གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་བཤེར་གྱི་བྱ་རིམ་ སྤྱི་ཟླ་༡༢ པའི་ཚེས་༣ ལས་ འགོ་བཙུགས་ནི།

༢༧/༡༡/༢༠༡༢   ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་མི་༧༥ ཆ་མཉམ་ར་ ཁྲིམས་འདུན་ལུ་འབོ་ནི།
 ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་གྱི་ སྙན་གསན་དེ་ ཤུལ་མའི་བདུན་ཕྲག་ནང་མ་གཏོགས་ འགོ་མི་བཙུགས་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་ཨིན་པས།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བདུན་ཕྲག་ཧེ་མའི་ནང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ དགོངས་ཕོག་བཀའ་རྒྱ་བཏོན་མིའི་ ཁུངས་གསལ་སྙན་གསན་སྐབས་ མོང་སྒར་ལུ་ ཉེས་རྩོད་གསུམ་རྩིས་ཏེ་ ཞི་བའི་རྩོད་གཞི་༧༥ ཐོ་བཀོད་འབད་མིའི་ སྙན་གསན་དེ་ ད་རིས་ལས་ འགོ་བཙུགས་ནི་ཨིནམ་སྦེ་ ཞུ་ཡོདཔ་ཨིན།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་༨ འབད་མི་ སྡེ་ཚན་ཅིག་ ཉེས་བཤེར་གྱི་དོན་ལུ་ ཁ་ཙ་ མོང་སྒར་ལུ་ སོང་ཡོདཔ་ཨིན་རུང་ མོང་སྒར་དྲང་དཔོན་དེ་ རྒྱལ་ཡོངས་ཁྲིམས་སྡེ་ཚོགས་སྡེའི་ ཞལ་འཛོམས་ཀྱི་དོན་ལུ་ ཐིམ་ཕུ་ལུ་ ལྷོད་ཡོདཔ་ད་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་འབད་བ་ཅིན་ རྩོད་བཤེར་གྱི་ བྱ་རིམ་ཚུ་ སྤྱི་ཟླ་༡༢ པའི་ཚེས་༣ ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་རིས་ འཚོག་ནི་ཨིན་མི་ རྒྱལ་ཡོངས་ཁྲིམས་སྡེ་ཚོགས་སྡེའི་ ཞལ་འཛོམས་ནང་ རྫོང་ཁག་དྲང་དཔོན་རབ་འབྱམས་ཅིག་གིས་ མ་དངུལ་སྒེར་སྤྱོད་འབད་བའི་སྐོར་ གྲོས་བསྡུར་འབད་ནི་ཨིནམ་ད་ དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་སྡེ་ལུ་ ངན་ལྷད་དང་འབྲེལ་བའི་ ཁ་ཉེས་ཕོག་མི་ དྲང་དཔོན་རབ་འབྱམས་ལུ་ ཁྲིམས་ཀྱི་ངོས་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་མི་ལུ་བརྟེན་ཨིན་ཟེར་ ཚོགས་སྡེའི་འཐུས་མི་ཅིག་གིས་ སླབ་ཨིན་པས།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ ཐིམ་ཕུ་ལས་ མོང་སྒར་ལུ་ སྤྱི་ཟླ་༡༢ པའི་ཚེས་༢ ལུ་ ལོག་འགྱོ་བའི་ཤུལ་ལས་ དེ་གི་ནངས་པ་ རྩོད་དོན་ནང་ འབྲེལ་གཏོགས་ཡོད་མི་༧༥ ཆ་མཉམ་ར་ ཁྲིམས་ཀྱི་འདུན་སར་ བཅར་དགོ་པའི་ བཀའ་རྒྱ་ཡི་གུ་གཏང་ནི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུལ་མིན་སྒོ་ལས་ བགོ་སྤྲོད་འབད་མི་ ཚོགས་ཆུང་གི་ འཐུས་མི་༣ ལུ་ ཁྲིམས་འགལ་གྱི་ ཉེས་འཛུགས་དང་ ཁྲོམ་ས་ཉོ་མི་༧༢ ལུ་ ཞི་རྩོད་ཀྱི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དོན་ནང་ མི་མང་རབས་ཅིག་ཡོདཔ་ལས་ སྙན་གསན་ཚུ་ མི་༧ རེ་འབད་མི་ སྡེ་ཚན་༡༠ ལུ་དབྱེ་སྟེ་ འབད་ནི་སྦེ་ ཐག་བཅད་ཡོད་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
དྲང་དཔོན་གྱིས་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ རྩོད་བཤེར་དང་གཅིག་ཁར་ ཁྲིམས་འགལ་དང་ བརྡུང་རྫོབ་དང་འབྲེལ་བའི་ རྩོད་གཞི་ཚུ་ཡང་ ཁྲིམས་ཀྱི་རིམ་པ་དང་འཁྲིལ་ ཕྱེ་ནི་ཨིནམ་ལས་ ཁྲིམས་གཏུགས་པ་ག་ར་ལུ་ སྙན་གསན་གྱི་ ཐོབ་དབང་འདྲ་མཉམ་བྱིན་ནི་ཟེར་ཨིན་པས།
དེ་ལས་ ད་ལྟོ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་གིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་མཐུན་ཨིན་མིན་དང་ ཆ་མེད་གཏང་མི་གཏང་གི་ གྲོས་ཆོད་གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ དྲང་དཔོན་ཅིག་གིས་འབད་བ་ཅིན་ བཀའ་རྒྱ་དེ་ བདུན་ཕྲག་འདི་ནང་ར་ བཏོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཆེ་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་ག་དེ་སྦེ་ར་བཏོན་རུང་ དེ་གིས་ མོང་སྒར་གྱི་ ཁྲིམས་བཤེར་བྱ་རིམ་ཚུ་ལུ་ ཐོ་མི་ཕོག་ནི་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment