གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒྲོམ་མཆོད་མཇལ་མི་ ཉུང་སུ་ཅིག་ལས་མེདཔ།

༢༢/༡༡/༢༠༡༢   ༉ དུས་ཅི་ རྫོང་ཁག་གཞན་ཚུ་ནང་བཟུམ་སྦེ་ ཀྲོང་གསར་རྫོང་ཁག་ནང་ཡང་ ལོ་བསྟར་གྱི་ སྒྲོམ་མཆོད་སྐབས་ལུ་ སྒྲོམ་མཆོད་མཇལ་མི་ ཉུང་སུ་ཅིག་ལས་བརྒལ་ མེདཔ་ཨིན་པས།
ཀྲོང་གསར་རབ་སྡེའི་སྐུ་དྲུང་ ཨོ་རྒྱན་དོན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་༣ གྱི་ སྒྲོམ་མཆོད་སྐབས་ལུ་ ཉིནམ་དང་པའི་ནང་ ཞྭ་ནག་འཆམ་དང་ དམངས་འཆམ་ མགོནམ་སྡེ་བརྒྱད་ཀྱི་འཆམ་ཚུ་ མཇལ་ཁ་གནང་པའི་ཁར་ ཉིནམ་༢ པའི་ནང་ གཤིན་རྗེ་ཡབ་ཡུམ་དང་ སྒོ་འཆམ་ དེ་ལས་ ལས་མགོན་གྱི་སྐུ་འཆམ་ཚུ་ རྐྱབ་ནི་ཡོད་ཟེར་ཨིན་པས།

ཀྲོང་གསར་རྫོང་གི་ རྡོ་གཅལ་ནང་ ཞྭ་ནག་འཆམ་རྐྱབ་པའི་བསྒང་།


ཉིནམ་༣ པའི་ནང་ གཤིན་རྗེ་ཡབ་ཡུམ་གྱི་འཁོར་ཚུ་ག་ར་ གཅིག་ཁར་སྦེ་ མཇལ་ཁ་གནང་དོ་ཡོདཔ་ད་ ཉིནམ་༤ པའི་ནང་ རྫོང་ནང་ ཚོགས་འཁོར་བསྐོར་བའི་ཁར་ ཉིནམ་༥ པའི་ནང་ སྤུ་ན་ཁ་རྫོང་ནང་བཟུམ་སྦེ་ ནོརབུ་ཆུ་ནང་ བཤགས་ནི་ཡོད་ཟེར་ཨིན་པས།
ཀྲོང་གསར་རྫོང་གི་ ཁང་གཉེརཔ་གིས་ སླབ་མིའི་ནང་ སྒྲོམ་མཆོད་སྐབས་ལུ་ འཆམ་ལེ་ཤ་མེདཔ་ལས་ མི་ཚུ་གིས་ཡང་ མཇལ་ནི་ལུ་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིནམ་ད་ ལོ་ཨ་རྟག་ར་ སྒྲོམ་མཆོད་མཇལ་མི་ཚུའི་གྲས་ཁར་ ལྟ་བཤལཔ་མང་སུ་འོང་ནི་འདུག་ཟེར་ཨིན་པས།
དུས་ཅི་ ཉེ་འདབས་ཀྱི་ ས་གནས་ཚུ་ལས་ མི་བརྒྱ་ལྷགཔ་ཅིག་ སྒྲོམ་མཆོད་མཇལ་བར་འོང་མི་དེ་ མཐོ་ཤོས་ཅིག་ཨིན་ཟེར་བཤད་ཅི།
སྟག་རྩེ་ལས་ དུས་ཅི་ འགོ་དང་པ་ སྒྲོམ་མཆོད་མཇལ་བར་འགྱོ་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ དྲོ་པ་ཧ་སག་ལོང་སྟེ་ སྒྲོམ་མཆོད་མཇལ་ནིའི་དོན་ལུ་ གླ་འཁོར་ནང་འཛུལ་ཏེ་ ཀྲོང་གསར་རྫོང་ནང་འོང་ཡོད་རུང་ འཆམ་དག་པ་ཅིག་མ་གཏོགས་ སྟོན་ནི་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ཁར་རྐྱངམ་གཅིག་ འགོ་བཙུགས་ནི་དེ་གིས་ སྤྲོ་བ་མ་བྱུང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཆོས་ཉིད་ཚེ་དབང་གིས་ཡང་ སྤྲོ་བ་བསྐྱེད་དེ་ རྫོང་ཁག་གཞན་ཁར་བཟུམ་སྦེ་ འཆམ་དང་ཞབས་ཁྲ་རྐྱབ་མི་ ལེ་ཤ་ཡོདཔ་འོང་མནོ་སྟེ་ དྲོ་པ་ཧ་སག་ལས་ རྫོང་ནང་སོང་ཡོད་རུང་ ལྟདམོ་ཚུ་ཉིན་མ་ལས་ སྟོན་ནི་མེད་ནི་དེ་གིས་ དུས་ཚོད་རྐྱངམ་གཅིག་ འཕྲོ་བརླག་བཏང་ཚུགས་ཅི་་ཟེར་ སླབ་ཡོདཔ་མ་ཚད་ ལྟདམོ་ཟེར་རུང་ སྐུ་འཆམ་དག་པ་ཅིག་ལས་ རྐྱབ་ནི་མིན་འདུག་ཟེར་ཨིན་པས།
སྒྲོམ་མཆོད་ངོ་མ་དེ་ ཁ་ཙ་ལས་ གྲོལ་ཡོདཔ་ཨིན་རུང་ ཆུ་ནང་ ནོརབུ་བཤགས་སྲོལ་ཡོད་མི་དེ་ ནངས་པར་ རྫོང་ཁག་གི་སྒོ་ར་ཁ་ཚུན་ གསེར་སྦྲེང་དང་བཅསཔ་སྦེ་ རྫོང་གི་ཕྱི་ཁར་ལས་ དགེ་སློང་ཚུ་གིས་ མང་སྡེ་ཆུ་ནང་ བཤགས་བཏངམ་ཨིན་ཟེར་བའི་གནས་ཚུལ།



ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment