གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་ཁྲིམས་དོན་ལ་ལུ་ཅིག་ སྲིད་ཚོགས་ཡུན་བརྟན་གྱི་དོན་ལུ་ བསྒྱུར་བཅོས་འབད་དགོཔ།

༢༤/༡༡/༢༠༡༢   སྲིད་ཚོགས་ཀྱི་འཐུས་མི་ཚུ་ ཚོགས་སྡེ་དང་ ས་གནས་གཞུང་གི་བཙག་འཐུ་ཚུ་ནང་ འབྲེལ་གཏེགས་འབད་ནིའི་དོན་ལུ་ སྲིད་ཚོགས་ལས་དགོངས་ཞུ་འབད་དེ་ ལོ་༡ ལང་དགོ་ཟེར་མི་དེ་ འོས་འབབ་མིན་འདུག་ཟེར་ཨིན་པས།
༉ ཁ་ཙ་མཇུག་བསྡུ་མི་ དམངས་གཙོའི་རིང་ལུགས་ནང་ སྲིད་ཚོགས་གཞི་བཀོད་དང་འབྲེལ་བའི་ རིག་རྩལ་གོང་འཕེལ་སྦྱོང་བརྡར་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་མི་དེ་ནང་ དང་འདོད་ཅན་གྱི་ སྲིད་ཚོགས་ཀྱི་འཐུས་མི་ཚུ་གིས་ འབྲུག་ལུ་ སྲིད་ཚོགས་ཚུ་གིས་ འཐུས་མི་འདེམས་ངོ་འཐོབ་ནིའི་ནང་ དོ་འགྲན་སྦོམ་བྱུང་མི་དེ་ གཙོ་བོ་ར་ ཁྲིམས་ལུགས་དམ་དམ་ཡོད་མི་ལུ་བརྟེན་ཨིནམ་སྦེ་བཤད་ཅི།


དེ་ཡང་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ དང་འདོད་ཅན་གྱི་ སྲིད་ཚོགས་ཚུ་གི་ འཐུས་མི་ཚུ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་ནང་ འཐུས་མི་རྒྱབ་སྐྱོར་འབད་མི་ཚུ་ འཐོབ་ནིའི་ནང་ བཀག་ཆ་ཅིག་ བཙག་འཐུའི་ཁྲིམས་ལུགས་ནང་ འཐུས་མི་ཚུ་གིས་ གནད་དོན་གཞན་ དཔེ་འབད་བ་ཅིན་ ས་གནས་གཞུང་གི་བཙག་འཐུའི་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ སྲིད་ཚོགས་ལས་ དགོངས་ཞུ་འབད་དེ་ ལོ་༡ ལང་དགོཔ་སྦེ་ ཡོད་མི་ཚུ་ལུ་བརྟེན་ ཨིན་ཟེར་བཤད་ཅི།
དེ་འབད་ནི་འདི་གིས་ སྲིད་ཚོགས་ཀྱི་འཐུས་མི་སྦེ་ བཅའ་མར་གཏོགས་ནི་ལུ་ དང་འདོད་མ་བསྐྱེད་པའི་ཁར་ དེ་སྦེ་ སྲིད་ཚོགས་ནང་འཐུས་མི་སྦེ་ འབྲེལ་གཏོགས་མེད་པའི་བསྒང་ལས་ སྲིད་ཚོགས་ཡུན་བརྟན་གྱི་དོན་ལུ་མཁོ་བའི་ མ་དངུལ་གྱི་ འབྱུང་ཁུངས་ལུ་ཡང་ བར་ཆད་སྦོམ་རྐྱབ་ལས་ ཁྲིམས་ལུགས་ནང་གི་ དོན་ཚན་ཚུ་གིས་ཡང་ དམངས་གཙོའི་རིང་ལུགས་ནང་ གལ་ཅན་གྱི་ སྲིད་ཚོགས་གཞི་བཙུགས་ནང་ བཀག་ཆ་ཅན་གྱི་ དོ་འགྲན་སྦོམ་བྱུང་སྟེ་ཡོད་ཟེར་ སྦྱོང་བརྡར་ནང་འཛོམས་མི་ སྲིད་ཚོགས་འཐུས་མི་ཚུ་གི་ མོས་མཐུན་ཐོག་ གྲོས་བསྡུར་བྱུང་ཡི།
སྲིད་ཚོགས་ཚུ་གི་ མ་དངུལ་དེ་ འཐུས་མིའི་ཐོ་བཀོད་ཀྱི་འཐུས་མི་ ལོ་བསྟར་འཐུས་མིའི་འཐུས་ དེ་ལས་ ཐོ་བཀོད་ཅན་གྱི་འཐུས་མི་ཚུ་གི་ ཞལ་འདེབས་ཚུ་ལུ་བརྟེན་དགོཔ་ད་ སྲིད་ཚོགས་ནང་ ཐོ་བཀོད་ཅན་གྱི་འཐུས་མི་མེན་པ་ཅིན་ ཞལ་འདེབས་ཡང་ འབད་མ་ཆོགཔ་ཨིན་པས།
དེ་འབད་ནི་དེ་གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་འཐུས་མི་ཚུ་གིས་ བཙག་འཐུའི་ཁྲིམས་ལུགས་ནང་ དེ་བཟུམ་མའི་ བཀག་ཆ་ཅན་གྱི་དོན་ཚན་ སྲིད་ཚོགས་ཚུ་ལུ་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེརཨིནམ་ད་ དེ་མིན་པ་ཅིན་ སྲིད་ཚོགས་ཡུན་བརྟན་དང་ སྲིད་ཚོགས་སྒྲིང་སྒྲིང་སྦེ་ གཞི་བཙུགས་འབད་ནིའི་ནང་ དོ་འགྲན་ཅན་ཅིག་སྦེ་ར་ གནས་འོང་ཟེར་ཨིན་པས།
སྲིད་ཚོགས་ཀྱི་འཐུས་མི་ཚུ་ གནད་དོན་གཞན་ ཚོགས་སྡེ་དང་ ས་གནས་གཞུང་གི་བཙག་འཐུ་ཚུ་ནང་ འབྲེལ་གཏེགས་ཀྱི་དོན་ལུ་ སྲིད་ཚོགས་ལས་དགོངས་ཞུ་འབད་དེ་ ལོ་༡ ལང་དགོ་ཟེར་མི་ཚུ་ཡང་ འོས་འབབ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ འདེམས་ངོ་འཐོབ་ནིའི་ནང་ འདེམས་ཁོངས་ལ་ལུའི་ནང་ ཁྱད་ཚད་ལྡན་པའི་འོས་ངོ་མེད་པའི་ཁར་ ཁྲིམས་ལུགས་ནང་ མི་རྩིས་སྤོ་སྟེ་ ལོ་༡ ལང་དགོ་པའི་ དོན་ཚན་ཡོད་མི་དེ་གིས་ཡང་ དོ་འགྲན་ཅན་གྱི་ གནས་སྟངས་བཟོཝ་ལས་ དེ་ཡང་བསྒྱུར་བཅོས་འབད་བ་ཅིན་ ཁྱད་པར་ཅིག་ མིན་འདུག་ཟེར་ཨིནམ་ད་ ཡང་ཅིན་ མི་རྩིས་སྤོ་ཞིནམ་ལས་ གནས་ཡུན་ཟླཝ་༦ གྱི་ཚད་གཞི་གུ་ མར་ཕབ་འབད་རུང་ བཏུབ་ནི་མས་ཟེར་བཤད་ཅི།
དོ་འགྲན་གཞན་ཡང་ འཐུས་མི་ཐོ་བཀོད་ཀྱི་དོན་ལུ་ སྲིད་ཚོགས་ཡིག་ཚང་ནང་ ས་ཐག་རིང་ས་ལས་ འོང་དགོ་པའི་གནད་དོན་དང་ ཐོ་བཀོད་ཀྱི་བྱ་རིམ་ མགུ་རྙོགས་དྲགས་ཡོདཔ་ལས་ དེ་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་བཟོ་དགོཔ་འདུག་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཅིག་གིས་ སླབ་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ཡོད་མི་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལྷན་ཚོགས་ཀྱིས་འབད་ཐབས་ཡོད་པའི་གནད་དོན་ཚུ་ ཐོ་བཀོད་འབད་དེ་ ལྷན་ཚོགས་ཀྱིས་གྲོས་བསྡུར་ཐོག་ བསྒྱུར་བཅོས་ཀྱི་འོས་འབབ་ཚུ་ ལྟ་ཞིབ་འབད་ནི་དང་ དེ་མིན་ཁྲིམས་གཞུང་གི་དོན་ཚན་ལ་ལུ་ཅིག་ སྤྱི་ཚོགས་ནང་ལས་ བསྒྱུར་བཅོས་མཛད་དགོཔ་འོང་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ ཨཱསི་ཊེ་ལི་ཡ་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སྦྱོང་བརྡར་བྱིན་མི་ཡང་ ཨཱསི་ཊེ་ལི་ཡ་གི་ སྲིད་དོན་ནང་ ལོ་ངོ་༢༥ གི་ ཉམས་མྱོང་ཡོད་མི་ ལིན་ཌ་ རེའེ་ ནོ་ལོཌ་གིས་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པའི་གནས་ཚུལ།


 
བསམ་གཏན་ཡེ་ཤེས།

No comments:

Post a Comment