གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་དེ་ ཉིནམ་༥ ལང་རུང་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་མེདཔ།

༢༡/༡༡/༢༠༡༢   ༉ གསར་སྤང་རྫོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ ད་རུང་ ཕོ་སྐྱེས་ཅིག་ བཙན་ཁྲིད་འབད་དེ་ ཞག་གྲངས་༥  དེ་ཅིག་ ལང་ཡོདཔ་ཨིན་རུང་ ད་ལྟོ་ཡང་ ཉམས་རྒུདཔ་དེ་ ག་ཏེ་ཡོདཔ་ཨིན་ནའི་ ལོ་རྒྱུས་མེདཔ་ཨིན་པས།

སྐྱེས་ལོ་༥༦ ལང་མི་རྩིསཔ་ རྡོ་རྗེ་ལ་དེ་ ཁོ་རའི་ སྦ་སྒོར་འདི་ནང་ལས་ བཙན་ཁྲིད་འབད་ཡོདཔ་ཨིན་མས།

ཨིན་རུང་ མི་ངན་ཚུ་གིས་ སྲོག་རིན་དངུལ་ཀྲམ་ས་ཡ་༠.༥ མཁོ་འདོད་བཀོད་དོ་ཡོདཔ་ཨིན་པས།
མི་ངན་ཚུ་གིས་ ཀྲོབ་མདའི་གཡུ་པ་གིས་ མགུ་ཏོ་གུ་ བླུགས་བྱིན་མི་ལུ་བརྟེན་ གནོད་སྐྱོན་བྱུང་མི་ ཉམས་རྒུད་པའི་གནས་ཚང་དེ་ ད་ལྟོ་ གསར་སྤང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མོ་གི་མགུ་ཏོ་ཁར་ རྨ་སྐྱོན་ཤུགས་སྦེ་བཏོན་ཡོད་སར་ ཚེམས་ཐེངས་༢ རྐྱབ་ཡོད་རུང་ གཞན་གནོད་སྐྱོན་ཚུ་མེདཔ་ད་ ད་ལྟོ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༥༦ ལང་མི་ གཞི་གསར་ནང་སྡོད་མི་ ལྷུན་རྩེ་རྫོང་ཁག་ རྒྱ་རེད་ལས་ཨིན་མི་ གཡུས་ཁའི་རྩིསཔ་ རྡོ་རྗེ་ལ་དེ་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ ཁོ་གི་ཁྱིམ་ནང་ མཚོན་ཆ་འབག་མི་ མི་ངན་སྡེ་ཚན་ཅིག་གིས་ ཧང་སྟོང་མར་ སྦ་སྒོར་ནང་འཛུལ་འོང་སྟེ་ དཔྱལ་བར་ཀྲོབ་མདའ་དཔག་སྟེ་ བཙན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཉམས་རྒུད་པའི་གནས་ཚང་དེ་གིས་ རྒེད་འོག་ཚོགས་པ་ལུ་ འགྲུལ་འཕྲིན་བཏང་པའི་སྐབས་ མགུ་ཏོ་གུ་ ཀྲོབ་མདའི་གཡུ་པ་གིས་ བླུགས་བྱིན་པའི་ཁར་ དོག་ཐལ་གྱིས་ ཚར་ལེ་ཤ་བླུགས་བྱིན་ཏེ་ འགྲུལ་འཕྲིན་མོ་བཱ་ཡེལ་ཡང་ འཕྱོགས་འབག་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ དེ་ཚེ་ཕྱི་རུ་ ཉམས་རྒུདཔ་དེ་ ཁོ་རའི་ཁྱིམ་ནང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་གནས་ གསར་སྤང་ཊཱར་ལུ་ ས་གནས་ཀྱི་ མི་ཅིག་གི་ཁྱིམ་ནང་ རིམ་གྲོ་འབད་བར་སོང་ཞིནམ་ལས་ ལོག་སོ་ནམ་ཞིང་ལམ་ཚུན་ སྦྱིན་བདག་གིས་ སྣུམ་འཁོར་ནང་བསྐྱལ་བྱིན་ཡོདཔ་ད་ དེ་ནང་ལས་ སྐར་མ་༥ དང་༡༠ གྱི་བར་ན་ རྐང་སྟོང་སྦེ་ ཁོ་རའི་ཁྱིམ་ནང་ལྷོད་དེ་ སྐར་མ་༥ དེ་ཅིག་ལངམ་ད་ མི་ངན་ཚུ་ ཧང་སྟོང་མར་ ཐོན་འོང་ཡོདཔ་ད་ དེ་བསྒང་ སློབ་རིམ་༣ པའི་ནང་ དཔེ་ཆ་ལྷབ་མི་ སྐྱེས་ལོ་༡༢ ལང་མི་ ཉམས་རྒུད་པའི་བུ་དང་ གནས་ཚང་གི་ སྤུན་ཆ་ཚུ་ཡོད་རུང་ བུ་དེ་ བྱོག་ཐལ་ནུག།
ཉམས་རྒུདཔ་དང་བཟའ་ཚང་ལུ་ སྦ་སྒོར་ཅིག་ལས་མེདཔ་ད་ འདས་པའི་བཙན་ཁྲིད་ཀྱི་ གནད་དོན་དེ་ཡང་ ཁྱིམ་ཚང་ཅིག་ལུ་བྱུང་ཡོདཔ་ད་ གནོད་སྐྱོན་བྱུང་སའི་གཡུས་ཚན་ནང་ ཁྱིམ་གུང་༡༠ དེ་ཅིག་ལས་མེདཔ་བཞིན་དུ་ གཡུས་ཚན་དེ་ནང་ ནགས་ཚལ་སྟུག་དྲགས་སྦེ་ཡོད་པའི་ རྒྱ་གར་གྱི་ ས་མཚམས་བར་ན་ མི་༣༠༠ དེ་ཅིག་ལས་ མེདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ ཉིནམ་དེ་ལུ་ གཡུས་ཁའི་ཕོ་སྐྱེས་མང་ཤོས་ཅིག་ དགེ་ལེགས་ཕུག་ལུ་ ཇར་སི་བ་ལེན་པར་ སོང་བའི་སྐབས་ལུ་ དཔའ་བཅམ་ནུག་ཟེར་ཨིནམ་ད་ ད་ཚུན་གྱི་རིང་ ཉམས་རྒུད་པའི་ འགྲུལ་འཕྲིན་ཨང་ཐོག་ ག་དེམ་ཅིག་འགྲུལ་འཕྲིན་བཏང་རུང་ མཐུད་མི་ཚུགས་པས་ཟེར་ སླབ་མས་ཟེར་ཨིན་པས།
དེ་འབདཝ་ད་ བྱུང་རྐྱེན་དེ་གི་ཤུལ་ལས་ གཡུས་ཚད་དེ་ནང་གི་ མི་སེར་ཆ་མཉམ་ར་ ནུབ་མོ་ ཞག་ཁྱིམ་ནང་མ་ཉལ་བར་ ཉེན་སྲུང་དང་ལྡན་པའི་ ས་གནས་ཚུ་ནང་ འགྱོ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ དཱན་ བྷ་དུར་ རེ་ཁ་གིས་ ཁོ་རའི་གནས་ཚང་དང་ བུམོ་༢ ཁྱིད་དེ་ ཚལ་མ་ནང་ ཞག་ཉལ་བར་འགྱོ་དོ་ཡོདཔ་ད་ ཉིན་མའི་དུས་ཚོད་ལུ་ ལོག་ཁྱིམ་ནང་ ལཱ་འབད་བར་ འོང་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཁའི་རྩིསཔ་དེ་ བཙན་ཁྲིད་འབད་ཞིནམ་ལས་ཚུར་ ཁྱིམ་ནང་ཉལ་ནི་ལུ་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ ཚལ་མ་ནང་ སྦུལ་དང་གླངམོ་ཆེ་ལ་སོགས་པའི་ ཉེན་ཁ་ཡོད་རུང་ ཤིང་གི་འདབ་མ་ཚུ་ གདན་འཐིང་སྟེ་ འཕྲུལ་མེ་མ་བཏེགས་པའི་ཁར་ གཉིད་ཡང་ལེགས་ཤོམ་སྦེ་ མ་ལོག་པར་ ཉལ་སྡོདཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༦༥ ལང་མི་ ཕྱག་རྡོར་དང་ ཁོ་རའི་གནས་ཚང་༢ ཕྱི་རུ་ཨ་རྟག་ར་ ཁོང་རའི་ སྒོ་ནོར་སེམས་ཅན་ཚུ་བདའ་སྟེ་ ཧི་ལེ་བགེགས་སྲུང་གི་ལྟག་ལུ་ རཱ་ནི་བ་གཱན་གྱི་ས་ཁོངས་ནང་ གུར་སྤུབས་ཏེ་ ཉལ་བར་འགྱོ་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྱིམ་ནང་སྡོད་པ་ཅིན་ ས་མཚམས་སྦོ་ལོགས་ཁར་འབད་ནི་དེ་གིས་ བཙན་ཁྲིད་འབད་བའི་ འདྲོག་འཇིགས་ལངམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ དམག་མིའི་རྒྱབ་སྐྱོར་ ངེས་པར་དུ་ དགོ་པས་ཟེར་ཨིན་པས།
སྐྱེས་ལོ་༢༣ ལང་མི་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཨ་རྟག་ར་ གྱི་ཅུང་འབག་སྟེ་འགྱོ་དོ་ཡོད་རུང་ ཀྲོབ་མདའ་དང་ཕྱདཔ་ད་ ཁུངས་མེདཔ་ལས་ ད་རེས་ནངས་པ་ དགའ་སྐྱིད་གླིང་རྒེད་འོག་ཡིག་ཚང་གི་ སྦོ་ལོགས་ཁར་ སྤུན་ཆའི་ཁྱིམ་ནང་ ཉལ་བར་འགྱོ་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ ཉེན་སྲུང་གི་རྒྱབ་སྐྱོར་དགོ་པས་ཟེར་ཨིནམ་ད་ ཡང་ཅིན་ གཞུང་གིས་ ཀྲོབ་མདའ་ལག་ལེན་འཐབ་ནིའི་ སྦྱོང་བརྡར་གནང་དགོ་པས་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་ཤུལ་ལས་ གཡུས་ཁའི་མི་སེར་ཚུ་ འཛོམས་ཐོག་ལས་ ལག་རྗེས་རྐྱབ་སྟེ་ ཉེན་སྲུང་གི་ སྐོར་རྒྱབ་དགོ་པའི་སྐོར་ལས་ རྫོང་ཁག་ལུ་ ཡི་གུ་ཅིག་ཡང་ བཙུགས་ཅི་ཟེར་ཨིན་པས།
དགའ་སྐྱིད་གླིང་གཡུས་ཚན་དེ་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ ཀི་ལོ་མི་ཊར་༣ དེ་ཅིག་ལུ་ཨིནམ་ད་ ས་མཚམས་ཀྱི་ རྡོ་དེ་ཡང་ གཡུས་ཚན་གྱི་འོག་ལུ་ ཀི་ལོ་མི་ཊར་༡༥ འབད་མི་ སེངྒེ་རྒེད་འོག་གི་ སོ་ནམ་ཞིང་ལམ་གྱི་ སྦོ་ལོགས་ཁར་ཡོདཔ་ད་ གཡུས་ཚན་དེ་ནང་ལས་ མི་ཊར་༣༠༠ དེ་ཅིག་ལས་མེདཔ་ཨིན་པས།
དེ་མ་ཚད་ ལམ་གྱི་འོག་ལུ་ ནགས་ཚལ་སྟུག་དྲགས་དང་ ཚལ་མ་ཡོད་ནི་དེ་གིས་ ག་ནི་ཡང་ མཐོང་མི་ཚུགས་དོ་ཡོདཔ་ཨིན་པས།
གཡུས་ཁའི་མི་སེར་སྡེ་ཚན་ཅིག་གིས་ ས་མཚམས་ཀྱི་ ས་ཁོངས་ཚུ་ནང་ ཉམས་རྒུདཔ་འཚོལ་བར་ སོང་ཡོདཔ་ད་ ཁོང་གི་སེམས་ཁར་ ཉམས་རྒུདཔ་དེ་ བསད་བཞག་ནི་དང་ ཡང་ཅིན་ ཤིང་དང་གཅིག་ཁར་ བསྡམ་མ་བཞག་ག་མནོ་སྟེ་ བལྟ་བར་སོང་བའི་སྐབས་ ས་མཚམས་ཀྱི་སྦོ་ལོགས་ཁར་ མི་ཚུ་སྡོད་པའི་ ཤིང་གི་འདབ་མ་གིས་བཟོ་མི་ཁྱིམ་དང་ རྡོ་སློངས་ཏེ་ བཟོ་བཞག་པའི་ཐབ་ དེ་ལས་ དམག་མི་ཚུ་ སྲུང་རྒྱབ་ནང་སྡོད་དོ་བཟུམ་བཟོ་བའི་ ཤིང་གི་ཐོག་ཁར་ སྡོད་གནས་བཟོ་ཡོད་མི་ཚུ་ མཐོང་ཡི་ཟེར་ གཡུས་ཁའི་མི་ཚུ་གིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ སེངྒེ་རྒེད་འོག་གི་ སོ་ནམ་ཞིང་ལམ་དེ་ དགའ་སྐྱིད་གླིང་རྒེད་འོག་ལས་ འགོ་བཙུགས་ཏེ་ སིསི་ཊི་ཁོ་ལ་ཚུན་ ཀི་ལོ་མི་ཊར་༥ དེ་ཅིག་ རྒྱ་གར་གྱི་ ས་མཚམས་ནང་ལས་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་ས་ཁོངས་བརྒྱུད་དེ་ ཡར་རི་ཁ་ལས་ བཏོན་ཡོདཔ་ཨིན་པས།
ས་གནས་དེ་ནང་ གནོད་རྐྱེན་འབྱུང་ནི་དེ་ འགོ་དང་པ་མེནམ་ད་ འདས་པའི་ལོ་ནང་ མི་ངན་སྡེ་ཚན་ཅིག་གིས་ ཁག་འབགཔ་ཅིག་གི་ལྕགས་ཐག་སོག་ལེ་ འཕྱོགས་འབག་ཡོདཔ་ད་ ཟླཝ་༦ དེ་ཅིག་གི་ཧེ་མ་ཡང་ ཞག་ཅིག་ནང་ གླང་༦ ཨརཝ་རྐུ་འབག་མི་ཚུ་གི་གྲས་ལས་༢ གཡུས་ཚན་དེ་ནང་ལས་ཨིནམ་ད་ གཞན་མི་༤ པོ་དེ་ སེངྒེ་རྒེད་འོག་ནང་ལས་ཨིན་པས།
དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་ལུ་ གྱི་གསོབ་ཡོདཔ་ཨིན་པས།
གནོད་སྐྱོན་བྱུང་སའི་ ས་ཁོངས་ནང་ལས་ མི་ངན་ཚུ་གི་ གྱི་ཅུང་ཁུ་ཁུ་རི་ཅིག་དང་ རྟས་ཐག་༤ དེ་ཅིག་ བཀོག་བཞག་མི་ཚུ་ ལོག་ཐོབ་ནུག།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ དུས་རྒྱུན་དུ་ འབྲེལ་བ་འཐབ་དོ་ཡོད་རུང་ ཉམས་རྒུདཔ་དེ་ ད་ལྟོ་ རྒྱ་གར་གྱི་ས་ཁོངས་ནང་ཡོད་ནི་དེ་གིས་ འབྲུག་པའི་ཁྲིམས་སྲུང་འགག་པ་གིས་ འབད་ཐབས་གངམ་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།




གསར་སྤང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment