གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་ ཁྲོམ་སའི་རྩོད་རྙོགས་ ཐོ་བཀོད་འབད་ཡོདཔ།

༡༥/༡༡/༢༠༡༢   ༉ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ཚུ་ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་འདུན་ནང་ སྣ་ཚོགས་སྙན་གསན་འབད་བའི་ཤུལ་ལས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་གྱི་མཐོང་སྣང་།


རྩོད་རྙོགས་ཀྱི་ གནད་དོན་ཚུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྙོགས་འཛིང་ནང་འབྲེལ་བ་ཡོད་མི་ མི་གྲངས་༧༥ གི་ ཞུ་ཡིག་ཚུ་ ཁྲིམས་འདུན་ལུ་ བཙུགས་པའི་ཤུལ་ལུ་ ཁྲིམས་འདུན་གྱིས་ དབྱེ་ཞིབ་མཛད་དེ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
གནད་དོན་ཚུ་གི་གྲས་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ དེ་ལས་ དེ་བསྒང་གི་ མོང་སྒར་ཁྲོམ་སྡེ་ལས་འཛིན་གྱི་ལས་བྱེདཔ་ བདེ་ཆེན་སེངྒེ་༣ ལུ་ ཁྲིམས་འགལ་གྱི་ གནད་དོན་གྲངས་སུ་ཚུད་དོ་ཡོདཔ་ད་ གཞན་མི་ཚུ་ ཞི་བའི་གནད་དོན་ཚུ་ཨིན་པས།
མོང་སྒར་རྫོང་ཁག་གི་དྲང་དཔོན་ མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ བདུན་ཕྲག་༢ དེ་ཅིག་གི་རྒྱབ་ལས་ ཁྲིམས་མཐུན་བསྟར་སྤྱོད་ཚུ་ ཚུལ་བཞིན་དུ་ འགོ་བཙུགས་ནི་ཟེར་ཨིན་པས།
དེ་ཡང་ འཕྲལ་མགྱོགས་ར་ བདུན་ཕྲག་༡ འབད་མི་ མོང་སྒར་རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་ འགོ་བཙུགས་ནི་ཨིན་པའི་ཁར་ དེ་གི་ཤུལ་ལས་ རྒྱལ་ས་ལུ་ གཞུང་འབྲེལ་ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་དགོ་ནི་དེ་གིས་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།
དགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ ཞི་བའི་གནད་དོན་ཚུ་གི་ ཐད་ལུ་ལྷོདཔ་ད་ ས་ཆ་ཚུ་ གཞུང་བཞེས་འབད་ནི་རྐྱངམ་གཅིག་ཨིནམ་བཞིན་དུ་ དུས་ཡུན་རིངམོ་སྦེ་ མི་འགོར་ནི་བཟུམ་ཡོད་རུང་ ཁྲིམས་འགལ་གྱི་ གནད་དོན་ཚུ་ནང་ དུས་ཡུན་ག་དེམ་ཅིག་ འགོར་འོང་ག་ སླབ་མི་ཤེས་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྒྱལ་པོའི་ཞིང་གི་ ས་དང་འབྲེལ་བའི་སྙན་ཞུ་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བཏང་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲོམ་ས་བགོ་བཀྲམ་དེ་ ཁྲིམས་དང་མ་མཐུནམ་སྦེ་ འབད་འབདཝ་མིན་འདུག་ཟེར་ ཐག་བཅད་ཡོདཔ་ཨིན་པས།
དེ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲོམ་གྱི་དོན་ལུ་ མི་སེར་གྱི་ ས་ཆ་ལེན་ལེནམ་ཡང་ མིན་འདུག་ཟེར་ བཀོད་ཡོདཔ་ད་ སའི་ཇོ་བདག་ཚུ་ཡང་ ཁྲོམ་ས་སྦེ་ ངོས་འཛིན་མ་འབད་བའི་ཧེ་མར་ ཀུ་རི་ཆུ་གློག་མེ་ལས་འགུལ་ལས་ ས་ཚབ་དང་ རྒུད་འཐུས་ཚུ་སྤྲོད་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
སྙན་ཞུ་དེ་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ལོག་སྤྲོད་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ གནད་དོན་དེ་དང་འབྲེལ་བའི་ ཁྲིམས་ལུགས་དང་དོན་ཚན་ཚུ་ ཁྲིམས་མཐུན་ཡོད་མེད་ བསྐྱར་ཞིབ་འབད་བའི་ཤུལ་ལུ་ མོང་སྒར་ཁྲིམས་འདུན་ལུ་ ཁྲིམས་དཔྱད་ཀྱི་དོན་ལུ་ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།


ཚེ་རིང་རྣམ་རྒྱལ།

No comments:

Post a Comment