གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཅིག་ལུ་ བཙོན་ཁྲིམས་ལོ་༡༠ དང་ ཉེས་རོགས་ལུ་ ལོ་༣ བཀལ་ཡོདཔ།

༢༤/༡༡/༢༠༡༢   ༉ ལོ་ན་མ་སྨིན་པའི་ ན་གཞོན་༢ ཀྱིས་ ཕོ་སྐྱེས་ཅིག་ བརྡུང་རྫོབ་འབད་ཞིནམ་ལས་ ཏི་རུ་འཕྱོགས་འབག་པའི་ ཁྲིམས་འགལ་བྱ་ངན་འབད་མི་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།


དེ་ཡང་ ན་གཞོན་༢ དང་ ཉམས་རྒུདཔ་དེ་ སྤྱི་ཟླ་༨ པའི་ཚེས་༡༨ ཀྱི་ནུབ་མོ་ སྤྲོ་སྟོན་ཁང་ཅིག་ནང་སོང་སྟེ་ ལོག་འོང་པའི་ལམ་ཁར་ ཆ་རོགས་ན་གཞོན་ཅིག་གིས་ ཉམས་རྒུདཔ་དེ་ལུ་ ཏི་རུ་ཡོདཔ་ཤེས་ཏེ་ འཕྲོག་བཅོམ་འབད་ནིའི་དོན་ལུ་ བརྡུང་རྫོབ་འབདཝ་ད་ ཉེས་འབྲེལ་པ་གིས་ རྡོ་འཐུ་སྟེ་དྲང་ཟེར་ རྒྱུད་བསྐུལ་འབདཝ་བཞིན་དུ་ རྡོ་གིས་མགུ་ཏོ་གུ་ ཚར་༧ དེ་ཅིག་ བླུགས་བྱིནམ་ད་ ཉམས་རྒུདཔ་དེ་ དྲན་མེད་བརྒྱལ་སོཔ་ལས་ ཏི་རུ་འཕྱོགས་འབག་སྟེ་ བྱོག་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ བརྡུང་རྫོབ་འབད་མི་ རྩི་རང་ལས་ཨིན་མི་ རོ་བིན་ ནིའུ་པཱ་ནི་ ཆེ་ཏི་རི་དེ་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་ནི་དེ་གིས་ སྨན་ཁང་ནང་ལྷོད་པའི་ཤུལ་ལས་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ དབྱེ་ཞིབ་འབདཝ་ད་ གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་རྒེད་འོག་ གཡུས་ཆོས་འཁོར་གླིང་ལས་ སྐྱེས་ལོ་༡༦ ལང་མི་ ན་གཞོན་བུཚ་ཅིག་གིས་ ཉམས་རྒུདཔ་ལས་ རྐུ་ཇག་འཕྲོག་བཅོམ་འབད་ཡོད་པའི་ མངོན་གསལ་བྱུངམ་ལས་བརྟེན་ ཁྲིམས་ཚད་དམའ་ཤོས་ དུས་ཡུན་ལོ་ངོ་༩ ལས་ མཐོ་ཤོས་ལོ་ངོ་༡༥ འོག་རྒྱུའི་ བཙོན་ཁྲིམས་ཕོགཔ་ཨིན་པས།
ཨིན་རུང་ ཉེས་འཛུགས་ཅན་དེ་ ལོ་ན་མ་སྨིན་པའི་ རྒྱུ་མཚན་ལུ་བརྟེན་ཏེ་ ཁྲིམས་ཚད་ཕྱེད་ཀ་ ལོ་༥ ཕོག་པའི་ཁར་ ཉམས་རྒུད་པའི་མགུ་ཏོ་གུ་ རྡོ་བླུགས་པའི་རྐྱེན་གྱིས་ ཤི་རྐྱེན་བྱུང་བའི་ ཉེས་པ་ལུ་བརྟེན་ དུས་ཡུན་དམའ་ཤོས་ ལོ་ངོ་༩ ལས་ མཐོ་ཤོས་༡༥ ཕོག་པའི་ ཁྲིམས་ཚད་ཕྱེད་ཀ་ཕོགཔ་ད་ བསྡོམས་ཀྱི་བཙོན་ཁྲིམས་ ལོ་༡༠ བཀལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་ལས་ཨིན་མི་ སྐྱེས་ལོ་༡༥ ལང་མི་ ན་གཞོན་དེ་གིས་ རྐུ་ཇག་འཕྲོག་གསུམ་འབད་ནི་ལུ་ རྒྱུད་བསྐུལ་འབད་དེ་ བྱ་ངན་ནང་འབྲེལ་གཏོགས་འབད་ཡོདཔ་ལས་ ཁྲིམས་ཚད་དམའ་ཤོས་ ལོ་༣ ལས་ མཐོ་ཤོས་ལོ་ངོ་༥ འོག་རྒྱུའི་ བཙོན་ཁྲིམས་ཕོག་དགོཔ་ཨིན་རུང་ ལོ་ན་མ་སྨིན་པ་ཨིནམ་ལས་ ཁྲིམས་ཚད་ཕྱེད་ཀ་ ལོ་ངོ་༢ འབག་དགོཔ་ཨིན་པས།
ཁོ་གིས་ བརྡུང་རྫོབ་འབད་ནི་ལུ་ ཆ་རོགས་འབད་ཡོདཔ་ལས་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ ལོ་༡ ལས་ མཐོ་ཤོས་ལོ་༣ འོག་རྒྱུའི་ བཙོན་ཁྲིམས་ཕོག་པའི་ཕྱེད་ཀ་ ལོ་༡ བཀལཝ་ད་ བསྡོམས་ཀྱིས་བཙོན་ཁྲིམས་ལོ་༣ གྱི་ འཁྲུན་ཆོད་བཏོན་གནང་ནུག།
ཚེ་འདས་ རོ་བིན་ ནིའུ་པཱ་ནི་ ཆེ་ཏི་རི་གི་ཕོ་རྒནམ་ སུ་ནིལ་གྱིས་ རྒུད་འཐུས་ཚུ་ བཙོན་ཁྲིམས་ཕོག་མི་༢ ཀྱི་ ཕམ་ཚུ་དང་གཅིག་ཁར་ ནང་འགྲིགས་འབད་ནི་ཨིན་ཟེར་ ཞུ་མི་དེ་ལུ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་དེ་ འཁྲུན་ཆོད་བཏོན་ཡོད་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment