གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ བསྐོ་བཞག་འབད་ནི་ཨིན་མི་ རྒྱ་གར་གྱི་གཞུང་ཚབ་གསརཔ་ གཙོ་རིམ་ཅིག་ལུ་གྱུར་ཡོདཔ།

༢༢/༡༡/༢༠༡༢   ༉ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རྩོམ་འབྲི་མཁས་མཆོག་ པ་བཱན་ ཀེ་བར་མ་དེ་ དུས་ཅིའི་ལོ་ མཇུག་བསྡུ་ཁམས་ལས་ དགོངས་ཞུ་འགྱོ་ནི་ཨིནམ་ལས་ འབྲུག་ལུ་ རྒྱ་གར་གཞུང་གི་གཞུང་ཚབ་གསརཔ་ ག་འོང་ནི་ཨིན་ན་ མ་ཤེསཔ་ཨིན་རུང་ རྒྱལ་སྤྱིའི་གནས་ཚུལ་ལས་ཁང་ཚུ་གིས་འབད་བ་ཅིན་ རྒྱ་གར་གྱིས་ འབྲུག་གི་དོན་ལུ་ གཞུང་ཚབ་གསར་བསྐོ་འབད་ནིའི་ཐད་ཀར་ འབྲུག་དང་རྒྱ་ནག་གི་བར་ན་ འཕྲལ་ཁམས་ཀྱི་ ཆེ་རིམ་གཞུང་འབྲེལ་གྱི་ གནས་སྟངས་སེམས་ཁར་བཞག་སྟེ་ བསྐོ་བཞག་འབད་ནི་ཟེར་ཨིན་པས།


རྒྱ་གར་ཧིན་དུསི་ཏཱན་ ཊ་ཡེམསི་གི་ གནས་ཚུལ་གསར་སྟོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་གསརཔ་ སཱལ་མཱན་ ཀུར་ཤིཌི་གིས་ འཕྲལ་མགྱོགས་ར་ ཕ་རཱནསི་དང་ མི་ཡཱན་མར་རྒྱལ་ཁབ་ཚུ་ནང་ གཞུང་ཚབ་གསརཔ་ བསྐོ་བཞག་འབད་དགོཔ་ཡོདཔ་མ་ཚད་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ གཏན་འཇགས་ཀྱི་ དོན་གཅོད་སྐུ་ཚབ་གསརཔ་ཡང་བསྐོ་བཞག་འབད་དགོ་པའི་ གནད་དོན་ཡོད་ཟེར་ཨིན་པས།


དེ་ཚུའི་གྲས་ལས་ གནས་ཚུལ་གསར་སྟོན་དང་འཁྲིལཝ་ད་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་བཱན་ ཀེ་བར་མ་ དགོངས་ཞུ་འབདཝ་ད་འབྲེལ་ ཕྱི་འབྲེལ་བློན་པོའི་ གཙོ་རིམ་ངོ་མ་ར་ འཕྲལ་ཁམས་ཅིག་ཁར་ འབྲུག་དང་ རྒྱ་ནག་གི་བར་ན་ འབྲེལ་བ་ཡར་སེང་འགྱོ་དོ་ཡོདཔ་ལས་ འབྲུག་གི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ གཞུང་ཚབ་གསརཔ་ བསྐོ་བཞག་འབད་ནི་ཨིན་ཟེར་བཀོད་ནུག།


ཧིན་དུསི་ཊཱན་ ཊ་ཡེམསི་གིས་ གནས་ཚུལ་ནང་ བཀོད་མི་དང་འཁྲིལཝ་ད་ སི་རི་ཡ་ལུ་ རྒྱ་གར་གྱི་གཞུང་ཚབ་ བི་པི་ ཧཱ་རཱན་དེ་ འབྲུག་ལུ་ རྒྱ་གར་གྱི་ གཞུང་ཚབ་དོན་ལས་ ད་ཚུན་ འོས་འབབ་ཅན་གྱི་ མི་ངོམ་ཅིག་་ཨིན་རུང་ མཐའ་བཅད་དེ་ ཕྱི་འབྲེལ་བློན་པོ་ སཱལ་མཱན་ ཀུར་ཤིཌི་གི་ བཀའ་རྒྱ་དང་བསྟུན་ འབད་ནི་ཟེར་ཨིན་པས།


གནས་ཚུལ་དེ་དང་འཁྲིལཝ་ད་ ཧཱ་རཱན་དེ་ ཧེ་མ་ ནེ་པཱལ་གྱི་རྒྱལཔོ་ གེ་ནེན་ཌའི་སྐབས་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དོན་གཅོད་གཙོ་འཛིན་འོག་མ་སྦེ་ ཀཱཐ་མཱན་ཌུ་ལུ་ སྡོདཔ་ཨིན་ཟེར་ བཀོད་ཡོདཔ་ཨིན་པས།


འདས་པའི་བདུན་ཕྲག་ནང་ དགོངས་ཞུ་འགྱོ་ནི་ཨིན་མི་ རྒྱ་གར་གྱི་གཞུང་ཚབ་ པ་བཱན་ ཀེ་བར་མ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ འབྲུག་རྒྱལ་ཁབ་འདི་ རང་བཙན་གྱི་རྒྱལ་ཁབ་ཅིག་ཨིནམ་ལས་ གདམ་ཁ་ག་ཅི་ར་རྐྱབ་དགོ་རུང་ རང་དབང་ཡོདཔ་ཨིན་རུང་ རྒྱ་འབྲུག་གི་མཐུན་ལམ་ལུ་ གནོད་པའི་གདམ་ཁ་དེ་ མི་འབད་ཟེར་བའི་ ཡིད་ཆེས་ཡོད་ཟེར་ཨིན་པས།


དེ་མ་ཚད་ འབྲུག་གི་ བློན་ཆེན་མཆོག་གིས་ཡང་ བློན་པོ་དང་ བརྡ་བརྒྱུད་ཞལ་འཛོམས་ཐེངས་༢༣ པའི་ནང་ འབྲུག་དང་ རྒྱ་གར་གྱི་མཐུན་ལམ་དེ་ ག་ནི་བ་ རྩ་ཅན་ཅིག་ཨིནམ་སྦེ་ གསུངམ་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཤེས།

1 comment:

  1. china and India are future of our world... bhutan being sovereign nation need to take positive relationship with both of them, being a small nation, we can't gamble or mistakenly step on the foot of either countries.... What India has to know is... bhutan has good and intake relationship with govt and people of India, but frequent trouble in boarder area is great concern of people of Bhutan... recent kidnapping, bomb blast and frequent robbery by indian people.... is my great concern... from North... China we have no trouble...

    ReplyDelete