གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་ གྱི་གསོབ་སྟེ་ དམར་བསད་འབད་ཡོདཔ།

༣༠/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༢༨ ཀྱི་ ཕྱི་རུའི་ཆུ་ཚོད་༡༡ དེ་ཅིག་ཁར་ སྤ་རོ་ས་མཚམས་མཆོད་རྟེན་ལུ་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་ ཕོ་སྐྱེས་གཞན་མི་ཅིག་གིས་ གྱི་གསོབ་སྟེ་ དམར་བསད་འབད་ཡོདཔ་ཨིན་པས།


སྤ་རོའི་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ གྱི་གསོབ་མི་ དོགས་ཅན་ཕོ་སྐྱེས་དེ་ སྐྱེས་ལོ་༥༥ ལང་མི་ ཨིནམ་ད་ ཕོ་སྐྱེས་དེ་ དམར་བསད་ཀྱི་ཉེས་བཙུགས་ཐོག་ ཁྲིམས་འདུན་ལུ་ གཏང་ནི་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ ན་གཞོན་དེ་ལུ་ གྱི་གསོབ་དགོ་པའི་གནད་དོན་ངོ་མ་ ད་ལྟོ་ ག་ཅི་ཨིན་ན་ ཧ་གོ་མ་ཚུགསཔ་ལས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བྱུང་རྐྱེན་དེ་ དེ་ཚེ་ཕྱི་རུ་ དོགས་ཅན་དེ་གི་ ཁྱིམ་གྱི་སྒོ་ཁར་བྱུང་ནུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་ལུ་ ས་གནས་དེ་ཁའི་ ཁྱིམ་ཚང་ཅིག་གིས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ལྷོདཔ་ད་ ཉམས་རྒུདཔ་དེ་ ཚེ་ལས་འདས་སོ་ནུག་ཟེར་ཨིན་པས།
དོགས་ཅན་དེ་གིས་ དཔའ་རྟགས་ལག་ལེན་འཐབ་ཐོག་ལས་ ཉམས་རྒུད་པའི་ཕོཝ་གུ་ གསོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དོགས་ཅན་དེ་ ཆང་འཐུང་སྟེ་ ར་བཟི་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་རུང་ ངོ་མ་འབད་བ་ཅིན་ ཉམས་རྒུདཔ་དེ་ རྩ་ལས་ར་ ཆང་ལག་ལེན་མ་འཐབ་མི་ཅིག་ ཨིན་པའི་ཤེས་གསལ་བྱུང་ཡི་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ ཤིང་བཟོཔ་ཅིག་ཨིནམ་ད་ ཚེ་ལས་འདས་མི་ ན་གཞོན་ཕོ་སྐྱེས་དེ་ མགྲོན་ཁང་ཅིག་ནང་ ལཱ་འབད་མི་ཨིན་པའི་གནས་ཚུལ།



 
བསམ་གཏན་ཡེ་ཤེས།

No comments:

Post a Comment