གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦ་དང་ཚར་གྱིས་བཟོ་མི་ རིག་གསར་ཅ་ཆས་སྣ་ཚོགས་ཀྱི་འགྲེམ་སྟོན།

༣༠/༡༡/༢༠༡༢   ལཱ་ག་ཅི་ར་འབད་རུང་ གཙོ་བོ་ རང་གི་སྤྲོ་བ་ལུ་ རག་ལས་ནི་དེ་གིས་ ཚར་བཟོ་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
༉ ད་ལྟོ་ཚུན་ཚོད་ འབྲུག་མི་ཚུ་གིས་ ཕྱི་རྒྱལ་ལས་ནང་འདྲེན་འབད་མི་ ལྕགས་དང་ གྱིབ་ དེ་ལས་ དཀར་ཡོལ་ལ་སོགས་པའི་ ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ལུ་ སྦ་དང་ཚར་གྱིས་ བཟོ་བཀོད་མ་འདྲཝ་ འཇའ་ཆི་ཆི་སྦེ་བཟོ་མི་ ཅ་ཆས་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
སྤག་ཤིང་གིས་བཟོ་མི་ གཟར་རུ་དང་ཟན་སྐྱ་ཚུ།


དེ་ཡང་ ཁ་ཉིནམ་ ནི་རུ་དབང་ཕྱུག་ལམ་སྲོལ་ལྟེ་བའི་ནང་ ལག་བཟོའི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ སྦ་དང་ཚར་གྱིས་བཟོ་མི་ ཐབ་ཚང་ནང་གི་ཅ་ཆས་དང་ ཤིང་ཀྲོ་ ཇ་སྲུམ་ ཆང་གི་སྤ་ལང་ ཕོརཔ་ སྦང་ཅུང་ ཚར་གྱི་མེ་ཏོག་བཙུགས་ཏེ་ཐགས་པའི་ ཅོག་ཁེབས་ དེ་ལས་ གློག་ཤེལ་བཱོལཔ་བཙུགས་སའི་ཤུབས་ འཇའ་ཆི་ཆི་ཚུ་ འགྲེམ་སྟོན་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༢ ལས་༢༦ ཚུན་ཚོད་ ནང་འཁོད་ལག་བཟོ་ཡར་སྐྱེད་ལས་ཚབ་ཀྱིས་ བུམ་ཐང་དང་ མོང་སྒར་ གཞལམ་སྒང་༣ གྱི་ གྲོང་གསེབ་ལག་རྩལ་ཅན་ཚུའི་དོན་ལུ་ ཚར་དང་སྦ་གིས་བཟོ་མི་ ཐོན་སྐྱེད་གོང་འཕེལ་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་པའི་སྐབས་ རིག་རྩལ་གསརཔ་གི་ཐོག་ལུ་ གསར་བཟོ་དང་ བཟོ་བཀོད་ལེགས་བཅོས་འབད་མི་ ཅ་ཆས་ཚུ་ཨིན་པས།
རྒྱལ་ཁབ་ནང་ ཚར་བཟོ་འཐོན་སའི་ ས་གནས་ངོ་མ་ གཞལམ་སྒང་ལུ་ གྲོང་གསེབ་གོང་འཕེལ་སྦྱོང་བརྡར་ལྟེ་བའི་ནང་ འགོ་འདྲེན་འཐབ་ཡོད་པའི་ ཚར་དང་སྦ་གིས་བཟོ་བའི་ ཅ་ཆས་ཐོན་སྐྱེད་གོང་འཕེལ་སྦྱོང་བརྡར་ནང་ མི་ངོམ་༡༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་ཁར་ སྦྱོང་བརྡར་བྱིན་མི་༣ ཡང་ རྒྱ་གར་ ཨེ་ཧེམ་ད་བཱད་ཀྱི་ རྒྱལ་ཡོངས་བཟོ་བཀོད་སློབ་སྦྱོང་སྤེལ་ཁང་ལས་ཨིན་པས།
སྦྱོང་བརྡར་བྱིན་མི་ ཨ་མི་རིཤ་པ་ནི་ གཱ་ར་ཧི་གིས་ གསལ་བཤད་འབད་མིའི་ནང་ སླབ་དོ་བཟུམ་འབད་བ་ཅིན་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ཚུ་གི་ རིག་རྩལ་དང་ ལྕོགས་གྲུབ་དང་བསྟུན་ཏེ་ གནས་སྐབས་དང་ ཐབས་ལམ་གསརཔ་ཚུ་ ལག་ལེན་འཐབ་ཐོག་ལས་ ཅ་ཆས་མ་འདྲཝ་བཟོ་ཐངས་ལུ་ སེམས་ཤུགས་བསྐྱེད་བཅུག་ཡོདཔ་ཨིན་པས།
དེ་མ་ཚད་ ཅ་ཆས་ཀྱི་བཟོ་རྣམ་དང་དབྱིབས་ཚུ་ཡང་ མ་འདྲཝ་ག་དེ་སྦེ་བཟོ་ནི་ཨིན་ན་དང་ ཕྱི་རྒྱལ་ལས་ ནང་འདྲེན་འབད་མི་ཅ་ཆས་ཚུ་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ ཚར་དང་སྦ་གིས་བཟོ་སྟེ་ འོང་འབབ་བཟོ་ཐངས་ཚུ་ སྟོན་ཡོདཔ་ཨིན་པས།
ནང་འཁོད་ལག་བཟོ་ ཡར་སྐྱེད་ལས་ཚབ་ཀྱི་ འཛིན་སྐྱོང་གཙོ་འཛིན་འགོ་དཔོན་ བླམ་སྐལ་བཟང་ཆོས་འཕེལ་གྱིས་ སླབ་མིའི་ནང་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་གེ་ར་ སྤྲོ་བ་དང་ ལྕོགས་གྲུབ་ཡོད་མི་ཙང་ཙ་ཨིནམ་མ་ཚད་ སྦྱོང་བརྡར་བྱིན་མི་ཚུ་ཡང་ ཚར་འཐག་ནི་དང་ བཟོ་བཀོད་གསརཔ་བཟོ་ནི་ བཟོ་བཀོད་ལེགས་བཅོས་འབད་ནི་ལུ་ ཉམས་མྱོང་དང་ རིག་རྩལ་ཡོད་མི་ ཨིན་ཟེར་ཨིན་པས།
ད་རུང་ ཁོ་གིས་སླབ་མིའི་ནང་ སྦྱོང་བརྡར་ལས་རིམ་དང་ དེ་བཟུམ་མའི་ འགྲེམ་སྟོན་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ གྲོང་གསེབ་ཀྱི་ ལག་རྩལ་མཁནམ་དང་ ལྕོགས་གྲུབ་ཅན་ཚུ་གིས་ ཚར་བཟོ་དང་སྦ་བཟོ་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ རྒྱལ་ཁབ་ཀྱི་ རང་ལུགས་སྔར་སྲོལ་ལམ་ལུགས་ཀྱི་ཁྱད་ཆོས་ཚུ་ ཡུན་བརྟན་དང་ཉམས་སྲུང་གི་དོན་ལུ་ ཨིན་ཟེར་ཨིན་པས།
ཚར་དང་སྦ་གིས་བཟོ་མི་ ཅ་ཆས་ཚུ་ཡང་ ལག་ལེན་སོ་སོ་འཐབ་བཏུབ་ལས་ ཐབས་ལམ་དང་གནས་སྐབས་མ་འདྲཝ་ བཏོན་ཤེས་པ་ཅིན་ ཚར་བཟོ་ལུ་བརྟེན་ཏེ་ གྲོང་གསེབ་གཡུས་ཚན་ཚུའི་ འོང་འབབ་ཡར་དྲག་གཏང་ཚུགས་ཟེར་ བླམ་སྐལ་བཟང་ཆོས་འཕེལ་གྱིས་སླབ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ གཞལམ་སྒང་ལས་ ཡེ་ཤེས་ལྷ་མོ་གིས་ འགྲེམ་སྟོན་གྱི་སྐབས་ལུ་ འགྲུལ་འཕྲིན་གྱི་ཐོག་ལས་ སླབ་མིའི་ནང་ མོ་གིས་སྦྱོང་བརྡར་ནང་ འགོ་དང་པ་ བཅའ་མར་གཏོགསཔ་ཨིན་རུང་ ཚར་བཟོ་འཐག་ནིའི་ ཐབས་ལམ་དང་གནས་སྐབས་གསརཔ་ ལེ་ཤ་ཐོབ་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལཱ་ག་ཅི་རང་འབད་རུང་ གཙོ་བོ་ རང་གི་སྤྲོ་བ་ལུ་ རག་ལས་པས་ཟེར་ཨིནམ་ད་ མོ་གིས་ ཚར་བཟོ་ལུ་ སྤྲོ་བ་བསྐྱེད་དེ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ད་ལས་ཕར་ མོ་གིས་ རིག་རྩལ་དང་ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ ཚར་བཟོ་ལུ་ གཙོ་བོར་བཏོན་ཏེ་ མོ་རའི་མི་ཚེ་ནང་ རང་མགོ་རང་འདྲོངས་སྦེ་ སྡོད་ནི་ཟེར་ཨིན་པས།
སྦྱོང་བརྡར་དེ་ བསྟན་རྒྱས་ལྷན་ཁག་འོག་གི་ ནང་འཁོད་ལག་བཟོ་ཡར་སྐྱེད་ལས་ཚབ་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ད་ དངུལ་ཀྲམ་འབུམ་༡༠ ལྷགཔ་ཅིག་གནས་མི་དེ་ རྒྱལ་སྤྱི་གོང་འཕེལ་ལས་རིམ་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment