གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་འབྱོར་གོང་འཕེལ་འགྱོ་དགོ་པ་ཅིན་ ཚོང་འབྲེལ་ཁག་ཆེཝ་ཨིནམ།

༡༥/༡༡/༢༠༡༢   ༉ ད་རེས་ནངས་པ་ ཐིམ་ཕུ་ བློ་ལྡན་གཞི་ཚོགས་ཀྱི་ ཤེས་ཡོན་ལྟེ་བ་ནང་སྦེ་ ཚོང་འབྲེལ་གྱི་སྐོར་ལས་ ངོ་སྤྲོད་སློབ་སྦྱོང་བྱིན་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་ ངོ་སྤྲོད་སློབ་སྦྱོང་འབད་མི་ཚུ།


བློ་ལྡན་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་བཀྲིས་ཀྱིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ད་ཚུན་གྱི་རིང་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་བཏང་མི་ གཙོ་བོ་ཅིག་ ཚོང་འབྲེལ་ཨིན་ཟེར་ཨིན་པས།
འཛམ་གླིང་ཚོང་རིག་བདུན་ཕྲག་དེ་ འཛམ་གླིང་ནང་ ཚོང་འབྲེལ་གྱི་ བརྡ་དོན་ཁྱབ་སྤེལ་བཏང་མི་ སྦོམ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་གིས་ མི་མང་ཤོས་ཅིག་ལུ་ ག་ཅི་འབད་ནི་ཨིན་ནའི་སྐོར་ལས་ གདམ་ཁ་རྐྱབ་ནིའི་གོ་སྐབས་ འདྲ་མཉམ་བྱིནམ་ཨིན་ཟེར་ཨིན་པས།
བློ་ལྡན་གཞི་ཚོགས་ཀྱི་ཁ་ཐུག་ལས་ འཛམ་གླིང་ཚོང་རིག་བདུན་ཕྲག་དང་འབྲེལ་ འབྲུག་རྒྱལ་ཁབ་ནང་ ན་གཞོན་དང་ཚོང་པ་ཚུ་གི་དོན་ལུ་ ཚོང་འབྲེལ་དེ་ ག་དེ་དྲག་དྲག་ ཡར་རྒྱས་གཏང་དགོ་པའི་སྐོར་ལས་ སླབ་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་དང་ ཚོང་པའི་འཐུས་མི་ཚུ་ལུ་ ཚོང་འབྲེལ་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་དང་ ལམ་སྟོན་ཚུ་བྱིན་མི་དེ་ བློ་ལྡན་གཞི་ཚོགས་ཀྱིས་ ཤེས་ཡོན་སྤེལ་ནིའི་ ལྷན་ཐབས་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཕྱི་རུའི་དུས་ཚོད་ལུ་ གསལ་བཤད་དང་ གྲོས་བསྡུར་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ སྤྱིར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འབྲེལ་བའི་ ཚོང་རིག་གི་འགྱུར་བ་གཏང་དགོ་པ་ཅིན་ གཙོ་བོ་ཤེས་ཡོན་དེ་ གཞི་རྩ་ཅིག་ཨིན་ཟེར་ ཤེས་རིག་ལྷན་ཁག་གི་དྲུང་ཆེན་ ཨམ་སངས་རྒྱས་བཟངམོ་གིས་ བཤདཔ་ཨིན་པས།
ཚོང་འབྲེལ་ནང་ སྤྲོ་བ་ཡོད་མི་ཚུ་གིས་ གཙོ་བོ་ར་ མནོ་བསམ་རྒྱ་ཆེ་ས་ལས་བཏང་སྟེ་ ཚོང་འབྲེལ་འཐབ་དགོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ བསལ་དགོ་པ་ཅིན་ ཚོང་འབྲེལ་ཡར་དྲག་གཏང་དགོ་ཟེར་ མཁས་དབང་ཚུ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ ཚོང་འབྲེལ་གྱི་སྐོར་ལས་ ལམ་སྟོན་དང་ སྦྱོང་བརྡར་ཚུ་ འབད་ཚར་བའི་ཤུལ་ལུ་ དཔལ་འབྱོར་གོང་འཕེལ་དང་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ དམིགས་ཐོག་ལས་ ལཱ་ཚུ་བརྩོན་ཤུགས་བསྐྱེད་དེ་འབད་དགོ་ཟེར་ འཛིན་སྐྱོང་སློབ་སྡེའི་ སློབ་སྟོན་པ་ ནོར་བུ་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།


 
སངས་རྒྱས་དཔལ་འབྱོར།

No comments:

Post a Comment