གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཨང་དང་པའི་ གསོལ་རས་ཐོབ་ཡོདཔ།

༢༡/༡༡/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༩ ལས་འགོ་བཙུགས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ཀོལ་བཱར་འཛིན་སྐྱོང་གིས་ འགོ་འདྲེནའཐབ་མི་ ལས་ཁུངས་ཁག་གི་བར་ནའི་ ཕུཊ་བཱོལ་རྩེད་འགྲན་དེ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གཱོལ་༢ བཙུགས་ཏེ་ ཤེས་རིག་ལྷན་ཁག་ལས་ རྒྱལ་ཁ་ཐོབ་ཅི།
རྒྱལ་ཁ་ཐོབ་མི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྡེ་ཚན།


བར་མཚམས་ཚུན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གཱོལ་༢ བཙུགས་ཡོདཔ་ད་ ཤེས་རིག་ལྷན་ཁག་གིས་ གཱོལ་༡ ཡང་བཙུགས་མ་ཚུགསཔ་ཨིན་པས།
བར་མཚམས་ངལ་གསོའི་ཤུལ་ལས་ ཤེས་རིག་ལྷན་ཁག་གིས་ གཱོལ་༡ བཙུགས་ཡོད་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ དོ་འགྲན་འབད་མ་ཚུགས་པས།
ཤེས་རིག་ལྷན་ཁག་དང་ འབྲུག་གློག་བརྙན་ཚོགས་པའི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཤེས་རིག་ལྷན་ཁག་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྩེད་འགྲན་༢ པའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ རྒྱལ་ཁ་ཐོབ་སྟེ་ མཐའ་བཅད་ནང་ ལྷོད་ཡོདཔ་ཨིན་པས།
མ་གཞི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཚེས་༡༡ ལུ་ འགོ་འདྲེན་འཐབ་ནི་ཨིན་རུང་ གསོལ་རས་ཀྱི་བྱ་སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ལུ་ གསོལ་རས་དངུལ་ཀྲམ་༥༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༣༠,༠༠༠ བྱིན་ནི་འབད་ཁས་བླངས་འབད་རུང་ མ་དངུལ་གྱིས་ལང་མ་ཚུགསཔ་ལས་ འཐུས་ཤོར་སོ་ཡི་ཟེར་བཤད་ཅི།
ཨིན་རུང་ རྒྱལ་ས་ལྟེ་བ་ རེལ་ཨིསི་ཊེད་ཌེབ་ལོབ་པར་གྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment