གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགྲ་འདུལ་གྱིས་ ཕུཊ་བཱོལ་རྩེད་འགྲན་ཐེངས་༣ པ་ལས་ ཨང་དང་པ།

༢༦/༡༡/༢༠༡༢   ༉ ཐིམ་ཕུ་ཁྲིམས་སྲུང་འགག་སྡེའི་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ ཁ་ཙ་ དགྲ་འདུལ་དང་ ཨེ་བི་སི་ལྟ་བཤལ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་རྩེད་འགྲན་འབདཝ་ད་ དགྲ་འདུལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ཨང་དང་པ་ཐོན་ཡོདཔ་ཨིན།


རྩེད་འགྲན་འགོ་བཙུགས་ཏེ་ བར་མཚམས་ངལ་གསོ་ཚུན་ སྡེ་ཚན་གཉིས་ཆ་ར་གིས་ གཱོལ་བཙུགས་མ་ཚུགསཔ་ཨིན་རུང་ བར་མཚམས་ལས་ རྩེད་འགྲན་ལོག་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༤༨ ལུ་ ཨེ་བི་སི་ལྟ་བཤལ་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་གྱི་ གཱོལ་བཙུགས་སའི་ས་ཁོངས་ནང་ལྷོད་དེ་ ཨེསི་ཊེ་ཀར་གྱིས་ བཱོལ་རྐྱབ་པའི་སྐབས་ གཱོལ་དེ་ ཕྲངམ་ཕྲང་ས་ ཁོང་རའི་རྩེད་འགྲན་པ་མི་ཅིག་གུ་ཕོག་སྟེ་ བཱོལ་དེ་ སྒོ་ནང་ན་ འཛུལ་ཡར་སོཔ་ཨིན་པས།
དེ་ལས་ དགྲ་འདུལ་སྡེ་ཚན་གྱིས་ དོ་འགྲན་སྦོམ་འབད་དེ་ གཱོལ་བཙུགས་ནི་ལུ་ རྩ་འགེངས་རུང་ སྡེ་ཚན་གཞན་མིའི་སྒོ་སྲུངཔ་གིས་ གཱོལ་བཏང་མ་བཏུབ་ལས་ ཧ་ལམ་ ལཱ་ཁ་རྐྱབ་ཡོད་རུང་ འབད་སྩོལ་སྦོམ་བསྐྱེད་པའི་གྲུབ་འབྲས་དེ་ སྐར་མ་༧༤ འི་ནང་ བྱུང་ཚུགས་ཡོདཔ་ཨིན་པས།
ད་རུང་ དུས་ཡུན་སྐར་མ་༨༠ འི་ནང་ བྱང་ཕྱད་སྡེ་ཚན་དེ་ དུམ་གྲ་ཅིག་ཁ་འགྱངས་སོཔ་ལས་ འཐུས་ཤོར་དུམ་གྲ་ཅིག་ལུ་བརྟེན་ མཐའན་མཇུག་གི་རྒྱལ་ཁ་དེ་ སྡེ་ཚན་འདི་གིས་ལེན་ཡོདཔ་ཨིན་པས།
རྩེད་འགྲན་འགོ་འདྲེན་འཐབ་མིའི་ཁ་ཐུག་ལས་ ཨང་དང་པ་ཐོན་མི་ དགྲ་འདུལ་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༥,༠༠༠ དང་རྟགས་མ་ དེ་ལས་ ཨང་༢ པ་ཐོན་མི་ ཨེ་བི་སི་ལྟ་བཤལ་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༥,༠༠༠ དང་ མི་རེ་རེ་བཞིན་དུ་ལུ་ རྟགས་མ་ཚུ་བྱིན་ཡི།
མཐའ་བཅད་འགྲན་བསྡུར་ནང་ རྩེད་འགྲན་ལེགས་ཤོམ་རྩེད་མི་དང་ ལིག་སྐོར་ཐེངས་ནང་ གཱོལ་མཐོ་ཤོས་བཙུགས་མི་ སྡེ་ཚན་གྱི་ འཛིན་སྐྱོང་པ་དྲག་ཤོས་ དེ་ལས་ སྡེ་ཚན་ལས་ རྩེད་འགྲན་དྲག་ཤོས་ཐོན་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་དང་ རྟགས་མ་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
རྩེད་འགྲན་འགོ་འདྲེན་པ་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ སྡེ་ཚན་བསྡོམས་༤༠ ལྷགཔ་ཅིག་ཐོ་བཀོད་འབད་ཡོད་རུང་ རྩེད་ཐང་དང་ ལས་བྱེདཔ་གི་ སྟབས་མ་བདེཝ་ཐོན་ཡོདཔ་ལས་ འགོ་དང་པ་ཐོ་བཀོད་འབད་མི་སྡེ་ཚན་༡༦ ལུ་མ་གཏོགས་ གཞན་མི་སྡེ་ཚན་ལུ་ གོ་སྐབས་སྤྲོད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ སང་ཕོད་ལས་ ཕུཊ་བཱོལ་རྩེད་ཐང་ལེགས་ཤོམ་འཐོབ་ཚུགས་པ་ཅིན་ སྡེ་ཚན་ག་འོང་རུང་ གོ་སྐབས་འདྲ་མཉམ་བྱིན་ནི་ཨིནམ་ད་ ཐིམ་ཕུ་ཕུཊ་བཱོལ་རྩེད་འགྲན་ ཐེངས་༣ པ་ལུ་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་འབུམ་གཅིག་ལྷགཔ་ཅིག་སོང་ཡི་ཟེར་ ཨིན་པའི་གནས་ཚུལ།



 
བཀྲིས་ཕུན་ཚོགས།

No comments:

Post a Comment