གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དབང་རྒྱལ་རྩེད་འགྲན་ནང་ རྒས་རིམ་སྡེ་ཚན་གཉིས་ཀྱིས་ དཔེ་སྟོན་དང་ ཤུལ་བཞག།

༢༦/༡༡/༢༠༡༢   ༉ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ སྤ་རོ་རྫོང་ཁག་ཤ་རི་རྒེད་འོག་ལས་ གཡུས་སྒོའི་མི་གནགཔ་ སྐྱེས་ལོ་༥༠ ལས་༧༠ ཀྱི་བར་ན་ འབད་མི་རྒས་ཤོས་ ཀརྨ་སྣུམ་འཁོར་བཅོས་ཁང་སྡེ་ཚན་ཚུ་གིས་ རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་འབད་ནིའི་ནང་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ རྩེད་འགྲན་འབད་མི་དེ་གིས་ མ་འོངས་ན་གཞོན་ཚུ་ལུ་ ག་ཅི་དེ་ དཔེ་སྟོན་བཟང་པོ་ཅིག་ཨིན་པས།


རེས་གཟའ་སྤེན་པ་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འོག་གི་འབའ་སྐྱོར་ནང་ ཀརྨ་སྣུམ་འཁོར་བཅོས་ཁང་དང་ མཚོ་ཆེན་རྒཔོ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་མིའི་ སྡེ་ཚན་༢ ཆ་ར་ནང་ རྒན་ཤོས་མང་ཤོས་ཅིག་གི་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྩེད་འགྲན་ཡང་ སྤོ་བ་སྦོམ་ཡོད་པའི་གུ་ རྒན་ཤོས་ཚུ་གིས་ ཧེ་མའི་སྣང་བ་ཤར་ཏེ་ མདའ་འཆམ་དང་ ཞབས་བྲོའི་ལེའུ་ཚུ་ གཅིག་བ་དྲགཔ་དང་ ཞབས་བྲོའི་ཚིག་ཡང་ དང་ཕུ་གི་ལུགས་སྲོལ་སྦེ་འཐེན་ཏེ་ འགྲན་བསྡུར་འབད་ཡོདཔ་ཨིན་པས།
རྒན་ཤོས་ཚུ་གིས་ ཕར་ཚུར་ལེ་ཤ་རྒྱུག་ཐོག་ལས་ གཅིག་གིས་གཅིག་ལུ་ བསྟོད་སྨད་ཀྱི་ཚིག་སླབ་ཐོག་ལས་ ཕན་ཚུན་སྤྲོ་བ་སྦོམ་ བྱུང་སྡོད་པའི་བར་ན་ར་ སྐོར་ཐེངས་༢༥ ནང་ སྐུགས་དང་པམ་དེ་ མཚོ་ཆེན་རྒཔོ་སྡེ་ཚན་གྱིས་ཆོདཔ་ཨིན་རུང་ སྐུགས་༢ པ་དེ་ ཀརྨ་སྣུམ་བཅོས་ཁང་གིས་ ཆོད་ནིའི་དོན་ལུ་ རྒན་ཤོས་ཚུ་གིས་ དོ་འགྲན་འབད་དེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་ལྔ་ཚུན་ རྩེད་འགྲན་འབདཝ་ད་ སྡེ་ཚན་གཉིས་ཆ་ར་གིས་ སྐུགས་༩ འདྲན་འདྲ་ཐོབ་ཡོདཔ་ལས་ དེ་གི་ནངས་པར་ འཕྲོ་མཐུད་རྩེད་འགྲན་འབད་ཡོདཔ་ཨིན་པས།
རེས་གཟའ་ཉི་མ་ལུ་ སྡེ་ཚན་གཉིས་ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ཀརྨ་སྣུམ་འཁོར་བཅོས་ཁང་གི་ རྩེད་འགྲན་འབད་མི་ཚུ་གིས་ དོ་འགྲན་འབད་དེ་ སྐུགས་༢༡ ལུ་ལྷོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ བཀག་རེག་དང་ མདའ་ཡ་གཅིག་ཤུལ་གཉིས་སྦེ་རྐྱབ་སྟེ་ སྐུགས་༢༥ ཐོབ་ཡོདཔ་ལས་ སྐུགས་ཆོད་ནུག།
མཚོ་ཆེན་རྒཔོ་སྡེ་ཚན་ལས་ སྐྱེས་ལོ་༦༨ ལང་མི་ རྒཔོ་བགྲེསཔ་ཨྱོན་ཚེ་རིང་གིས་ འབད་བ་ཅིན་ ལོ་བསྟར་བཞིན་དུ་ རང་ལུགས་ཀྱི་སྤག་ཤིང་ཐོག་ལས་ རྩེད་འགྲན་ནང་ བཅའ་མར་གཏོགས་དོ་ཟེར་ཨིནམ་ད་ རང་ལུགས་སྤག་ཤིང་ཐོག་ལས་ རྩེད་འགྲན་འབད་ནི་དེ་ གཞན་མི་རྩེདམོ་ཚུ་དང་ཕྱདཔ་ད་ སྤྲོ་བ་ཆེ་བས་ཟེར་སླབ་པའི་ཁར་ རྩེདམོ་དེ་ རྩེད་འགྲན་འབདཝ་ད་ སེམས་ལུ་ དཔའ་ཉམས་དང་ དགའ་ཚོར་ཚུ་རང་བཞིན་གྱིས་ བྱུངམ་མས་ཟེར་ཨིན་པས།
འདི་བཟུམ་སྦེ་ སྐྱེས་ལོ་༦༧ ལང་མི་ པ་སངས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འབྲུག་རྒྱལ་༣ པའི་ཕྱག་ཞུ་སྡོད་པའི་སྐབས་ ཁོ་གིས་ མདའ་རྩེདཔ་དྲག་ཤོས་ཀྱི་གྲངས་སུ་ ཚུད་ཡོདཔ་མ་ཚད་ གསོལ་རས་ཡང་ ལེ་ཤ་ཐོབ་ཅིག་ར་ཞུ་ཡི་ཟེར་ཨིནམ་ད་ ད་རེས་ནངས་པ་ དེ་བཟུམ་མའི་ རང་ལུགས་ཀྱི་ལག་ཆས་ཐོག་ལུ་ མདའ་རྩེད་འགྲན་བསྡུར་འགོ་འདྲེན་འཐབ་ད་ལུ་ རང་ཡང་ ཧེ་མའི་སྣང་བ་ཤར་ཏེ་ རྩེད་འགྲན་འབད་དགོ་མནོ་མི་ལུ་བརྟེན་ དུས་ཅི་རྩེད་འགྲན་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་ད་ ཁོང་གིས་ ན་གཞོན་ཚུ་ལུ་ ཡོན་ཏན་དང་ སྤྲོ་བ་བསྐྱེད་ཐབས་ལུ་ དཔེ་སྟོན་དང་ ཤུལ་བཞག་བཟུམ་ཅིག་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment