གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

ཁྲིམས་སྲུང་འགག་པ་ཚུ་ བརྟག་ཞིབ་འབད་ནི་དང་འབྲེལ་བའི་ སྦྱོང་བརྡར་འབད་བའི་བསྒང་།
 ༢༩/༡༡/༡༢། ༉ ད་ལས་ཕར་ རྫོང་ཁག་༢༠ ག་རའི་ནང་ ཁྲིམས་འགལ་དང་འབྲེལ་བའི་གནད་དོན་ཚུ་ གཅིག་མཚུམས་དང་ སྙོམས་ཏོག་ཏོ་གི་ཐོག་ལས་ ཞིབ་དཔྱད་འབདཝ་ད་ ཁེ་ཕན་འབྱུང་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་ཚུ་ལུ་ བརྟག་ཞིབ་འབད་ནི་དང་འབྲེལ་བའི་ སྦྱོང་བརྡར་ལས་རིམ་ཅིག་ དབང་འདུས་ཕོ་བྲང་ལུ་སྦེ་ འགོ་འདྲེན་འཐབ་མི་དེ་ འདས་པའི་བདུན་མཐའ་ནང་ མཇུག་བསྡུ་ཡི།
ཉིན་གྲངས་༣ གྱི་ སྦྱོང་བརྡར་ལས་རིམ་དེ་ དབང་འདུས་དང་ སྤུ་ན་ཁ་ དེ་ལས་ མགར་ས་རྫོང་ཁག་༣ གྱི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ ཉེས་ཆད་དང་ བྱ་ངན་འབད་བའི་གནས་སྡུད་ བསྡུ་ལེན་འབད་ཐངས་དང་ ཚན་རིག་ཐོག་གི་ བརྟག་དཔྱད་དང་འབྲེལ་བའི་གནས་སྡུད་ བསྡུ་སྒྲིག་འབད་ཐངས་ཚུ་གི་སྐོར་ལས་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན། 

སྤྱི་དཔོན་ བློ་བཟང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་གི་ཐོག་ལས་ ཁྲིམས་སྲུང་འགག་པ་གིས་ སྟབས་ཅིག་ཁར་ འགན་ཁུར་ལེ་ཤ་ འབག་ཚུགས་ནི་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིནམ་མ་ཚད་ ཡིག་ཚང་ནང་ ལཱ་འབད་བའི་སྐབས་ གཅིག་གིས་གཅིག་ལུ་ གྲོགས་རམ་དང་ མཐུན་འབྲེལ་གྱི་ཐོག་ལས་ ལཱ་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ལས་རིམ་དེ་གིས་ བྱ་ངན་འབད་བའི་ བདེན་རྟགས་ཚུ་ ཁ་གསལ་སྦེ་ ཐོ་བཀོད་འབད་དེ་ བཞག་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིནམ་ད་ དེ་ཡང་ རྐྱེན་ངན་བྱུང་སྟེ་ ལོ་༢༠ དང་༣༠ གི་རྒྱབ་ལས་ རྩོད་གཞི་ཕྱེ་དགོ་པ་ཅིན་ ཁྲིམས་སྲུང་གི་ཧོང་ལས་ བདེན་རྟགས་སྤྲོད་དགོཔ་རེ་འཐོན་པ་ཅིན་ བྱིན་ཚུགས་འབད་དགོཔ་ཟེར་ སླབ་ཨིན་པས།


དེ་མ་ཚད་ རྒྱལ་ཁབ་མང་ཤོས་ཅིག་ནང་ དེ་བཟུམ་གྱི་ ལམ་ལུགས་ཡོདཔ་ལས་ འབྲུག་ལུ་ཡང་ དེ་བཟུམ་གྱི་ལམ་ལུགས་ འགོ་བཙུགས་དགོཔ་ཁག་ཆེ་ནི་དེ་གིས་ ད་ལྟོ་ལས་ ལམ་ལུགས་འགོ་བཙུགས་ནི་ཟེར་ ཁོ་གིས་ སླབ་ཨིན་པས།


ལམ་ལུགས་དེ་གི་ཐོག་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ རྩོད་གཞི་ཕྱེ་བའི་སྐབས་ དྲང་བདེན་གྱི་ཐོག་ལས་འབད་ནི་ལུ་ཡང་ ཕན་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ གལ་སྲིད་ ཁྲིམས་སྲུང་འགག་པ་གིས་ རྩོད་གཞི་དེ་ ཁོང་གི་ཁེ་ཕན་ལུ་ལྟ་སྟེ་ འབད་ནིའི་ཉེན་ཁ་ ག་བཟུམ་ཡོདཔ་ཨིན་ནིའི་སྐོར་ལས་ ཁ་གསལ་སྦེ་ བཤད་བྱིན་ཡོདཔ་ཨིན་པས།


སྦྱོང་བརྡར་ཉིནམ་༣ པའི་ནང་ ཁྲིམས་སྲུང་འགག་པ་ཚུ་གིས་ བྱ་ངན་ཚུ་ ཞིབ་དཔྱད་འབད་ཐངས་ཀྱི་སྐོར་ལས་ འགྲེམ་སྟོན་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་ཚུ་གིས་ ལག་ཆས་དང་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ཡང་ སྦྱོང་བརྡར་འབད་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment