གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་པ་ར་གི་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༡༦/༡༡/༢༠༡༢   ༉ བཀྲིས་སྒང་ཝམ་རོང་གི་ ཚོང་ཁང་ཚུ་གི་གདོང་ཁར་བཙོང་མི་ རྐང་པ་ར་གི་ཨེ་མ་དང་ ཚར་བཟོའི་ཅ་ཆས་ཚུ་ གཡུས་མི་ཚུ་གི་དོན་ལུ་ འོང་འབབ་ངོ་མ་ཅིག་ཨིན་པས།
ཨིན་རུང་ ཧེ་མ་དང་ཕྱདཔ་ད་ ཐོན་སྐྱེད་ཚུ་ ཉམས་འགྱོ་མི་ལུ་བརྟེན་ འོང་འབབ་ཡང་ མར་ཉམས་འགྱོ་བའི་ ཚ་གྱང་དང་འདྲོག་བྱེལ་འཐབ་དོ་ཡོདཔ་ཨིན་པས།

རྐང་པ་ར་གིས་ ཧེ་མ་ ཚར་བཟོའི་ཅ་ཆས་དང་ ཨེ་མ་སྐམ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ ཐོན་སྐྱེད་འབདཝ་ཨིན་རུང་ ད་རེས་ནངས་པ་ དཀོན་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་མས།


དེ་མ་ཚད་ མི་སེར་སོ་ནམ་པ་ཚུ་ ལོ་བསྟར་བཞིན་དུ་ གནས་སྟངས་སྐྱོ་དྲགས་འགྱོ་མི་ལུ་བརྟེན་ ཁོང་ར་ དུས་རྒྱུན་དུ་ལག་ལེན་ འཐབ་ནིའི་དོན་ལུ་ ཚར་གྱི་ཐོན་སྐྱེད་ཚུ་ བཟོ་མ་ཚུགས་པའི་ཚ་གྱང་དང་ བཟའ་སྤྱོད་འབད་ནིའི་དོན་ལུ་ ཐ་ན་ ཨེ་མ་ཡང་ མ་ལང་པའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
སྐྱེ་ལོ་༦༠ ལང་མི་ པདྨ་རིག་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཨེ་མའི་ཐོན་སྐྱེད་ཚུ་ ལོ་བསྟར་བཞིན་དུ་ མར་བབས་འགྱོཝ་མས་ཟེར་ཨིནམ་ད་ ཨེ་ཤིང་ཛུ་ དོག་མ་བཏག་པའི་དུས་ཚོད་ལུ་ ཆརཔ་མ་ཆད་པར་རྐྱབ་ནི་དེ་གིས་ ཐོན་ཤུགས་ལེགས་ཤོམ་མ་འོང་ཟེར་ཨིན་པས།
རྐང་པ་ར་རྒཔོ་ ཆེམ་པ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་དག་པ་ཅིག་གི་ཧེ་མར་ སོ་ནམ་པ་ཚུ་གིས་ ཨེ་མ་ཕད་རྩེ་ལས་བཅད་དེ་ ཕྱིར་ཚོང་འཐབ་ཚུགས་རུང་ དུས་ཅི་ ཁོང་ར་བཟའ་ནི་རྐྱངམ་གཅིག་ལས་ ལང་མི་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ནང་ ཧེ་མ་དང་ཕྱདཔ་ད་ ཚར་ཚུ་ ལེགས་ཤོམ་སྦེ་ མ་སྐྱེས་ནི་དེ་གིས་ མི་སེར་ཚུ་གིས་ཡང་ ཚར་བཟོའི་ལཱ་ཚུ་ བཤོལ་བཞགཔ་མས་ཟེར་ཨིན་པས།
ཆེམ་པ་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་མི་ལ་ལུ་ཅིག་གིས་ ཚར་གྱི་ཐོན་སྐྱེད་ཚུ་ བསམ་གྲུབ་ལྗོངས་མཁར་ལས་ འབག་འོང་ཞིནམ་ལས་ ཅ་ཆས་ཚུ་ བཟོཝ་མས་ཟེར་ཨིན་པས།
དེ་མ་ཚད་ བཞེས་སྒོ་གཙོ་ཅན་ཅིག་ཨིན་མི་ གེ་ཟ་དེ་ཡང་ དུས་ཅི་ ཐོན་ཤུགས་མེད་ནི་དེ་གིས་ བསྡུ་མ་ཚུགས་ཟེར་ སྐྱེས་ལོ་༤༥ ལང་མི་ བསོད་ནམས་ཀྱིས་ སླབ་ཨིན་པས།
གནམ་གཤིས་ཀྱི་འགྱུར་བ་ལུ་བརྟེན་ རྐང་པ་ར་རྒེད་འོག་ནང་ སོ་ནམ་ཐོན་སྐྱེད་ཚུ་ མར་འབབ་འགྱོ་དོ་ཡོདཔ་ད་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དེ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་འགུལ་གྱིས་ མཉམ་རུབ་ཐོག་ལས་ མི་སྡེའི་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནས་སྟངས་ཚུ་ བསྒྱུར་བཅོས་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ ལས་རིམ་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རང་བཞིན་གནས་སྟངས་ཚོགས་སྡེའི་ ལས་བྱེདཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐང་པ་ར་ལུ་ ཆུ་རྐ་ཚུ་ ཉམས་འགྱོ་དོ་ཡོདཔ་ལས་ གཡུས་ཚན་༡༧ གྱི་ ཁྱིམ་གུང་༣༨༣ ལུ་ བརྟག་ཞིབ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
པདྨ་རིག་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་ཚུ་ལུ་ ནད་གཞི་ཕོགཔ་ལས་ མི་ཚུ་མང་ཤོས་ར་ གཡོག་གི་དོན་ལུ་ གོ་སྐབས་གཞན་འཚོལ་ཐོག་ལས་ གཡུས་བཀོ་བཞག་སྟེ་ འགྱོ་བའི་ཁར་ ན་གཞོན་ཚུ་གིས་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འཚོལ་ཏེ་འགྱོཝ་མས་ཟེར་ཨིན་པས།
རྒེད་འོག་དེ་ནང་ མི་སེར་ཚུ་ མང་ཤོས་ར་ རྩི་རེ་དང་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ལུ་ བརྟེན་སྡོད་དོ་ཡོདཔ་ད་ ཚོགས་སྡེའི་ ལས་བྱེདཔ་གིས་འབད་བ་ཅིན་ མི་སྡེ་ནང་ ཤེས་ཡོན་མེད་མི་ཚུ་ གཅིག་ཁར་འཛོམས་ཞིནམ་ལས་ གནམ་གཤིས་འགྱུར་བ་ལུ་ གྲ་སྒྲིག་འབད་དགོ་ཟེར་ཨིན་པས།
ད་རུང་ ལས་བྱེདཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སྡེའི་ནགས་ཚལ་དང་ལེན་འབད་ནི་དང་ བྱ་གསོ་སྐྱོང་འབད་ནིའི་ ལཱ་རིགས་མ་འདྲཝ་རེ་འབད་བ་ཅིན་ དཀའ་ངལ་བསལ་ནིའི་ གོ་སྐབས་ཡོད་ཟེརཨིན་པས།
རྐང་པ་ར་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ པདྨ་དབང་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ནང་ དཀའ་ངལ་ཐོནམ་ད་ བཀག་ཐབས་མ་འདྲཝ་ཚུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་དང་ ལོ་ཐོག་ཚུ་ སྐོར་རྒྱབ་འབད་ བཙུགས་ནི དེ་ལས་ གཡུས་ཚན་གྱི་ ཐོན་སྐྱེད་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
རི་མཇུག་ས་ཁོངས་ཡིག་ཚང་གི་ ལས་བྱེདཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་རྐ་སྲུང་སྐྱོབ་ཀྱི་དོན་ལུ་ ཤིང་བཙུགས་ནི་མེད་ཟེར་ཨིནམ་ད་ རྐང་པ་ར་གི་ མི་སེར་སོ་ནམ་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྟངས་དེ་ ཧེང་སྐལ་མར་འབབ་འགྱོ་འོང་མནོ་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁོང་ཆ་ཁྱབ་ བཟའ་ནི་ག་ཅི་ཡང་ མི་འོང་ནི་མས་མནོ་བའི་ ཚ་གྱང་ལང་ནི་དེ་གིས་ གཡུས་ཚན་བཀོག་བཞག་སྟེ་ གནས་སྤོ་འགྱོ་དགོཔ་བཟུམ་ཅིག་འདུག་ཟེར་ སོ་ནམ་པ་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment