརྒྱ་ཆ་༢༨.༧༩ གིས་ ཡར་སེང་སོང་ཡོད་རུང་ རྩིས་ལོ་དེ་ མཇུག་བསྡུ་རན་ཁར་ རུ་པི་དང་འབྲེལ་བའི་ དངུལ་འབྲེལ་དཀའ་ངལ་ལུ་བརྟེན་ ཁྱིམ་བཟོའི་བསྐྱིན་འགྲུལ་དེ་ མཚམས་འཇོག་འབད་ཡོདཔ་ཨིན་ཟེར་བཀོད་ནུག།
དེ་མ་ཚད་ དངུལ་འབྲེལ་གྱི་ དཀའ་ངལ་དེ་ལུ་བརྟེན་ ལས་སྡེ་ལུ་ མ་དངུལ་གྱི་འབྱུང་ཁུངས་མར་བབས་སོང་མི་ལུ་བརྟེན་ བསྐྱིན་འགྲུལ་ཞབས་ཏོག་ཚུ་ ཚད་འཛིན་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱི་ འཐུས་མི་ཚུ་ལུ་ ཤེས་ཡོན་བསྐྱིན་འགྲུལ་ཞབས་ཏོག་ འགོ་བཙུགས་མི་དེ་ མི་མང་ལུ་ ཡོངས་གྲགས་སོང་ཡོདཔ་ལས་ བསྐྱིན་འགྲུལ་དེ་ལུ་ མཁོ་འདོད་བཀོད་མི་ རྒྱ་ཆེ་དྲགས་བྱུང་མི་ལུ་བརྟེན་ ཚད་གཞི་ཚུ་ཡང་ བསྒྱུར་བཅོས་འབད་དེ་ སྤྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༡ ལས་ ཚད་གཞི་བསྒྱུར་བཅོས་འབད་མི་དེ་ ལག་ལེན་ཐོག་ བསྐྱིན་འགྲུལ་གྱི་ཚད་གཞི་ཡང་ དངུལ་ཀྲམ་ས་ཡ་༡ ལས་ས་ཡ་༡.༥ ལུ་ ཡར་སེང་འབད་དེ་ བསྐྱིན་འགྲུལ་ལོག་བཏབ་ནིའི་ དུས་ཚོད་ཡང་ ལོ་༡༠ ལས་ལོ་༡༥ ཚུན་ ཡར་སེང་འབད་ཡོདཔ་ཨིན་ཟེར་ཨིན་པས།
བསྐྱིན་འགྲུལ་དེ་གི་དོན་ལུ་ གཏའ་མ་བཙུགས་ནི་མེད་མི་ཚུ་ལུ་ འཚོ་རྟེན་མ་དངུལ་ནང་ གསོག་འཇོག་མ་དངུལ་ ག་དེམ་ཅིག་འདུག་ག་དང་ དེ་ལས་ འཐུས་མི་ཁོང་རའི་ དངུལ་ཕོགས་དང་བསྟུན་ བསྐྱིན་འགྲུལ་མཐོ་ཤོས་དངུལ་ཀྲམ་༥༠༠,༠༠༠ བྱིན་ཡོདཔ་ཨིན་རུང་བསྐྱིན་འགྲུལ་མ་དངུལ་གྱི་ཚད་གཞི་ དེ་ལས་ལྷག་པ་ཅིན་ གཏའ་མ་བཙུགས་དགོཔ་ཨིན་པས།
བསྐྱིན་འགྲུལ་དེ་ དུས་ཅི་སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ དངུལ་ཀྲམ་ས་ཡ་༡༢༦༦.༠༩ ལས་ས་ཡ་༡,༨༧༨.༦༡ ལུ་ ཡར་སེང་ཐོག་ བསྐྱིན་འགྲུལ་ལེན་མི་༨,༧༥༤ ཐོན་ཡོདཔ་ཨིན་ཟེར་ཨིན་པས།
རྩིས་ལོ་དེ་ནང་ ཤེས་ཡོན་བསྐྱིན་འགྲུལ་ལེན་མི་གསརཔ་༣,༤༤༤ ཐོན་ཐོག་ལས་ བསྐྱིན་འགྲུལ་དེ་ནང་ མ་དངུལ་བརྒྱ་ཆ་༤༨.༣༨  ཡར་སེང་སོང་ཡོདཔ་ཨིན་རུང་ བསྐྱིན་འགྲུལ་དེ་དང་འབྲེལ་བའི་ མ་རྩ་མ་དངུལ་གྱི་ཚད་གཞི་གུ་ལྷོད་པའི་ཁར་ དངུལ་འབྲེལ་དཀའ་ངལ་ལུ་བརྟེན་ ཤེས་ཡོན་བསྐྱིན་འགྲུལ་གྱི་ མ་དངུལ་ཚད་གཞི་དེ་ ན་ཧིང་སྤྱི་ཟླ་༡༢ པའི་ཚེས་༦ ལས་ འགོ་བཙུགས་ཏེ་ དངུལ་ཀྲམ་༢༠༠,༠༠༠ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་བཙུན་ཁྲི་མངའ་གསོལ་གྱི་དགའ་སྟོན་བརྩི་སྲུང་དང་འབྲེལ་ ལས་སྡེ་གིས་ སློབ་ཕྲུག་ཚུ་གིས་ མཐོ་རིམ་དང་གཙུག་ལག་ཤེས་ཡོན་རྒྱ་བསྐྱེད་གཏང་ནིའི་ནང་ གྲོགས་རམ་གྱི་དོན་ལུ་ སློབ་ཕྲུག་བསྐྱིན་འགྲུལ་ཞབས་ཏོག་ཅིག་ཡང་ འགོ་བཙུགས་ཡོདཔ་ཨིན་ཟེར་ཨིན་པས།
བསྐྱིན་འགྲུལ་རྒྱ་བསྐྱེད་ནང་ སློབ་ཕྲུག་དེ་ དཔེ་ཆ་ལྷབ་སྡོད་པའི་ཡུན་ལུ་ བརྒྱ་ཆ་༨ དང་ དེ་ལས་ སློབ་གྲྭ་ལས་མཐར་འཁྱོལ་ཞིནམ་ལས་ བརྒྱ་ཆ་༩ གི་ཐོག་ལུ་དང་ དཔེ་ཆ་ལྷབ་ཚར་བའི་ཤུལ་ལས་ ལོ་༡ དང་ ཡང་ཅིན་ ཟླཝ་༦ གྱི་རྒྱབ་ལས་ བསྐྱིན་ཚབ་སྤྲོད་ནི་འགོ་བཙུགས་ནི་གི་གདམ་ཁ་ཡོདཔ་སྦེ་ ཞབས་ཏོག་དེ་འགོ་བཙུགས་ཡོདཔ་ཨིན་པས།
བསྐྱིན་འགྲུལ་ཞབས་ཏོག་དེ་ ཕན་ཐོགས་ཅན་ཅིག་སྦེ་ ངོས་ལེན་ཐོག་ དུས་ཅི་སྤྱི་ཟླ་༦པའི་ཚེས་༣༠ ཚུན་ སློབ་ཕྲུག་བསྐྱིན་འགྲུལ་ལེན་མི་༡༢༣ ཐོན་ཡོད་མི་ཚུ་ལུ་ བསྐྱིན་འགྲུལ་མ་དངུལ་ས་ཡ་༡༩.༧༣ བྱིན་ཡོདཔ་ཨིན་པའི་གནས་ཚུལ།


 
བསམ་གཏན་ཡེ་ཤེས།

No comments:

Post a Comment