གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ན་རྒས་རུང་ རྐྱང་ཕྱག་འཚལ་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ།

༢༧/༡༡/༢༠༡༢   ༉ དད་དམ་ཅན་གྱི་ཕོ་སྐྱེས་གཅིག་གིས་ ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ལས་ རྟ་མགོ་ཚུན་ཚོད་ རྐྱང་ཕྱག་འཚལ་ཏེ་ འགྱོ་བའི་བསྒང་ཡོདཔ་ད་ བདུན་ཕྲག་༡ དེ་ཅིག་ལུ་ ཁོ་གིས་ རྟ་མགོ་ལུ་ ལྷོད་ཚུགས་ནི་ཨིན་པས། 


དེ་ཡང་ ཀྲོང་གསར་རྫོང་ཁག་ གླང་ཐལ་རྒེད་འོག་ གཡུས་བ་གླིང་ལས་ སྐྱེས་ལོ་༧༢ ལང་མི་ བསོད་ནམས་རྡོ་རྗེ་གིས་ སྤྱི་ཟླ་འདི་གི་ཚེས་༢༤ ལས་འགོ་བཙུགས་ ཐིམ་ཕུ་རྗེས་དྲན་མཆོད་རྟེན་ལས་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ཚུན་དང་ ད་རུང་ ལོག་སྟེ་ རྐྱང་ཕྱག་འཚལ་འོང་ནི་ཨིན་པས།
ཁོ་གིས་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ ཁོ་རའི་གནས་ཚང་ ཚེ་ལས་འདས་པའི་ཤུལ་ལུ་ ཐིམ་ཕུ་ནང་འཁོད་ཀྱི་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ལས་ཕར་ རྐྱང་ཕྱག་འཚལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
འདས་པའི་ཟླཝ་༣ ནང་ ཁོ་གིས་ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་ལས་ བདེ་ཆེན་ཕུག་ཚུན་དང་ བདེ་ཆེན་ཕུག་ལས་ ཐིམ་ཕུ་ཚུན་ དེ་ལས་ ཐིམ་ཕུ་ལས་རྟ་མགོ་དང་ རྟ་མགོ་ལས་ ཐིམ་ཕུ་ཚུན་ རྐྱང་ཕྱག་འཚལ་ཚར་ཡོད་པའི་ཁར་ ད་རིས་འབདཝ་ད་ རྟ་མགོ་ལུ་ ཐེངས་༢ པ་འཚལ་འགྱོ་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དགོངས་རྫོགས་མཆོད་རྟེན་དང་ བདེ་ཆེན་ཕུག་གི་བར་ན་ ཡར་མར་རྩིས་ཏེ་ ཉིནམ་༨ དང་ དགོངས་རྫོགས་མཆོད་རྟེན་དང་ རྟ་མགོའི་བར་ན་ ཉིནམ་༡༥ དེ་ཅིག་ འགོརཝ་མས་ཟེར་ཨིན་པས།
ཕྱག་འཚལ་འགྱོ་བའི་ལམ་ཁར་ ཞག་ལུསཔ་ད་ ཁོ་རའི་ངོ་ཤེསཔ་ཚུའི་ཁྱིམ་ནང་སྡོད་དོ་ཡོདཔ་ད་ ཞག་སྡོད་སའི་ཁྱིམ་མེད་པའི་ས་གནས་ནང་ལྷོདཔ་ད་ གླ་འཁོར་དང་ མི་མང་འགྲུལ་འཁོར་ནང་ འཛུལ་འགྱོ་དོ་ཡོདཔ་ཨིན་པས།
ཆོས་སེམས་དང་ལྡན་མི་ཚུ་གིས་ ཁོ་ལུ་ ཏི་རུ་རེ་བྱིན་ཏེ་འབད་རུང་ དེ་ཚུ་ཁོ་གིས་ག་ལྷོད་སྦེ་ ལེན་ནི་མེད་ཟེར་ཨིན་པའི་ཁར་ དུམ་གྲ་རེ་ལེན་མི་ཚུ་ཡང་ ལྷ་ཁང་དགོན་སྡེ་ཚུ་ནང་ ཆོས་དང་འབྲེལ་བའི་ལས་རིམ་གྱི་སྐབས་ མ་ཎི་བགྱང་པ་འགྱོཝ་ད་དང་ རྒྱ་གར་རྡོ་རྗེ་གདན་ལུ་ གནས་སྐོར་འགྱོཝ་ད་ དཀར་མེ་དང་ སྙན་དར་ཕུལ་ནི་ཚུ་ནང་ལུ་ ལག་ལེན་འཐབ་དོ་ཟེར་ ཁོ་གིས་བཤདཔ་ཨིན་པས།
དུས་རྒྱུན་དུ་ར་ ཁོ་གིས་ མཆོད་རྟེན་ཚུ་སྐོར་ར་རྐྱབ་ ཁ་ཐུན་དགེ་སྦྱོར་དང་འབྲེལ་བའི་ བཛྲ་གུ་རུ་བགྱང་སྟེ་ སྡོད་དོ་ཡོདཔ་ཨིན་པས།
ཤུལ་མའི་ཟླཝ་ནང་ དཔལ་བདེ་ཆེན་འཁོར་ལོ་སྡོམ་པའི་དབང་ཆེན་གྱི་སྐབས་ལུ་ དབང་ལུང་ཞུ་བར་འགྱོ་ནི་དང་ དབང་ལུང་མཇུག་བསྡུ་ཞིནམ་ལས་ བདུན་ཕྲག་༢ དེ་ཅིག་ རྫོང་སྐོར་ར་རྐྱབ་སྡོད་པའི་ཤུལ་ལུ་ ད་རུང་ ཐིམ་ཕུ་ལས་ སྤ་རོ་སྟག་ཚང་ལུ་ རྐྱང་ཕྱག་འཚལ་འགྱོ་ནི་ཟེར་ ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment