གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོའི་རིང་ལུགས་ནང་ ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་ཤེས་དགོཔ་གལ་ཆེཝ།

༢༠/༡༡/༢༠༡༢    ༉ སྤྱི་ལོ་༢༠༠༨ ལུ་ འགོ་འདྲེན་འཐབ་མི་ སྤྱི་ཚོགས་ཀྱི་ འགོ་ཐོག་བཙག་འཐུའི་སྐབས་ འོས་འབབ་ཅན་གྱི་ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ རང་སོའི་ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་མ་ཤེས་མི་ལུ་བརྟེན་ ལུས་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༠ གྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞིབ་འཚོལ་དང་འཁྲིལཝ་ད་ འབྲུག་མི་ལེ་ཤ་ཅིག་གིས་ རང་སོའི་ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་མ་ཤེས་པའི་ གསལ་སྟོན་འབད་ཡོདཔ་ད་ མ་གཞི་ འབྲུག་གི་བཙག་འཐུའི་ཁྲིམས་ལུགས་དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་དེ་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་གིས་ ཐོ་བཀོད་འབད་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ཆོགཔ་ཨིན་པས།
སྐྱེས་ལོ་༡༨ ལང་ཞིནམ་ལས་ ཚོགས་རྒྱན་བཙུགས་ཆོག་པའི་ རང་དབང་ལག་ལེན་གྱི་དོན་ལུ་ གལ་ཆེ་ཤོས་ར་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་དོན་ལུ་ ཐོ་བཀོད་འབད་དེ་ ལག་ཁྱེར་ལེན་དགོཔ་དེ་ གལ་ཆེ་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤད་པའི་ཁར་ དེ་ཡང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཐོབ་ཡོད་པ་ཅིན་ བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་མི་གི་ ཐོ་བཀོད་ནང་ཡང་ ཚུད་ནི་དེ་གིས་ཨིན་པས།
ཞིབ་འཚོལ་སྙན་ཞུ་དེ་དང་འཁྲིལཝ་ད་ འབྲུག་མི་ བརྒྱ་ཆ་༦༥.༡༤ གིས་ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་ཤེསཔ་ཨིན་རུང་བརྒྱ་ཆ་༣༤.༨༦ གིས་ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་མ་ཤེསཔ་ཨིན་པས།
ཞིབ་འཚོལ་དེ་ སྤྱི་ལོ་༢༠༠༨ཀྱི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལུ་འབད་ཡོདཔ་ད་ཞིབ་འཚོལ་སྙན་ཞུ་ཅིག་དང་འཁྲིལཝ་ད་བཙག་འཐུའི་སྐབས་ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༥༣ དང་རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༧༩.༣ ཐོན་ཡོདཔ་སྦེ་ བཀོད་ཡོད་མི་ལུ་བལྟ་བ་ཅིན་ཚོགས་རྒྱན་མ་བཙུགས་མི་གི་གྲས་ཁར་ལ་ལུ་ཅིག་ ཚོགས་རྒྱན་བཙུགས་ཆོག་གི་ལོ་ཚད་མ་ཤེས་པར་ ལུས་མི་ཡང་ འོང་སྲིད་ནི་ཨིན་པས།
རང་སོའི་ ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་མ་ཤེས་པའི་ནང་ལས་མང་ཤོས་ར་གྲོས་གསེབ་གཡུས་ཚན་ཚུ་ནང་ཡོདཔ་ད་དེ་ཡང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞིབ་འཚོལ་དང་འཁྲིལཝ་ད་ གྲོང་གསེབ་ནང་གི་མི་མང་བརྒྱ་ཆ་༦༢.༢ གིས་རང་སོའི་ ཚོགས་རྒྱན་བཙུགས་ཆོག་པའི་ལོ་ཚད་ཤེསཔ་ཨིན་རུང་བརྒྱ་ཆ་༣༧.༣༨ ཀྱིས་ཚོགས་རྒྱན་བཙུགས་ཆོག་པའི་ལོ་ཚད་མ་ཤེསཔ་སྦེ་བཀོད་ནུག།
དེ་ཡང་ གནད་དོན་ཅིག་ བཙག་འཐུ་དང་འབྲེལ་བའི་ ཤེས་ཡོན་ལས་རིམ་ནང་ འབྲེལ་གཏོགས་འབད་མི་ཉུང་བའི་ཁར་ ཤེས་ཡོན་ལས་རིམ་ཚུ་གིས་ གྲོང་གསེབ་ཚུ་ནང་ ཁྱབ་ཚད་ཆུང་བའི་གསལ་སྟོན་ཡང་ འབདཝ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ གསུངས་མའི་ནང་ ལྷན་ཚོགས་ཀྱིས་ བཙག་འཐུ་དང་འབྲེལ་བའི་ ཤེས་ཡོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཡོད་རུང་ བརྒྱ་ཆ་ལས་བརྒྱ་སྦེ་ ཤེས་ཡོན་ཁྱབ་སྤེལ་འབད་ཚུགས་པའི་ ངེས་པ་མེད་པའི་ཁར་ ལ་ལུ་ཅིག་ ཤེས་ཡོན་ཡོད་རུང་ ཚོགས་རྒྱུན་བཙུགས་ནི་ལུ་ དང་འདོད་མེད་པར་སྡོད་མི་ཡང་ འདུག་ཟེར་བཤད་ཅི།
དྲགོས་ཀྱིས་ སླབ་མིའི་ནང་ བཙག་འཐུའི་དངོས་གཞི་ མ་རན་པའི་ཧེ་མར་ ཤེས་ཡོན་ལས་རིམ་ཐེངས་༢ འགོ་འདྲེན་འཐབ་ནི་ཡོད་པའི་ཁར་ བཙག་འཐུའི་དངོས་གཞི་འགོ་བཙུགསཔ་ད་ སྲིད་ཚོགས་དང་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་འགོ་བཙུགསཔ་ད་ དེ་གིས་ཡང་ བཙག་འཐུ་དང་འབྲེལ་བའི་ ཤེས་ཡོན་ཁྱབ་སྤེལ་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
དེ་ལས་ གཞུང་མིན་ཚོགས་སྡེ་དང་ བརྡ་བརྒྱུད་ཚུ་གིས་ཡང་ རང་སོའི་འགན་ལེན་གྱི་ བཙག་འཐུ་དང་འབྲེལ་བའི་ བརྡ་དོན་ཁྱབ་སྤེལ་འབད་ནིའི་ནང་ རོགས་རམ་འབད་དོ་ཡོདཔ་ལས་ བཙག་འཐུའི་ཤེས་ཡོན་ཁྱབ་སྤེལ་ཚུ་འབད་དོ་ཡོད་རུང་ རྩ་བ་ལས་ དམངས་གཙོའི་རིང་ལུགས་ལུ་ དང་འདོད་དང་ སྤྲོ་བ་མེད་པར་ ཚོགས་རྒྱན་མ་བཙུགས་པ་ཅིན་ བྱ་ཐབས་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་སྡེ་ཚུ་ནང་ཡང་བརྡ་བརྒྱུད་ཀྱི་ཞབས་ཏོག་ཡོདཔ་ལས་ དེ་བཟུམ་མའི་ བརྡ་དོན་ཁ་གསལ་འཐོབ་ནིའི་ནང་འོས་འབབ་ཅན་ཅིག་ཨིན་རུང་ ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་མ་ཤེས་མི་བརྒྱ་ཆ་༢༨.༡༩ དེ་ཅིག་ཐོན་ཡོདཔ་ཨིན་པས།
བཙག་འཐུ་དང་འབྲེལ་བའི་ བརྡ་དོན་ཤེས་རྟོགས་ཐོགས་ བཙག་འཐུའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ནི་དེ་ དམངས་གཙོའི་རིང་ལུགས་ནང་ མི་ངོམ་རང་སོའི་ དབང་ཚད་སྦོམ་ཤོས་ཅིག་ཨིནམ་ལས་ ཚོགས་རྒྱན་བཙུགས་ཆོག་པའི་ ལོ་ཚད་ཤེས་ཐོག་ལས་ བཙག་འཐུའི་དོན་ལུ་ ཐོ་བཀོད་འབད་དེ་ ཚོགས་རྒྱན་བཙུགས་ནི་དེ་ གལ་ཅན་ཅིག་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment