གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་གྱི་བར་ན་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༢༨/༡༡/༢༠༡༢    ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་མདའ་གཞུའི་ཐོག་ལས་ སྡེ་ཚན་༤ གི་བར་ན་ འགྲན་བསྡུར་འབདཝ་ད་ ཉིནམ་དང་པའི་ནང་ སྡེ་ཚན་ག་གིས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།

འཚོ་ཆེན་རྒཔོ་སྡེ་ཚན་གྱིས་ བཀག་རེག་ཕོག་པའི་ དགའ་ཚོར་གྱི་མདའ་འཆམ་རྐྱབ་པའི་བསྒང་།

དེ་ཡང་ ལྟག་གི་འབའ་སྐྱོར་ནང་ ཆ་རོགས་༡༣ དང་ གྲོགས་པོ་༡༣ སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབདཝ་ད་ སྐོར་ཐེངས་༡༥ འི་ནང་ གྲོགས་པོ་༡༣ སྡེ་ཚན་གྱིས་ སྐུགས་དང་པམ་ཆོདཔ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༤ ཐོབ་ཅི།
ཨིན་རུང་ ཕྱི་རུའི་དུས་ཚོད་ཚངམ་ད་ ཆ་རོགས་སྡེ་ཚན་གྱིས་ སྐུགས་༡༠ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༡ ལས་བརྒལ་ཐོབ་མ་ཚུགས་པས།
དེ་བཟུམ་སྦེ་ འོག་གི་འབའ་སྐྱོར་ནང་ འཚོ་ཆེན་རྒཔོ་དང་ འབྲུག་ལྟ་བཤལ་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབདཝ་ད་ སྐོར་ཐེངས་༢༥ འི་ནང་ འཚོ་ཆེན་རྒཔོ་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ཆོདཔ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༩ ལས་བརྒལ་ཐོབ་མ་ཚུགས་པས།
སྐུགས་གཉིས་པའི་དོན་ལུ་ རྩེད་འགྲན་ལོག་འགོ་བཙུགས་ཏེ་ འཚོ་ཆེན་རྒཔོ་སྡེ་ཚན་གྱིས་ བཀག་རེག་༢ ཕོགཔ་ད་ བྱང་ཕྱད་སྡེ་ཙན་གྱིས་ བཀག་རེག་གཅིག་ཕོགཔ་ལས་ སྐུགས་༢ ཐོབ་ཡོདཔ་བཞིན་དུ་ དུས་ཡུན་ཚངམ་ད་ སྐུགས་༦ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༤ ཐོབ་ཅི།
ད་རིས་ཀྱི་ སྡེ་ཚན་༤ ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་གཉིས་ཀྱིས་ མཐའ་བཅད་ཆུང་བའི་ནང་ ལྷོད་ནི་ཨིནམ་ད་ ནངས་པ་ སྡེ་ཚན་ཀ་པ་ལས་ མཐའ་བཅད་ཆུང་བའི་རྩེད་འགྲན་ནང་ ཐིམ་ཕུ་མཉམ་རོགས་དང་ ཤར་རི་ཚེ་ལྡན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ སྡེ་ཚན་ཁ་པ་ལས་ འབྲུག་གློག་མེ་ལས་འཛིན་དང་ ད་རིས་ རྩེད་འགྲན་འབད་མི་ ཆ་རོགས་༡༣ དང་ གྲོགས་པོ་༡༣ ག་གིས་ རྒྱལ་ཁ་འཐོབ་མི་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།




བཀྲིས་ཕུན་ཚོགས།

No comments:

Post a Comment