གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོྲས་རྒེད་འོག་ནང་ སྨན་པ་ཐེབས་དགོ་པའི་གྲོས་བསྡུར།

༢༣/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༡༩ ལས་༢༠ ཚུན་ ཐིམ་ཕུ་རྫོང་ཁག་གི་ རྫོང་ཁག་ཚོགས་འདུ་ཐེངས་༣ པ་ འཚོགས་པའི་སྐབས་ སོྲས་རྒེད་འོག་གིས་ སྲོས་གཞི་རྟེན་སྨན་ཁང་ནང་ སྨན་པ་ཐེབས་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།


ད་ལྟོ་ཚུན་ཚོད་ ཁོང་གི་རྒེད་འོག་ནང་ སྨན་པ་ཕུད་རྡོག་༡ ལས་བརྒལ་མེདཔ་ལས་ སྨན་པ་གི་ བཟའ་ཚང་ནང་ སྟབས་མ་བདེཝ་ཐོན་པའི་སྐབས་ལུ་དང་ ཁོ་ར་ གཞུང་འབྲེལ་ལས་དོན་ དཔེ་འབད་བ་ཅིན་ ཞལ་འཛོམས་དང་ སྦྱོང་བརྡར་གྱི་དོན་ལུ་ འགྱོ་དགོཔ་ཐོནམ་ད་ བདུན་ཕྲག་༢ དེ་རེ་ སྨན་ཁང་སྒོ་བསྡམས་ཏེ་ བཞག་དགོ་ནི་དེ་གིས་ ས་མཚམས་ནང་སྡོད་མི་ མི་སེར་དང་ ཞི་གཡོགཔ་ཚུ་ལུ་ སྟབས་མ་བདེཝ་སྦོམ་བྱུངམ་མས་ཟེར་ སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ སླབ་ཨིན་པས།
རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་འབད་མི་དང་འཁྲིལཝ་ད་ སྲོས་རྒེད་འོག་ནང་ མི་རློབས་༢༥༠ ལས་བརྒལ་མེད་ནི་དེ་གིས་ མི་འབོར་གྱི་ གྱངས་ཁའི་ སྲིད་བྱུས་དང་འཁྲིལ་བ་ཅིན་ སྨན་པ་༢ འཐོབ་ཐངས་ཡོད་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ གྲོས་འཆར་གྱི་སྐོར་ལས་ གྲོས་ཐག་མ་བཅད་ཟེར་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ སྲོས་རྒེད་འོག་ནང་ ཁྱིམ་གུང་༢༨ ལས་བརྒལ་མེད་མི་དང་ མི་འབོར་གྱངས་ཁའི་ སྲིད་བྱུས་ལྟར་འབད་བ་ཅིན་ འཐོབ་ཐངས་མེདཔ་ལས་ ཁོ་གིས་འབད་རུང་ སྨན་པ་ཐེབས་གཏང་དགོཔ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་ཚོགས་འདུ་གི་ རྒེད་འོག་དེ་ རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ཅིག་ཨིན་པའི་ཁར་ འཁོར་ལམ་ཡང་མེདཔ་ལས་ སྨན་པ་ཐེབས་གཅིག་ གཏང་ཚུགསཔ་འབད་གེ་ཟེར་ སླབ་ཡོདཔ་ཨིན་པས།
སྲོས་རྒེད་འོག་དེ་ ཐིམ་ཕུ་ལས་ སྤ་རོ་ལུ་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༡ འགྲོ་འགྲུལ་འབད་དགོཔ་མ་ཚད་ ད་རུང་ ཉིནམ་༡ དང་ཕྱེད་ རྐང་སྟོང་འབད་ འགྱོ་དགོ་པའི་ས་ཁར་ཨིན་པས།
སྨན་པ་དེ་ གཞུང་དོན་དང་ ངལ་གསོ་ནང་འགྱོཝ་ད་ སྨན་ཁང་སྒོ་བསྡམས་ལུས་པའི་སྐབས་ ནདཔ་རེ་ཐོནམ་ད་ དམག་མི་ཚུ་གི་ གྲོགས་རམ་ཐོག་ལས་ ནདཔ་འབག་སྟེ་ འཁོར་ལམ་ཡོད་ས་ཚུན་ ཆུ་ཚོད་༢ དེ་རེ་ ལམ་འགྱོ་སྟེ་ སྤ་རོ་དང་ ཡང་ཅིན་ ཐིམ་ཕུའི་ སྨན་ཁང་ཚུ་ནང་ བསྐྱལ་དགོཔ་ལས་ དཀའ་ངལ་གནམ་མེད་ས་མེད་ཡོད་ཟེར་ རྒཔོ་གིས་ སླབ་ཨིན་པས།
སྨན་པ་ཐེབས་གཅིག་ གནང་ཐབས་ཡོད་པ་ཅིན་ གཅིག་ག་ཏེ་འགྱོ་རུང་ གཞན་མི་དེ་ཡོདཔ་ལས་ སྨན་ཁང་ཡང་ སྒོ་བསྡམས་བཞག་དགོཔ་མི་ཐོན་ནི་ཨིནམ་ད་ ནདཔ་ཡང་འབག་སྟེ་ གཞན་སྨན་ཁང་ བསྐྱལ་དགོ་པའི་དཀའ་ངལ་ཚུ་ བསལ་ཚུགས་ནི་མས་ཟེར་ རྒཔོ་གིས་ བཤད་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment