གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གཡུས་ལས་ཁྲོམ་སྡེ་ནང་ གནས་སྤོ་འགྱོ་མིའི་གྱངས་ཁ་ ཡར་འཕར།

༢༢/༡༡/༢༠༡༢   སྙན་ཞུ་དང་འཁྲིལཝ་ད་ དུས་ཅིའི་ལོ་ནང་ གྲོང་གཡུས་མི་སེར་༤,༡༦༠ དེ་ཅིག་འབདཝ་ད་ བརྒྱ་ཆ་ལས་༠.༦ དེ་ཅིག་གིས་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
༉ ལས་གཡོག་ལྷན་ཁག་གིས་ གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ གྲོང་གཡུས་མི་སེར་ཚུ་ ཁྲོམ་སྡེ་ནང་ གནས་སྤོ་འོང་མི་ལུ་བརྟེན་ རྒྱལ་ཁབ་ནང་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པའི་ཁར་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ བྱུང་བཞིན་དུ་སྡོད་ནི་མས་ཟེར་ཨིན་པས།


གྲོང་གཡུས་མི་སེར་ཚུ་ ཁྲོམ་སྡེ་ནང་ གནས་སྤོ་འོང་མི་དེ་གིས་ གྲོང་གཡུས་ཚུ་ནང་ ལས་མི་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་ ཐོན་དོ་ཡོདཔ་མ་ཚད་ ཁྲོམ་སྡེ་ནང་ ལཱ་གཡོག་གི་དཀའ་ངལ་བྱིན་དོ་ཡོདཔ་བཞིན་དུ་ མི་སྡེའི་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་ཡང་ དེ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།
ལོ་བསྟར་ལས་མི་བརྟག་ཞིབ་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ དུས་ཅིའི་ལོ་ནང་ གྲོང་གཡུས་མི་སེར་༤,༡༦༠ དེ་ཅིག་འབདཝ་ད་ བརྒྱ་ཆ་ལས་༠.༦ དེ་ཅིག་གིས་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ཡོདཔ་ད་ བརྒྱ་ཆ་༡.༢ དེ་ཅིག་གིས་ གྲོང་གཡུས་གཅིག་ལས་གཅིག་ནང་ སྤོ་བཤུད་འབད་ཡོདཔ་བཞིན་དུ་ འབྲུག་མི་བརྒྱ་ཆ་༠.༠༤ དེ་ཅིག་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ སོང་ཡོདཔ་ཨིན་པས།
བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ཁྲོམ་སྡེའི་ས་ཁོངས་ཚུ་ལས་ ཁྲོམ་སྡེ་གཞན་ཚུ་ནང་ བརྒྱ་ཆ་ལས་༠.༨ དེ་ཅིག་ གཞིས་སྤོ་འགྱོ་མི་ཡོདཔ་ད་ དེ་ཡང་ ཁྲོམ་ཁ་ལས་ རྫོང་ཁག་ཚུ་ནང་ གནས་སྤོ་འགྱོ་མི་ཚུ་ ཚུད་དེ་ཡོདཔ་ཨིན་པས།
དུས་ཅིའི་ལོ་ནང་ རྒྱལ་ཁབ་ནང་འཁོད་དང་ ལ་ལུ་ཅིག་ ཕྱིའི་རྒྱལ་ཁབ་གཞན་ཚུ་ནང་ འབྲུག་མི་གནས་སྤོ་འགྱོ་མི་༢༢,༤༠༣ ཐོན་མི་ཚུ་གིས་ སྤྱི་ལོ་༢༠༠༤ ལུ་ ལཱ་གཡོག་འཚོལ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ སོང་ནུག་ཟེར་ ཐོ་བཀོད་འབད་དེ་འདུག།
འབྲུག་རྒྱལ་ཁབ་ནང་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༦༩.༥ དེ་ཅིག་ གྲོང་གསེབ་ནང་སྡོད་མི་ཨིནམ་ད་ བརྒྱ་ཆ་༣༠.༥ ཁྲོམ་ཁར་སྡོད་མི་ཨིན་པས།
ལས་གཡོག་ལྷན་ཁག་གི་ ལས་མི་ཚོང་ལས་བརྡ་དོན་དང་ ཞིབ་འཚོལ་ལས་སྡེ་ལས་ གནས་སྡུད་གཙོ་འཛིན་འགོ་དཔོན་ ཀརྨ་ལྷུན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ གྲོང་གཡུས་མི་སེར་ཚུ་ ཁྲོམ་སྡེ་ནང་ སྤོ་བཤུད་འབད་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ གཡུས་སྒོ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་འཐོན་ཡོདཔ་ལས་ ཐབས་རང་མེད་པར་ འགྱོ་དགོཔ་འཐོན་དོ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ ཁྲོམ་སྡེ་ནང་ མཐུན་རྐྱེན་ཡོདཔ་བཟུམ་སྦེ་ གཡུས་སྒོ་ཚུ་ནང་མེད་པའི་ཁར་ འཚོ་བའི་གནས་ཚད་ལེགས་ཤོམ་མེདཔ་ཨིན་པས།
ཨིན་རུང་ ཁྲོམ་སྡེ་ནང་ སྤོ་བཤུད་འབད་བའི་ཤུལ་ལུ་ མནོ་དོན་གྲུབ་མ་ཚུགས་པའི་བསྒང་ལས་ གྲོང་གསེབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ཐོན་མི་དེ་ ཁྲོམ་སྡེ་ནང་ཡང་ དེ་བཟུམ་མའི་ དཀའ་ངལ་ཐོན་སྡོད་མི་འདུག་ཟེར་ཨིན་པས།
མི་ཚུ་གིས་ ཁྲོམ་ཁར་གནས་སྤོ་འོང་མི་དེ་ ད་རེས་ནངས་པའི་ གནས་སྟངས་ལུ་དམིགས་གཏད་བསྐྱེད་དེ་ འོངམ་ཨིན་རུང་ ཁོང་མི་སེར་ཚུ་གིས་ ཁྲོམ་ཁར་སྡོད་མི་ཚུ་གི་ གནས་སྟངས་ག་ཅི་བཟུམ་ཨིན་ན་ མ་ཤེས་པར་ ཨིནམ་འོང་ནི་མས་ཟེར་ སླབ་ཨིན་པས།
དེ་འབདཝ་ལས་ ལས་མི་བརྟག་ཞིབ་སྡེ་ཚན་གྱིས་ ཞིབ་འཚོལ་འབདཝ་ད་ གྲོང་གསེབ་ནང་ ལཱ་གཡོག་མེད་པའི་དཀའ་ངལ་བྱུང་མི་ལས་ ད་རེས་ནངས་པ་ ཁྲོམ་ཁར་སྡོད་དེ་ ལཱ་གཡོག་མེད་པར་ སྡོད་མི་དེ་ མཐོ་དྲགས་སྦེ་ཡོདཔ་ད་ དེ་ཡང་ གྲོང་གསེབ་བཟུམ་ཅིག་ནང་འབད་བ་ཅིན་ བརྒྱ་ཆ་༡.༥ ཡོད་རུང་ ཁྲོམ་ཁར་ བརྒྱ་ཆ་༣.༥ འདུག་ཟེར་ཨིན་པས།
དེ་སྦེ་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འོང་མི་ལུ་བརྟེན་ གྲོང་གསེབ་ཚུ་ནང་ ལས་མི་མ་ལང་པའི་དཀའ་ངལ་རྒྱ་ཆེ་དྲགས་སྦེ་ཐོན་དོ་ཡོདཔ་ད་ དེ་གིས་ སོ་ནམ་ཐོན་སྐྱེད་ལུ་ཡང་ ཐོ་ཕོག་དོ་ཡོདཔ་ལས་ ཟ་སྤྱོད་ཚུ་ཡང་ ནང་འདྲེན་འབད་དགོ་པའི་དུས་ཚོད་བྱུང་བའི་བསྒང་ལས་ རུ་པི་མ་ལང་པའི་དཀའ་ངལ་དེ་ བསལ་མི་ཚུགསཔ་འོང་ཟེར་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ཡོདཔ་ཨིན་པས།
འཛམ་གླིང་ཟ་སྤྱོད་དང་སོ་ནམ་ཚོགས་སྡེའི་ སྙན་ཞུ་ནང་ འབྲུག་མི་དཔྱ་༣ དེ་ཅིག་ལུ་ བཟའ་འཐུང་མ་ལང་པའི་ དཀའ་ངལ་སྦོམ་ཐོན་ཏེ་འདུག་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་དམིགས་ཡུལ་དེ་ རང་མགོ་རང་འདྲོངས་བཟོ་ནི་དེ་ཨིན་རུང་ ད་ལྟོ་ ནང་འདྲེན་ཐོག་ བཟའ་སྤྱོད་འབད་མི་དེ་ མཐོ་དྲགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ གྲོང་གསེབ་གཡུས་སྒོ་ཚུ་ལས་ མི་སེར་ཚུ་གིས་ ཁྲོམ་ཁར་ གནས་སྤོ་འོང་མི་དེ་ བསྒྱུར་བཅོས་མེད་པར་ལུས་པ་ཅིན་ བཟའ་སྤྱོད་མ་ལང་པའི་དཀའ་ངལ་འབྱུང་ནི་མས་ཟེར་ཨིནམ་ད་ ཁྲོམ་སྡེ་ཚུ་ནང་ཡང་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ སྦོམ་སྦེ་ར་ འཐོན་ནི་ཨིནམ་མ་ཚད་ མི་སྡེའི་ནང་ ཁྲིམས་འགལ་གྱི་ལཱ་དང་ རྩུབ་སྤྱོད་ དེ་ལས་ དགའ་སྐྱིད་མི་འབྱུང་ནི་མས་ཟེར་ བཀོད་དེ་འདུག།
ལས་གཡོག་བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ གསུངས་མིའི་ནང་ ལྷན་ཁག་གི་ཁ་ཐུག་ལས་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ བཀག་ཐབས་འབད་ནིའི་དོན་ལུ་ ལས་སྣ་དང་ལས་རིམ་ འབབ་ཁུངས་ཀྱི་ལས་རིམ་ དེ་ལས་ ཚོང་འབྲེལ་གྱི་ལཱ་འབད་ཐངས་ཚུའི་སྐོར་ལས་ ལས་རིམ་ཁག་མ་འདྲཝ་བཟོ་སྟེ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ ཨིན་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment