གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཚད་ལོག་སྤྱོད་འབད་མི་ལུ་ བཙོན་ཁྲིམས་ལོ་༡ ལས་ ལོ་༢ ལྷགཔ་ཅིག་བཀལ་ཡོདཔ།

༢༨/༡༡/༢༠༡༢   ༉ མོང་སྒར་ལུང་ཕྱོགས་ཀྱི་ འོང་འབབ་དང་བཅའ་དམ་ཡིག་ནང་ ལཱ་འབད་མི་རྩ་ཕན་༣ གྱིས་ ལྷན་བསྡོམས་ཐོག་ལས་ ཡིག་ཆ་བརྫུས་མ་བཟོ་སྟེ་ སྒེར་སྤྱོད་འབད་མི་ཚུ་ལུ་ མོང་སྒར་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་ཡོད་པའི་ཁར་ མ་དངུལ་སྒེར་སྤྱོད་འབད་མི་ཚུ་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།


རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་འགོ་དཔོན་ཚུ་གིས་ ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལཝ་ད་ གནད་དོན་དང་པ་ ཨྱོན་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༠༧ ལས་༢༠༠༩ ཚུན་ མོང་སྒར་ལུང་ཕྱོགས་ཀྱི་ འོང་འབབ་དང་བཅའ་དམ་ཡིག་ཚང་གི་ ཁྲལ་རིགས་བདག་སྐྱོང་སྡེ་ཚན་ནང་ ལཱ་འབད་སྡོདཔ་ད་ མི་ངོ་༤ གིས་ བསྡོམས་དངུལ་ཀྲམ་༤༩,༦༡༩.༩༠ ཡིག་ཆ་བརྫུས་མ་བཟོ་སྟེ་ ལྐོག་ཟ་འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨྱོན་དཔལ་འབྱོར་དང་ ཟླ་བ་ཚེ་རིང་༢ ཀྱིས་ ཁ་བསྡོམས་ཏེ་ ཀུན་བཟང་ཟེར་མིའི་ མིང་ཐོག་ལུ་ཡོད་པའི་ དངུལ་ཀྲམ་༣,༩༩༧.༨༠ དང་ ཨྱོན་དཔལ་འབྱོར་དང་ ཟླ་བ་ཚེ་རིང་ དེ་ལས་ འཕྲིན་ལས་རྡོ་རྗེ་བཅས་ མི་ངོ་༣ གྱིས་ འཇིགས་མེད་ཟེར་མིའི་ མིང་ཐོག་ཁར་ དངུལ་ཀྲམ་༤,༣༨༢ དེ་ཅིག་ ཡིག་ཆ་བརྫུས་མ་བཟོ་སྟེ་ ལྐོག་ཟ་འབད་ནུག་ཟེར་ ཞུ་ཡོདཔ་ཨིན་པས།
དེ་ཡང་ ཨྱོན་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༠༧ ལས་༢༠༠༩ ཚུན་ མོང་སྒར་ལུང་ཕྱོགས་འོང་འབབ་དང་བཅའ་དམ་ཡིག་ནང་ ཁྲལ་རིགས་བདག་སྐྱོང་སྡེ་ཚན་ནང་ ལཱ་འབདཝ་ད་ རང་སོའི་འབབ་ཁུངས་ཁྲལ་གྱི་ རྩིས་ཁྲ་བརྫུས་མ་བཟོ་སྟེ་ སྒེར་སྤྱོད་འབད་ཡོདཔ་བཞིན་དུ་ ཟླ་བ་ཚེ་རིང་དེ་ སྤྱི་ལོ་༢༠༠༧ ལས་༢༠༠༩ ཚུན་ ལུང་ཕྱོགས་འོང་འབབ་དང་བཅའ་དམ་ཡིག་ཚང་ནང་ རྩིས་ཞིབ་དང་དངུལ་རྩིས་སྡེ་ཚན་ནང་ ལཱ་འབད་ཡོདཔ་ད་ འཕྲིན་ལས་རྡོ་རྗེ་དེ་ ལུང་ཕྱོགས་འོང་འབབ་དང་བཅའ་དམ་ཡིག་ཚང་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཨྱོན་དཔལ་འབྱོར་དང་ ཟླ་བ་ཚེ་རིང་ དེ་ལས་ འཕྲིན་ལས་རྡོ་རྗེ་༣ གྱིས་ ཡིག་ཚང་གི་ལཱ་འབདཝ་ད་ ཆེད་དུ་དམིགས་ཏེ་ འབྲུག་གཞུང་གི་ རང་སོའི་ འབབ་ཁུངས་ཁྲལ་རིགས་ལས་བྱུང་བའི་ འོང་འབབ་ཀྱི་དངུལ་ཚུ་ མནོ་ཤེས་དྲན་ཤེས་ཀྱི་སྒོ་ལས་ མི་ངོ་བརྫུས་མ་བཟོ་སྟེ་ ལྐོག་ཟ་འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོང་༣ གྱིས་ ཡིག་ཚང་གི་ བྱ་སྒོའི་ལམ་ལུགས་དང་ འགན་འཁྲི་ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པར་ མངོན་གསལ་བྱུང་བའི་ཁར་ ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ མི་ངོ་ལུ་ སྤྲོད་པའི་འགན་འཁྲི་དང་ དབང་ཚད་དེ་ ལོག་སྤྱོད་འབད་ཡོདཔ་ལས་ ཞི་གཡོག་གི་ སྒྲིག་གཞི་དང་མ་མཐུན་པའི་ལཱ་འབད་མི་དེ་ ངན་ལྷད་ཀྱི་ལཱ་ཨིནམ་ལས་ ཞི་གཡོག་པའི་ ཀུན་སྤྱོད་རྣམ་གཞག་ཚུ་ལས་ ལྷག་པར་དུ་ འགལ་ཡོདཔ་ལས་ ཉེས་ཁྲིམས་བཀལ་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ འབྲུག་གི་གཞི་རྩོད་དང་ཉེས་རྩོད་ཁྲིམས་དེབ་ཀྱི་ དགོངས་དོན་དང་འཁྲིལ་ཏེ་ ཨྱོན་དཔལ་འབྱོར་ལུ་ ཉེས་ཁྲིམས་ལོ་༢ དང་ ཟླཝ་༨ བཀལ་ཡོདཔ་ཨིན་རུང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་དང་འཁྲིལ་ཏེ་ ཁྲིམས་འཐུས་བཏབ་ཆོགཔ་ད་ དངུལ་ཀྲམ་༩༧,༢༡༡.༩༢ སླར་ལོག་གཞུང་ལུ་ སོར་ཆུད་བཏབ་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཟླ་བ་ཚེ་རིང་དང་ འཕྲིན་ལས་རྡོ་རྗེ་ལུ་ ཉེས་ཁྲིམས་ལོ་རེ་ བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་ཆོགཔ་ཨིནམ་ད་ དངུལ་ཀྲམ་༧,༨༨༧.༦༠ གཞུང་ལུ་ སོར་ཆུད་འབད་དགོཔ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ འཁྲུན་ཆོད་བཏོན་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment