གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྩི་སྲུང་གི་དོན་ལུ་ རྒྱུ་མཚན་ལེ་ཤ་ཡོདཔ།

༡༤/༡༡/༢༠༡༢    ༉ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ པདྨ་དགའ་ཚལ་གྱི་ མཐའ་ཟུར་ས་གནས་ཅིག་ཨིན་མི་ ཕྱི་མོང་སློབ་གྲྭ་ནང་ མི་དབང་འབྲུག་རྒྱལ་༤ པའི་ འཁྲུངས་སྐར་དུས་སྟོན་དང་ རྩ་ཁྲིམ་ཆེན་མོའི་ ཉིནམ་བརྩི་སྲུང་འབད་ཡོདཔ་ཨིན་རུང་ བརྩི་སྲུང་འབད་དགོ་མི་ལུ་ གཞན་ཡང་ རྒྱུ་མཚན་ལེ་ཤ་ཅིག་ ཡོདཔ་ཨིན་པས།
ཕྱི་མོང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ དུས་སྟོན་བརྩི་སྲུང་འབད་བའི་བསྒང་།


དེ་ཡང་ ཉིནམ་དེ་ཁར་ ཤེས་རིག་ལོ་བརྒྱ་འཁོར་བའི་དུས་སྟོན་དང་ སློབ་གྲྭ་དེ་ གཞི་བཙུགས་འབད་དེ་ མི་ལོ་༢༥ འཁོར་བའི་ དུས་སྟོན་ ཕོགཔ་མ་ཚད་ སྤྱི་ལོ་༢༠༠༩ ལུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཤུགས་ཆེ་དྲགས་སྦེ་བྱུང་མི་ ས་ཡོམ་གྱིས་ སློབ་གྲྭའི་སྒྲིང་ཁྱིམ་ མང་ཤོས་ཅིག་ར་ མེདཔ་བཏང་པའི་ཤུལ་ལུ་ ད་རེས་ ཉམས་བཅོས་འབད་དེ་ སློབ་སྟོན་ཚུ་ ཨ་རྟག་ཧར་ལུགས་སྦེ་ འགོ་བཙུགས་ཚུགས་མི་དེ་ རྒྱུ་མཚན་གཙོ་ཅན་ཅིག་ཨིན་པས།
ཕྱི་མོང་སློབ་གྲྭ་ལུ་ ས་ཡོམ་གྱིས་ གནོད་སྐྱོན་བྱུང་མི་དང་འཁྲིལ་ སློབ་གྲྭའི་མཁོ་ཆས་ཚུ་ཡང་ མེདཔ་ཤོར་ཡོདཔ་ལས་ འདས་པའི་ལོ་༤ དེ་ཅིག་གི་རིང་ གནས་སྐབས་ཀྱི་ སྦ་སྒོར་ཚུ་ནང་སྦེ་ སློབ་བྟོན་འབད་ཡོདཔ་ཨིན་པས།
ད་རེས་ སློབ་གྲྭ་དེ་ནང་ སློབ་སྟོན་ཁང་མིག་༡ དང་ བཟའ་ཁང་༡ དེ་ལས་ བུཚ་དང་ བུམོ་ཚུ་ལུ་ ཉལ་ཁང་རེ་ཡོདཔ་ད་ སློབ་ཕྲུག་བུཚ་༣༠ དང་ བུམོ་༢༠ ཡོདཔ་ཨིན་པས།
སློབ་གྲྭའི་དབང་འཛིན་གྱིས་ སླབ་མིའི་ནང་ ལོ་ངོ་༤ དེ་ཅིག་གི་རིང་ ས་ཡོམ་གྱི་གནོད་པ་ལུ་བརྟེན་ དཀའ་ངལ་སྦོམ་སྦེ་བྱུང་མི་དེ་ ད་རེས་བསལ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
འདས་པའི་ལོ་༢༥ འི་ནང་འཁོད་ལུ་ ཕྱི་མོང་སློབ་གྲྭ་དེ་ནང་ལས་ སློབ་ཕྲུག་༦༠༠ དེ་ཅིག་གིས་ གཞི་རིམ་ཤེས་ཡོན་ཚུ་ ལྷབ་སྦྱང་འབད་དེ་ སོང་ཡོདཔ་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ལས སློབ་གྲྭ་ནང་ འཛུལ་བཞུགས་འབད་མི་ ཨ་ལུའི་གྱངས་ཁ་ཚུ་ མར་བབས་སོང་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་༦༣ ཡོད་ས་ལས་ བློ་གསར་སློབ་རིམ་ནང་ སློབ་ཕྲུག་༡ དང་ སློབ་རིམ་༢ པའི་ནང་ སློབ་ཕྲུག་༣ ལས་བརྒལ་ མེདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཕུར་པ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ཀྱི་ སློབ་གྲྭ་ནང་བཙུགས་ནི་ལུ་ ལོ་ཚད་ལང་པའི་ ཨ་ལུ་ཚུ་ཡང་ མིན་འདུག་ཟེར་ཨིན་པས།
མི་ལོ་༢༥ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ སློབ་གྲྭ་དེ་ གཞི་བཙུགས་འབད་མི་ གཡུས་ཚན་དེ་ནང་ལས་ཨིན་མི་ཞི་གཡོགཔ་ འཇིགས་མེད་བསྟན་འཛིན་དང་ སློབ་གྲྭའི་དབུ་འཛིན་དང་པ་ ད་རེས་ ཤུ་མར་མི་སྡེ་སློབ་གྲྭ་ཆུང་བའི་དབུ་འཛིན་ ངག་དབང་འཕྲིན་ལས་ཚུ་ལུ་ ངལ་རངས་ཀྱི་ གསོལ་རས་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་བགྲེསཔ་ ཀུན་དགའ་བསྟན་འཛིན་གྱིས་ རྒེད་འོག་དང་ སློབ་གྲྭའི་དོན་ལུ་ ལོ་༥ འི་འཆར་གཞི་བཟོ་ནི་ལུ་ ལྷན་ཐབས་འབད་མི་ལུ་བརྟེན་ ཁོ་ལུ་ཡང་ ངལ་རངས་བསྐྱེད་ཡོདཔ་ཨིན་པས།
དུས་སྟོན་བརྩི་སྲུང་གི་སྐབས་ལུ་ ཕྱི་མོང་གཡུས་ཚན་ནང་ལས་ གཡུས་མི་༡༠༠ དེ་ཅིག་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment