གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིནམ་༡ གིས་ ཁྱད་པར་ག་དེམ་ཅིག་ བཟོཝ་ཨིན་ན?

༡༧/༡༡/༢༠༡༢   ༉ སྤྱི་ལོ་༢༠༠༩ ལུ་ ཝམ་རོང་ཁྲོམ་གྱི་མེ་རྐྱེན་ལས་ ཉམས་རྒུད་བྱུང་མི་ཅིག་གིས་ ལོག་ཁྱིམ་རྐྱབ་ནིའི་དོན་ལུ་ འབྲུག་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༠.༥ བསྐྱིན་འགྲུལ་ལེན་མི་དེ་ འཛོལ་ཏེ་བྱིན་ཡོད་མི་ལུ་བརྟེན་ དངུལ་ཚུ་ ལོག་དངུལ་ཁང་ལུ་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཝམ་རོང་ཁྲོམ་ཁར་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཚུ།


འབྲུག་གོང་འཕེལ་དངུལ་ཁང་གི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ མི་ངོམ་དེ་གིས་ བསྐྱིན་འགྲུལ་ཆ་འཇོག་གི་དོན་ལུ་བཙུགས་མི་ ཚེས་གྲངས་དེ་ འཛོལ་སོ་ནི་དེ་གིས་ ལྷག་ནུག་ཟེར་སླབ་ཨིན་པས།
མི་ངོམ་གྱིས་བྲིས་མི་ ཚེས་གྲངས་དེ་ སྤྱི་ཟླ་༣ པའི་ཚེས་༩ ལུ་ཨིན་རུང་ ཁོང་གིས་ སྤྱི་ཟླ་༣ པའི་ཚེས་༨ སྦེ་ ལྷག་ཡོདཔ་ད་ འབྲུག་དངུལ་ལས་དབང་འཛིན་གྱི་ ལམ་སྟོན་དང་འཁྲིལཝ་ད་ ཚེས་༨ ལས་ བཟོ་སྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་བྱིན་མ་ཆོགཔ་ ཨིན་ཟེར་ཨིན་པས།
བསྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡.༥ འབད་མི་ལས་ དངུལ་ཀྲམ་ས་ཡ་༠.༥ བྱིན་ཡོད་མི་དེ་ ལོག་སྤྲོད་དགོཔ་སྦེ་སླབ་པའི་ཁར་ གཞན་མི་ཚུ་ཡང་ ཆ་མེད་བཏང་ནུག།
བསྐྱིན་འགྲུལ་ལེན་ཏེ་ ཁྱིམ་ལོག་རྐྱབ་ནིའི་རེ་བ་ཡོད་མི་ ཁོང་༥ གིས་ སླབ་མིའི་ནང་ ཝམ་རོང་དང་ བཀྲིས་སྒང་ལུ་ཡོད་མི་ འབྲུག་དངུལ་ཁང་གི་ ཡན་ལག་ཡིག་ཚང་གིས་ ཧེ་མ་ མེ་རྐྱེན་ལུ་བརྟེན་ ཉམས་རྒུད་བྱུང་མི་ཚུའི་དོན་ལུ་ བསྐྱིན་འགྲུལ་ག་དེམ་ཅིག་དགོ་རུང་ བྱིན་ནི་ཨིན་ཟེར་ སླབ་ཅི་ཟེར་ཨིན་པས།
དེ་འབདཝ་ལས་ ད་རུང་ མེ་རྐྱེན་གྱི་ ཉམས་རྒུད་པ་གཞན་༤ གིས་ཡང་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༣ བསྐྱིན་འགྲུལ་དགོ་ནི་སྦེ་ བཙུགས་ཡོདཔ་ཨིན་པས།
བསྐྱིན་འགྲུལ་ལོག་དགོ་ནི་ཟེར་སླབ་མི་ བསོད་ནམས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཡིག་ཚང་ལྟེ་བ་གིས་ ཡན་ལག་ཡིག་ཚང་ཚུ་ནང་ ཡོད་མི་ཚུ་གིས་ བསྐྱིན་འགྲུལ་བྱིན་མ་ཆོགཔ་སྦེ་ སླབ་ནུག་ཟེར་ ཁོ་གིས་ གོ་ཡི་ཟེར་ཨིན་པས།
ཁོ་གིས་ བསྐྱིན་འགྲུལ་ཐོབ་མི་དངུལ་ཚུ་གི་ རྒྱ་གར་ལས་ བཟོ་སྐྲུན་གྱི་ལཱ་འབད་མི་ ལས་མི་ཚུ་ ལེན་ཡོདཔ་ཨིན་པས།
ཧང་སྟོང་མར་ བསྐྱིན་འགྲུལ་བྱིན་མ་ཆོགཔ་ བཟོ་མི་དེ་གིས་ གནས་སྐབས་སྦ་སྒོར་ནང་སྡོད་མི་ སྤྱི་ལོ་༢༠༠༩ འི་ མེ་རྐྱེན་གྱི་ཉམས་རྒུད་པ་ཚུ་ ག་ཅི་ཡང་འབད་ཐབས་མེད་པར་ མགུ་འཐོམ་སྟེ་ ལུས་ཡོདཔ་ཨིན་པས།
མེ་རྐྱེན་གྱིས་འཚིགས་མི་ ཁྱིམ་༡༡ ལས་ ཁྱིམ་༥ རྐྱངམ་གཅིག་ ལོག་རྐྱབ་ནི་འགོ་བཙུགས་ཡོདཔ་ཨིན་པས།
དངུལ་འབྲེལ་གཙུག་སྡེ་ཚུ་ལས་ ཁྱིམ་གྱི་བསྐྱིན་འགྲུལ་མ་ཐོབ་མི་ལུ་བརྟེན་ བཟོ་སྐྲུན་འགོ་བཙུགས་མི་ཚུ་ ཕྱེད་ཀ་ལྷོདཔ་ད་ ལཱ་ཐོགས་ཏེ་ལུས་ཡོདཔ་ད་ གཞན་མི་ཚུ་ འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
བསྐྱིན་འགྲུལ་བྱིན་པའི་སྐོར་ལས་གོཝ་ད་ ཁོང་ཆ་ཁྱབ་ བློ་བདེ་ཏོག་ཏོ་སོང་ཡོད་རུང་ ད་རུང་ ཧེ་མ་ག་ཨིནམ་སྦེ་ར་ ལུས་ཡོདཔ་མ་ཚད་ བསྐྱིན་འགྲུལ་མ་ཐོབ་པ་ཅིན་ ག་གིས་ཡང་ ཁྱིམ་རྐྱབ་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ ལྷ་མོ་གཡུ་སྒྲོན་ཚེ་རིང་གིས་ སླབ་ཨིན་པས།
མོ་གིས་སླབ་མིའི་ནང་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ སྦོ་ལོགས་ཁར་ལྷོད་དེ་ཡོདཔ་ལས་ ཁོང་གི་ གནས་སྐབས་ཀྱི་ཁྱིམ་ཚུ་ འཁོར་ལམ་གྱི་ཉེ་འདབས་ལུ་ཨིནམ་ལས་ མགྱོགས་པ་ར་ སྤོ་འགྱོ་དགོཔ་ འཐོན་ནི་མས་ཟེར་ཨིན་པས།
ད་རུང་ སྨྱུང་གནས་སྒྲོལ་མ་གིས་ སླབ་མིའི་ནང་ ཁོང་ལུ་ གླ་ཆ་སྤྲོད་ནིའི་ མ་དངུལ་ལངམ་མེདཔ་ལས་ ལས་མི་ལ་ལུ་ཅིག་ ལོག་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
གཞན་མི་ཆ་ཁྱབ་ཀྱིས་ སླབ་མིའི་ནང་ འབྲུག་གོང་འཕེལ་དངུལ་ཁང་དང་ གཞན་དངུལ་འབྲེལ་གཙུག་སྡེ་ཚུ་གིས་ གནས་སྟངས་ཚུ་ དབྱེ་ཞིབ་འབད་ཞིནམ་ལས་ ཁག་ཆེཝ་ཡོད་མི་ཚུ་ལུ་ བསྐྱིན་འགྲུལ་བྱིན་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment