གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱི་གསོབ་མི་ཕོ་སྐྱེས་ འཛིན་བཟུང་འབད་ཡོདཔ།

༢༣/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ ཐིམ་ཕུ་གླ་འཁོར་བཞག་སའི་ ས་ཁོངས་ཀྱི་སྦོ་ལོགས་ཁར་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་༡ ལུ་ གྱི་གསོབ་བྱིན་མི་ ཉེས་ཅན་ཕོ་སྐྱེས་དེ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཁོ་རའི་ ཉེ་ཚན་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།


བྱུང་རྐྱེན་དེ་ཡང་ ཉམས་རྒུདཔ་ཕོ་སྐྱེས་དེ་ ཉིམ་བསྲོ་སྡོད་པའི་སྐབས་ ཧང་སྟོང་མར་ ངོ་མ་ཤེས་པའི་ ཕོ་སྐྱེས་༣ ཐོན་འོང་མིའི་གྲས་ལས་ ཕོ་སྐྱེས་༡ གིས་ གྱི་གསོབ་བྱིན་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉེས་ཅན་ཕོ་སྐྱེས་དེ་གིས་ ཐབ་ཚང་ནང་ ལག་ལེན་འཐབ་མི་ གྱི་ཅུང་ཅིག་གིས་ ཁོ་གི་གདོང་གུ་ བླུགས་བྱིན་པའི་ཤུལ་ལས་ ཁོ་ར་ ཐང་ནང་འགྱེལ་སོ་ཡི་ཟེར་ཨིནམ་ད་ དེ་གི་ཤུལ་ལུ་ ཁོ་གི་སྒལ་ཏོ་ཁར་ གྱི་གསོབ་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ དེ་བསྒང་ མཐའ་འཁོར་ལུ་སྡོད་མི་ཚུ་གིས་ བཀག་ཆ་འབད་ནིའི་ དཔའ་བཅམ་ཅི་ཟེར་ཨིན་པས།
ཉམས་རྒུདཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་སའི་ སྦོ་ལོགས་ཁ་ལས་ ཚོང་པ་ཅིག་གིས་ གླ་འཁོར་ནང་བཙུགས་ཏེ་ སྨན་ཁང་ནང་ བསྐྱལ་བྱིན་ཡི་ཟེར་ཨིནམ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ཉམས་རྒུདཔ་དེ་ ཉིན་མའི་ཆུ་ཚོད་༢.༤༥ དེ་ཅིག་ཁར་ སྨན་ཁང་ནང་ འབག་འོང་ཡི་ཟེར་ཨིན་པས།
ལྟ་རྟོག་འབད་མི་ ཌོག་ཊར་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་དེ་ སྨན་ཁང་ནང་ འབག་འོང་བའི་སྐབས་ གདོང་གུ་རྨ་སྐྱོན་སྦོམ་སྦེ་ར་ བཏོན་ཡོདཔ་མ་ཚད་ ལགཔ་དང་ སྒལ་ཏོ་གུ་ རྨ་ཁ་གཏིང་རིངམོ་སྦེ་ བཏོན་ཡོད་རུང་ ཕོཝ་ནང་ན་རྨ་སྐྱོན་ཚུ་ ག་ནི་ཡང་ མ་བྱུང་པས་ཟེར་ཨིན་པས།
ད་ལྟོ་ ཉམས་རྒུདཔ་དེ་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ གནས་སྟངས་ལེགས་ཤོམ་སྦེ་ཡོད་ཟེར་ ཌོག་ཊར་གྱིས་ བཤདཔ་ཨིན་པས།
ཉམས་རྒུདཔ་ཕོ་སྐྱེས་དེ་ ལྷུན་རྩེ་རྫོང་ཁག་ སྟོང་གླིང་རྒེད་འོག་ལས་ཨིནམ་ད་ ཁོ་ར་ ཐིམ་ཕུ་ལུ་ གནས་སྦྲེལ་ཟ་ཁང་ཅིག་ ལག་ལེན་འཐབ་སྟེ་ སྡོད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ངན་དེ་ གནད་དོན་ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ གཏན་འཁེལ་མ་ཤེསཔ་ལས་ ཉེས་ཅན་ཕོ་སྐྱེས་དེ་ དྲི་དཔྱད་འབད་ནིའི་དོན་ལུ་ ད་ལྟོ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment