གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་པ་ཅིག་ལུ་ ཉེས་ཆད་དངུལ་ཀྲམ་༧༠,༠༠༠ བཀལ་ཡོདཔ།

༢༦/༡༡/༢༠༡༢   ༉ དབང་འདུས་ཕོ་བྲང་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ རུས་སྦིས་རྒེད་འོག་ལས་ཨིན་མི་ སོ་ནམ་པ་ཅིག་གིས་ ཚུལ་མིན་ཐོག་ལས་ དྲ་ཤིང་བཏོན་མི་ལུ་བརྟེན་ ཉེས་ཆད་དངུལ་ཀྲམ་༧༠,༠༠༠ བཀལ་ཡོདཔ་ཨིན་པས།


དེ་ཡང་ སོ་ནམ་པ་དེ་གིས་ སྤྱི་ཟླ་༡༡ པའི་ཚེས་༢༢ ཀྱི་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ དྲ་ཤིང་སི་ཨེཕ་ཊི་༡༢༡ སྣུམ་འཁོར་ཊཱག་ཅིག་ནང་བཙུགས་ཏེ་ བ་འཇོ་ཁྲོམ་རྙིངམ་ནང་ལྷོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ བདའ་ཟུན་ཡོདཔ་ཨིན་པས།
ཡིག་ཆ་ཚུ་ ཞིབ་དཔྱད་འབད་བའི་སྐབས་ ཤིང་སྐྱེལ་འདྲེན་འབད་ནི་དང་ ཤིང་འཆང་ཆོག་པའི་ ཡིག་ཆ་ཚུ་ བཏོན་ནི་མིན་འདུག་ཟེར་ ནགས་ཚལ་གླིང་འཛིན་འགོ་དཔོན་ བཙན་སྐྱོགས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱིམ་རྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་མི་ སྟོང་ཕུ་ཤིང་ཚུ་ མཁོ་ལྟག་ཁ་ལས་བཏོན་ཏེ་ དྲ་ནུག་ཟེར་ སླབ་ཡོདཔ་མ་ཚད་ ཉེས་ཅན་གྱིས་ ཤིང་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཉེས་ཆད་བཏབ་དགོཔ་ཨིན་པས།
དེ་ཚེ་ཉིན་མ་ ཞིབ་དཔྱད་རྐྱབ་མི་ ནགས་ཚལ་འགོ་དཔོན་ཚུ་གིས་ དབང་འདུས་སྦས་ཆུ་ལུ་ ཕོ་སྐྱེས་༣ གྱིས་ ཚུལ་མིན་ཐོག་ལས་ ཉ་བཟུང་ནི་གི་ དཔའ་བཅམ་མི་ལུ་བརྟེན་ ཉེས་ཆད་དངུལ་ཀྲམ་༣,༠༠༠ བཀལ་ཡོདཔ་ཨིན་པས།
མ་གཞི་ ཕོ་སྐྱེས་ཚུ་གིས་ ཉ་མ་ཐོབ་རུང་ ཉ་བཟུང་ནིའི་ ཅ་ཆས་ཚུ་ འཆང་སྤྱོད་འབད་མི་ལུ་བརྟེན་ ཉེས་ཆད་བཀལ་ཡི་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སྦས་ཆུ་དེ་ བ་འཇོ་ཁྲོམ་རྙིངམ་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ ས་ཁར་ཨིནམ་ད་ རོང་ཆུ་དེ་ ཀ་གཞི་རྒེད་འོག་ལས་ དྭངས་ཆུ་ནང་ འབབ་དོ་ཡོདཔ་ཨིན་པའི་གནས་ཚུལ།



 
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment