གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་དང་འཁྲིལ་ ལཱ་མཇུག་བསྡུ་མ་ཚུགས་པའི་ཚ་གྱང་།

༢༣/༡༡/༢༠༡༢   ༉ ད་ཚུན་གྱི་རིང་ གཞལམ་སྒང་རྫོང་ཁག་ནང་ གློག་མེའི་ཁྱབ་ཚད་དེ་ བརྒྱ་ཆ་༤༠ རྐྱངམ་གཅིག་ཨིནམ་ལས་ གཞུང་གིས་ སྤྱི་ལོ་༢༠༡༣ ལུ་ གློག་མེ་ཁྱབ་ཚུགསཔ་བཟོ་ནི་གི་ དམིགས་གཏད་བསྐྱེད་མི་དེ་ལུ་ ཐོ་ཕོག་ནི་གི་ ཚ་གྱང་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།


བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ སྤྱི་ཟླ་༡༡ པའི་ཚེས་༢༡ ལས་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་གནངམ་དང་འབྲེལ་ གཞལམ་སྒང་རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ གནད་དོན་ག་ཅི་ལུ་བརྟེན་ གཡུས་ཚན་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་མ་ཚུགས་པར་ ལུས་སོཔ་ཨིན་ན་ཟེར་ དྲི་བཀོད་འབད་ཡོདཔ་ད་ འཆར་གཞི་ཚུ་དང་འཁྲིལ་ཏེ་ འབད་མ་ཚུགས་པ་ཅིན་ འགོ་དཔོན་ཚུ་ ལྕོགས་གྲུབ་མེད་པའི་གྲངས་སུ་ བརྩི་དགོཔ་འོང་ཟེར་བློན་ཆེན་མཆོག་གིས་གསུངས་ཡི།
འབྲུག་གློག་མེ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ གྲུབ་ཆུ་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་གི་གཡུས་སྒོ་ཚུ་ མང་ཤོས་ར་ ས་ཆ་དོག་དྲགས་སྦེ་ ཡོད་མི་ཚུ་ནང་ ཆགས་ཏེ་ཡོད་པའི་ཁར་ སྣུམ་འཁོར་གྱི་ལམ་དང་ ཟམ་ཚུ་མེད་པ་ལུ་བརྟེན་ གློག་མེ་བཀྲམ་སྤེལ་གྱི་ལཱ་ཚུ་ ཡུན་འགྱངས་ལུས་ཏེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་ གློག་ཐག་སྤྲིངས་ནིའི་དོན་ལུ་ ལཱ་ཚུ་འབད་བའི་སྐབས་ལུ་ གློག་མེ་ཀཝ་ཚུ་ སྐྱེལ་འདྲེན་འབད་ནི་ནང་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ གློག་མེ་དང་འབྲེལ་བའི་ ཅ་ཆས་ཚུ་ མང་ཤོས་ར་ ལྗིད་ཡོད་ནི་དེ་གིས་ ཧེང་སྐལ་ར་ དུས་ཚོད་ཁར་ ལཱ་མཇུག་བསྡུ་མ་ཚུགས་པའི་ དཀའ་ངལ་བཟོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་དོག་དྲགས་ཡོད་མི་དང་ ལཱ་འབད་སའི་གནས་སྟངས་ ལེགས་ཤོམ་མེད་པ་ལུ་བརྟེན་ཏེ་ རྒྱ་གར་གྱི་ལས་མི་ཚུ་གིས་ཡང་ ལཱ་འབད་མ་བཏུབ་པའི་ ཉོགས་བཤད་བཀོདཔ་མས་ཟེར་ཨིནམ་ད་ ཡོངས་ཁྱབ་འཛིན་སྐྱོང་པ་གིས་འབད་བ་ཅིན་ འཆར་གཞི་ཚུ་ག་ར་ ལེགས་ཤོམ་སྦེ་ འགྱོ་ཚུགས་པ་ཅིན་ རྫོང་ཁག་ནང་ གློག་མེ་བཀྲམ་སྤེལ་གྱི་ བརྒྱ་ཆ་༦༠ དང་༧༠ དེ་ཅིག་ལུ་ ལྷོད་ལྷོདཔ་འོང་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གསལ་བཤད་འབད་མིའི་ནང་ སྒོ་ཤིང་རྒེད་འོག་ནང་ གློག་ཤུགས་མེ་ག་ཝཱཊ་༧༧༠ འབད་མི་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་གིས་ ཁེ་ཕན་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།



གཞལམ་སྒང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment