གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྔར་ཁྱུན་ལམ་སྲོལ་ གློག་རིག་ཡོངས་འབྲེལ་ནང་ བཙུགས་ནིའི་དོན་ལུ་ ཞིབ་འཚོལ་ལས་རིམ།

༢༡/༡༡/༢༠༡༢   ༉ ཀྲོང་གསར་རྫོང་ཁག་གི་ རྒེད་འོག་ཚུ་གི་ ལྷ་ཁང་དང་དགོན་སྡེ་ ལམ་ལུགས་སྲོལ་ གནས་རྩ་ཅན་ཚུ་ རྒྱུན་སྐྱོང་འབད་བཞག་ནིའི་དོན་ལུ་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཚུ་གིས་ ཞིབ་འཚོལ་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

སློབ་གྲྭའི་ཞིབ་འཚོལ་འགོ་འདྲེན་པ་ ངག་དབང་རྒྱ་མཚོ་གིས་ ཀྲོང་གསར་ལས་ ཨམ་ཤེས་རབམོ་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་བའི་བསྒང་།

སློབ་གྲྭའི་ ཞིབ་འཚོལ་འགོ་འདྲེན་པ་ ངག་དབང་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞིབ་འཚོལ་འབད་དགོ་མི་དེ་ གཙོ་བོ་ར་ དུས་ཀྱི་འགྱུར་བ་དང་བསྟུན་ དང་ཕུ་ལས་ཡོད་མི་ དགོན་སྡེ་དང་ ལྷ་ཁང་ གནས་རྩ་ཅན་ དེ་ལས་ གཡུས་སྒོ་ཚུ་ནང་ ལུགས་སྲོལ་སོ་སོའི་ཐོག་ལས་ འབད་སྲོལ་ཡོད་མི་ལམ་ལུགས་ཚུ་ ཁ་རྒྱུན་རྐྱངམ་གཅིག་ལུ་ ལུས་དོ་ཡོདཔ་ལས་ མ་འོངས་པའི་དོན་ལུ་ ཞིབ་འཚོལ་འབད་དེ་ གློག་རིག་ཡོངས་འབྲེལ་ནང་ བཙུགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིབ་འཚོལ་ལུ་བརྟེན་ སློབ་གྲྭ་དེ་གིས་ འབྲུག་དང་ ཧི་མ་ལ་ཡ་གངས་ལྗོངས་ཀྱི་སྐོར་ལས་ སློབ་སྦྱོང་གསརཔ་ གཞི་བཙུགས་འབད་མི་དང་ སློབ་སྦྱོང་འབད་མི་ ཨ་ལུ་ཚུ་ལུ་ ཞིབ་འཚོལ་གྱི་དོན་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ཁར་ ཞིབ་འཚོལ་འབད་མི་ ལེགས་སྦྱར་བ་ཚུ་ལུ་ཡང་ སྦྱང་བ་བྱིན་ཐབས་ལུ་ ཨིན་ཟེར་ཨིན་པས།
ལེགས་སྦྱར་བ་ཚུ་གིས་ ད་ལྟོའི་ ཞིབ་འཚོལ་འབད་བའི་སྐབས་ གཏིང་ཟབ་སྦེ་ མ་འབད་རུང་ ཞིབ་འཚོལ་འབད་ཐངས་ཀྱི་སྐོར་ལས་ ཤེས་ཚུགས་ནི་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།
ཞིབ་འཚོལ་དེ་ འགོ་བཙུགསཔ་ཅིག་ འབད་ནི་དེ་གིས་ ད་ལྟོ་ ལེགས་སྦྱར་བ་དྲུག་གིས་འབད་དོ་ཡོད་རུང་ ཤུལ་མའི་ ལོ་ཚུ་ནང་ལས་ ལེགས་སྦྱར་བ་ག་ར་གིས་ བཅའ་མར་གཏོགས་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཁོང་གིས་ གཡུས་སྒོ་ཚུ་ནང་འགྱོ་སྟེ་ རང་སོའི་གདམ་ཁ་འབད་ཡོད་མི་ གནད་དོན་ཚུ་ལུ་ ཞིབ་འཚོལ་ཚུ་འབད་ནི་ཨིན་པས།
ལེགས་སྦྱར་བ་ སངས་རྒྱས་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཞིབ་འཚོལ་གྱིས་ ཁོ་བཟུམ་མའི་ ལེགས་སྦྱར་བ་གསརཔ་ཚུ་ལུ་ མ་འོངས་པ་ལུ་ ཞིབ་འཚོལ་གྱི་ལཱ་རེ་འབད་བ་ཅིན་ ཕན་ཐོགས་སྦོམ་འདུག་ཟེར་ཨིནམ་ད་ དེ་གིས་ ས་གནས་ནང་གི་ ལམ་སྲོལ་ཚུ་གི་སྐོར་ལས་ཡང་ ཧ་གོ་ནི་ལུ་ ཁེ་ཕན་འདུག་ཟེར་ཨིན་པས།
ངག་དབང་རྒྱ་མཚོ་གིས་ ལེགས་སྦྱར་བ་ཚུ་གིས་ ད་ལྟོ་འབད་མི་ ཞིབ་འཚོལ་ཚུ་གི་ཐོག་ གཏིང་ཟབ་སྦེ་འབད་ནི་གི་ འཆར་གཞི་ཡོད་མི་ཚུ་གིས་ མ་འོངས་པ་ལུ་ འབད་ནི་གི་གོ་སྐབས་ཡོད་ཟེར་ཨིན་པས།
སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ བུམ་ཐང་རྫོང་ཁག་གི་ ལྷ་ཁང་དང་ དགོན་སྡེ་ཚུ་ལུ་ ཞིབ་འཚོལ་འབད་དེ་ སློབ་གྲྭའི་ ཡོངས་འབྲེལ་འཆར་སྒོ་ནང་ བཙུགས་ཏེ་ཡོདཔ་ལས་ མ་འངོས་པ་ལུ་ ཞིབ་འཚོལ་གྱི་ལཱ་འབད་མི་ཚུ་གིས་ རྫོང་ཁག་གི་ ལམ་སྲོལ་གྱི་སྐོར་ལས་ གཏིང་ཟབ་སྦེ་ ཤེས་མ་ཚུགས་རུང་ ཁ་གསལ་དུམ་གྲ་རེ་ ཤེས་ཚུགས་ནི་གི་ དོན་ལུ་ཨིན་པས།
ལོ་ངོ་གསུམ་གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ ལས་འགུལ་དེ་ ཕྱིའི་རྒྱལ་ཁབ་ཀྱི་ སྒེར་སྡེ་ཅིག་གིས་ མ་དངུལ་གྱི་ གྲོགས་འབདཝ་ཨིན་པས།
ངག་དབང་རྒྱ་མཚོ་གིས་ ཡལ་ཉམས་ཡོད་པའི་ལམ་སྲོལ་ དཔེ་འབད་བ་ཅིན་ གཡུས་སྒོ་ཚུ་ནང་ འབད་སྲོལ་ཡོད་མི་ ལོ་ཆོག་དང་ ཚེས་བཅུ་ཚུ་ དུས་ཚོད་དང་འཁྲིལ་ཏེ་ བསྒྱུར་བ་འབྱུང་དོ་ཡོདཔ་ལས་ ད་ལྟོ་ལས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་མ་འཐབ་པ་ཅིན་ ཉེན་ཁ་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment