གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོགས་པོ་༡༣ གྱིས་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་ལས་རྒྱལ་ཁ།

༢༣/༡༡/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ ད་ལྟོ་རྩེད་འགྲན་འབད་བའི་བསྒང་ཡོད་མི་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ ཁ་ཙ་ གྲོགས་པོ་༡༣ དང་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ གྲོགས་པོ་༡༣ གྱིས་ སྐུགས་ཆོད་དཔ་ལས་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།


སྡེ་ཚན་༢ ཀྱི་རྩེད་འགྲན་དེ་ འབའ་སྐྱོར་ ལྟག་གི་ནང་ རྩེད་འགྲན་འབད་ཡོདཔ་ད་ རེས་གཟའ་ཕུར་བུ་ལུ་ གྲོགས་པོ་༡༣ དང་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱིས་བར་ན་ རྩེད་འགྲན་འབདཝ་ད་ ཉིནམ་གཅིག་ནང་ གྲོགས་པོ་༡༣ གྱིས་ སྐུགས་གཅིག་ལས་བརྒལ་ཆོད་མ་ཚུགས་མི་དེ་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ ཆོད་མ་བཅུག་པར་ དོ་འགྲན་འབདཝ་ལས་ དུས་ཡུན་ལེ་ཤ་འགོར་ཡོདཔ་ཨིན་པས།
ཉིན་མའི་ལྟོ་བཟའ་ཞིནམ་ལས་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ནང་ གནམ་ལྕགས་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༢༡ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་ཆོད་ཡོདཔ་ད་ ཕྱི་རུའི་ཆུ་ཚོད་ཕྱེད་དང་ལྔ་ལུ་ དུས་ཚོད་ཚངམ་ད་ སྐུགས་ཆོད་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་མི་དེ་ ཉི་མ་ལྟོ་བཟའ་རན་ཁར་ སྐུགས་༢༥ ཐོབ་སྟེ་ ཆོད་པའི་སྐབས་སུ་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༡ ལས་བརྒལ་ཐོབ་མ་ཚུགས།
དེ་བཟུམ་སྦེ་ འབྲུག་གློག་མེ་ལས་འཛིན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ ཉིནམ་གཅིག་ནང་ར་ གངས་རི་ལམ་འགྲུལ་སྡེ་ཚན་ཕམ་བཏང་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་གློག་མེ་ལས་འཛིན་གྱིས་ སྐུགས་དང་པ་ཆོད་པའི་སྐབས་ གངས་རི་ལམ་འགྲུལ་སྡེ་ཚན་གྱིས་ སྐུགས་༡ ལས་བརྒལ་ཐོབ་མ་ཚུགསཔ་ད་ སྐུགས་༢ པམ་ཆོདཔ་ད་ སྐུགས་༡༡ ཡོདཔ་ཨིན་པས།
ད་རིས་ འཚོ་གཞི་རྒཔོ་དང་ ཀརྨ་ཚོང་ལས་སྡེ་ཚན་ དེ་ལས་ ཆ་རོགས་༡༡ དང་ སེམས་མཐུན་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment