གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ རྩི་སའི་སྤག་ཅུང་བཟོ་གྲྭ་ཁང་ འགོ་དང་པ་ གཞི་བཙུགས་འབད་ཡོདཔ།

དགེ་ལེགས་ཕུག་ལུ་ རྩི་སའི་སྤག་ཅུང་བཟོ་བའི་བསྒང་།
 ༢༩/༡༡/༡༢། ༉ དགེ་ལེགས་ཕུག་ལུ་ འགོ་དང་པ་ཨིན་མི་ རྩི་སའི་སྤག་ཅུང་བཟོ་གྲྭ་ཁང་ སྒོ་ཕྱེ་ཡོད་མི་དེ་གིས་ བཟོ་གྲྭ་འཕྲུལ་ཁང་ལུ་བརྟེན་ གོང་འཕེལ་སྦོམ་འགྱོ་ནིའི་གོ་སྐབས་སྦོམ་ཡོདཔ་ལས་ བཟོ་སྐྲུན་གྱི་མཁོ་འདོད་འགྲུབ་ནི་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ བཀྲམ་སྤེལ་འབད་དེ་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

རྩི་སའི་བཟོ་གྲྭ་འཕྲུལ་ཁང་དེ་ཡང་ འདས་པའི་ཟླཝ་༣ དེ་ཅིག་གི་ཧེ་མར་ དགེ་ལེགས་ཕུག་དང་ གསར་སྤང་བར་ནའི་ གཞུང་ལམ་ལྟག་ལུ་ གཞི་བཙུགས་འབད་བའི་ཤུལ་ལུ་ ད་ཚུན་ལུ་ བསྡོམས་ཀྱིས་ སྤག་ཅུང་༡༠༠,༠༠༠ དེ་ཅིག་ བཟོ་སྐྲུན་འབད་ཡོད་ས་ལས་༢༥,༠༠༠ ས་གནས་ཀྱི་ བཟོ་སྐྲུན་དོན་ལུ་ བཀྲམ་སྤེལ་འབད་ཡོདཔ་ད་ ལྷག་ལུས་ཚུ་ ད་ལྟོ་མཛོད་ཁང་ནང་ ཚོང་མགྲོན་པ་ཚུ་ལུ་ བསྒུགས་ཏེ་ཡོདཔ་ཨིན་པས།

བཟོ་གྲྭ་ཁང་གི་ཇོ་བདག་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ཚུ་དང་ ས་གནས་ཀྱི་ ཁག་འབགཔ་དག་པ་ཅིག་གིས་ ས་ཁོངས་ནང་འོང་སྟེ་ ལྟ་བའི་ཁར་ ལ་ལུ་ཅིག་གིས་ འགྲུལ་འཕྲིན་ཡང་ལྷོད་ཡོདཔ་ད་ ད་ལས་ཕར་ མཁོ་འདོད་བཀོད་མི་ མངམ་འཐོན་འོང་མནོ་བའི་རེ་བ་ཡོད་ཟེར་ཨིན་པས།


བཟོ་གྲྭ་ཁང་ནང་ལས་ ཉིན་བསྟར་བཞིན་དུ་ སྤག་ཅུང་༡༥༠༠ དེ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
སྤག་ཅུང་ཚུ་ཡང་ དཀྱུས་ཚད་ཨིན་ཅི་༡༠ དང་ རྒྱ་ཚད་ཨིན་ཅི་༥ དེ་ལས་ སྟུག་ཚད་ཨིན་ཅི་༣ རེ་ཡོདཔ་ད་ སྤག་ཅུང་རེ་རེ་ལུ་ དངུལ་ཀྲམ་༨.༥ རེ་སྦེ་ བཙོང་བའི་ཁར་ གོང་ཚད་ཡང་ རྒྱ་གར་ནང་ལས་ཐོན་མིའི་ སྤག་ཅུང་དང་འདྲ་སུ་སྦེ་ ཡོདཔ་ཨིན་པས།


བཟོ་གྲྭ་ཁང་ནང་ ད་ལྟོ་ འགོ་ཐོག་ལཱ་འབད་མི་༡༢ དེ་ཅིག་ བཙུགས་ཡོདཔ་ད་ སྤག་ཅུང་ཚུ་ འཕྲུལ་ཆས་ནང་ལས་བཏོན་ཏེ་ ཟླཝ་༡ གི་རིང་ ཆུ་བླུགས་བཞག་པའི་ཤུལ་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་འགྱོ་དོ་ཡོདཔ་ཨིན་པས།


སྤག་ཅུང་ཚུ་ རྒྱ་གར་ལས་ཐོན་མི་དང་ཕྱདཔ་ད་ དུམ་གྲྭ་ཅིག་ སྦོམ་ཡོད་པའི་ཁར་ བཟོ་སྐྲུན་འབད་བའི་སྐབས་ ཁྱབ་ཚད་ཡང་ དུམ་གྲ་ཅིག་སྦོམ་ཡོད་ཟེར་ འཆི་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།


ཁོ་གིས་ སླབ་མིའི་ནང་ སྤག་ཅུང་བཟོ་གྲྭ་ཁང་ གཞི་བཙུགས་འབད་དགོ་པའི་གནས་སྐབས་ཡང་ ལོ་ངོ་༢༠ ལྷགཔ་ཅིག་གི་ཧེ་མར་ དགེ་ལེགས་ཕུག་ལུ་ རྒྱ་གར་གྱི་སྤག་ཅུང་ངོ་ཚབ་ ཁོ་ར་རྐྱངམ་གཅིག་ལས་བརྒལ་མེདཔ་ད་ དེ་བསྒང་ སྤག་ཅུང་ཚུ་ཡང་ རྒྱལ་ས་ལྟེ་བ་དང་ ཀྲོང་གསར་ དབང་འདུས་ གཞལམ་སྒང་ཚུ་ནང་ བཀྲམ་སྤེལ་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།


འདས་པའི་ལོ་ནང་ རྒྱ་ནག་ལུ་ ཁོ་རའི་སྤོས་བཟོ་ཁང་གི་དོན་ལུ་ སྤོས་བཟོ་འཕྲུལ་ཆས་ལྟ་རྟོག་འབད་བར་འགྱོ་བའི་སྐབས་ རྒྱ་ནག་གི་ལས་སྡེ་ཅིག་གིས་ རྩི་ས་སྤག་ཅུང་བཟོ་ནིའི་ འགྲེམ་སྟོན་ནང་བཅའ་མར་གཏོགས་པའི་སྐབས་ སྤྲོ་བ་དང་ དང་འདོད་ཚུ་ ཧེང་བཀལ་ར་ ཡར་སེང་སོང་ཡི་ཟེར་ཨིན་པས།


འཆི་མེད་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ཡོད་པའི་འཕྲུལ་ཆས་དེ་ མོ་བཏབ་ཀྱི་དོན་ལུ་ ཆུང་ཀུ་ཅིག་ཨིནམ་ད་ གལ་སྲིད་ མཁོ་འདོད་བཀོད་མི་ མངམ་འཐོན་པ་ཅིན་ ཉིནམ་རེ་ནང་ སྤག་ཅུང་༡༥,༠༠༠ དང་༡༦,༠༠༠ གི་བར་ན་ འཐོན་སྐྱེད་འབད་ཚུགས་པའི་འཕྲུལ་ཆས་ མཁོ་སྒྲུབ་འབད་ནི་ཨིནམ་ལས་ འཆར་གཞི་ཚུ་ཡོད་ཟེར་ཨིན་པས།


ཁོ་གིས་ སླབ་མིའི་ནང་ སྤག་ཅུང་བཟོ་སྐྲུན་ནང་ ཁེ་སང་སྦོམ་མེད་རུང་ ལག་ལེན་འདི་ལུ་བརྟེན་ འབྲུག་གི་དངུལ་ཀྲམ་ཚུ་ རྒྱལ་ཁབ་ནང་ན་ར་ལུས་ནི་ཨིནམ་ལས་ མ་འོངས་པར་ རྒྱ་གར་གྱི་ རུ་པིའི་དཀའ་ངལ་བསལ་ནི་ལུ་ཡང་ དམིགས་གཏད་ཡོད་ཟེར་ ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment