གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མདའ་རྩེད་འགྲན་བསྡུར་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༢༠/༡༡/༢༠༡༢   ༉ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་གི་མདའ་གཞུའི་ཐོག་ལུ་སྦེ་ འབྲུག་དབང་རྒྱལ་ མདའ་རྩེད་འགྲན་བསྡུར་རྩེད་འགྲན་ འབད་དོ་ཡོདཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ནཱན་ད་ལཱལ་ རའེ་དང་ སྡེ་ཚན་གྱི་ ཆ་རོགས་ཚུ་ མདའ་འཆམ་རྐྱབ་པའི་བསྒང་།


དེ་ཡང་ ལྟག་གི་འབའ་སྐྱོར་ནང་ བརྡ་དོན་བརྒྱུད་འབྲེལ་ལྷན་ཁག་དང་ ཐིམ་ཕུ་མཉམ་རུབ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བརྡ་དོན་བརྒྱུད་འབྲེལ་ལྷན་ཁག་གིས་ སྐུགས་དང་པམ་དེ་ སྐུགས་༢༥ ཐོབ་སྟེ་ ཆོད་པའི་སྐབས་སུ་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༣ ལས་བརྒལ་ཐོབ་མ་ཚུགས་པས།
ཨིན་རུང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱི་ མདའ་རྩེདཔོ་ཚུ་གིས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༥ ཚུན་ དོ་འགྲན་འབད་དེ་ རྩེད་འགྲན་འབད་ཡོདཔ་ལས་ སྐོར་ཐེངས་༥ འི་ནང་ སྐུགས་༢༢ ཐོབ་ཡོདཔ་ད་ སྐུགས་དང་པམ་ཆོད་མི་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱི་ སྡེ་ཚན་འགོ་ཁྲིདཔ་པདྨ་རྒྱལ་པོ་གིས་ སླབ་མི་དང་འཁྲིལཝ་ད་ སྐུགས་དང་པམ་དེ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ ཆོད་འོང་ཟེར་བའི་ མནོ་བསམ་ར་མ་བཏང་ཟེར་ཨིནམ་ད་ སྐུགས་དང་པམ་དེ་ ཆོད་པའི་ཤུལ་ལུ་ ཁོ་རའི་ སྡེ་ཚན་གྱི་ མདའ་རྩེདཔོ་ཚུ་ལུ་ འགན་ཁུར་སྦོམ་ཕོག་ཡོདཔ་བཞིན་དུ་ ལོག་རྩེད་འགྲན་འབདཝ་ད་ བཀག་རེག་ཕོག་ཚུགས་ཡོདཔ་མ་ཚད་ སྐུགས་ཡང་ ཆོད་ནིའི་དུམ་ཁ་གུ་ལྷོད་ཡོདཔ་ལས་ ག་གིས་རྒྱལ་ཁ་འཐོབ་འོང་ག་ སླབ་མི་ཤེས་ཟེར་ཨིན་པས།
བྱང་ཕྱད་སྡེ་ཚན་གྱི་འགོ་ཁྲིདཔ་ བསོད་ནམས་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ག་ར་ ཉམས་མྱོང་ཅན་ཨིན་པའི་ཁར་ ཁོ་གི་སྡེ་ཚན་ནང་ མདའ་རྩེདཔ་མང་ཤོས་ར་ གསརཔ་ཨིན་ཟེར་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ནཱན་ད་ལཱལ་ རའེ་མཆོག་གིས་ དུས་ཅིའི་འབྲུག་དབང་རྒྱལ་ མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ད་ བློན་པོ་གིས་ གསུངས་མིའི་ནང་ རང་ལུགས་སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབད་མིའི་ནང་ བཅའ་མར་གཏོགས་དགོ་མི་གནད་དོན་དེ་ རང་ལུགས་ཀྱི་རྩེདམོ་དེ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ཨིནམ་མ་ཚད་ རང་ལུགས་སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབད་ནི་དེ་ རྩེདམོ་གཞན་ལས་ལྷག་པའི་ སྤྲོ་བ་དང་ དང་འདོད་སྦོམ་ཡོད་ཟེར་ ཨིན་པས།
བློན་པོ་གིས་ ད་རེས་ཀྱི་རྩེད་འགྲན་ནང་ལས་ རྒྱལ་ཁ་འཐོབ་ནི་ལུ་ དམིགས་གཏད་བསྐྱེད་དེ་ རྩེད་འགྲན་འབད་ནི་དེ་ ཁག་མི་ཆེ་ཟེར་ཨིནམ་ད་ ང་བཅས་རའི་ རང་ལུགས་ཀྱི་རྩེདམོ་དེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནིའི་འགན་ཁུར་འབག་དགོཔ་དེ་གལ་ཆེ་ཟེར་ཨིན་པས།
རང་ལུགས་བདག་འཛིན་འཐབ་ནི་དེ་ འབྲུག་པའི་མི་སེར་ཡོངས་ལུ་ཕོག་པའི་འགན་ཁུར་ངོ་མ་ཅིག་ཨིནམ་ལས་ མི་སེར་ག་ར་གིས་ སེམས་དང་མནོ་བསམ་གཅིག་གི་ཐོག་ལས་སྦེ་ སྤྲོ་བ་བསྐྱེད་བཅུག་ནི་ལུ་ འབད་བརྩོན་བསྐྱེད་ཐབས་ལུ་དམིགས་ཏེ་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ དྲང་དཔོན་ཚེ་དབང་རྣམ་རྒྱལ་གྱིས་ རང་ལུགས་སྤག་ཤིང་གི་ཐོག་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ རྩེད་འགྲན་འབད་བའི་སྐབས་ གཞུང་གི་ དབུ་ཁྲིདཔ་ཚུ་གིས་ སྤྲོ་བ་དང་དང་འདོད་བསྐྱེད་དེ་ བཅའ་མར་གཏོགས་ཡོད་རུང་ བློན་པོ་ཚུ་གི་གྲས་ལས་ ད་ཚུན་ བཅའ་མར་གཏོགས་མི་དེ་ འགོ་དང་པ་ཨིནམ་ལས་ དེ་གིས་ རང་ལུགས་ཀྱི་ རྩེདམོ་ཡར་རྒྱས་གཏང་ནི་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment