གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ ཁྲོམ་ས་བགོ་བཀྲམ་གྱི་སྙན་གསན་ རེས་གཟའ་ལྷག་པ་ལུ་ འགོ་བཙུགས་ནི།

༢༤/༡༡/༢༠༡༢   འདི་དང་གཅིག་ཁར་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ཀྱི་ དགོངས་ཕོག་བཀའ་རྒྱ་དང་འབྲེལ་བའི་ གྲོས་ཆོད་ཡང་ འཕྲལ་མགྱོགས་ར་ བཏོན་ནི་ཨིན་རུང་ དེ་གི་བར་ན་ ཆེ་མཐོ་ཁྲིམས་འདུན་གྱི་ གནས་སྐབས་བཀའ་རྒྱ་ལུ་ ཆ་གནས་འབད་དགོཔ།
༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་ལས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ དགོངས་ཕོག་བཏོན་དགོཔ་དང་ བཏོན་མ་དགོ་པའི་ ཁུངས་གསལ་སྙན་གསན་ཐེངས་༢ པ་མཛདཔ་དང་འབྲེལ་ དེ་གི་གྲོས་ཆོད་ འཕྲལ་མགྱོགས་ར་ བཏོན་འོང་ཟེར་ ཁྲིམས་སྤྱི་ངོ་ཚབ་ སངས་རྒྱས་མཁའ་འགྲོ་གིས་ བཤད་ཅི།


རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཚུ་གིས་ ཞུ་མིའི་ནང་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཆ་ར་ བཙག་འཐུ་གྲུབ་པའི་ དབུ་ཁྲིད་ཨིན་རུང་ གཞུང་སྐྱོང་གི་ དབུ་ཁྲིད་དང་ བསྟུན་གྲོས་ག་ནི་ཡང་མེད་པར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐད་ཀར་དུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་མཐུན་མིན་པའི་ཁར་ ཕྱོགས་གཅིག་གི་ གྲོས་ཆོད་ཨིནམ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ དགོངས་ཕོག་བཀའ་རྒྱ་ཚུ་ ཆ་མེད་གཏང་དགོཔ་དང་ དེ་མིན་རུང་ གནས་སྐབས་ཅིག་ བསྟར་སྤྱོད་འབད་མ་དགོ་པའི་ བཀའ་རྒྱ་གནང་དགོ་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་གིས་ དགོངས་ཕོག་བཏོན་ནི་གི་ འོས་འབབ་ཡོད་པའི་ བདེན་ཁུངས་བཟང་མིའི་ནང་ སྤྱི་ལོ་༢༠༡༡ གི་ངན་ལྷན་བཀག་སྡོམ་བཅའ་ཁྲིམས་ཀྱིས་ ཁྲིམས་འགལ་གྱི་ ཉེས་འཛུགས་འབད་མི་ མི་མང་སྤྱི་གཡོགཔ་ག་ཨིན་རུང་ ཐད་ཀར་དུ་ དགོངས་ཕོག་བཀའ་རྒྱ་བཏོན་ཆོག་པའི་ དབང་ཚད་ཡོད་མི་དང་འཁྲིལ་ བསྟར་སྤྱོད་འབད་ཡི་ཟེར་ཨིན་པས།
རྩ་ཁྲིམས་ཅན་གྱི་ གཙུག་སྡེ་གཉིས་ཀྱི་ ཁ་ཐུག་ལས་ བདེན་ཁུངས་ག་དེ་སྦེ་ར་བཟང་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྐྱར་ཞིབ་ཐོག་ བདུན་ཕྲག་འདི་ནང་ར་ གྲོས་ཆོད་བཏོན་ནི་ཨིནམ་བཞིན་དུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་འགལ་གྱི་ ཉེས་འཛུགས་༣ རྩིས་ཏེ་ ཞི་རྩོད་༧༥ ཐོ་བཀོད་འབད་མིའི་ སྙན་གསན་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༧ ལས་ འགོ་བཙུགས་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ རྩོད་གཞི་དེ་ སྲིད་དོན་དང་འབྲེལ་བ་ཡོདཔ་ལས་ གཙོ་རིམ་བཟུང་ཐོག་ལས་ ག་དེ་མགྱོགས་མགྱོགས་ མཇུག་བསྡུ་ཚུགསཔ་ འབད་ནི་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ཚུལ་མཐུན་མ་འགྱོ་བའི་སྐོར་ སྤྱི་ལོ་༢༠༠༩ གི་སྔ་ཆ་ལུ་ ས་ཚན་མ་ཐོབ་མི་ ཚོང་པ་༢༠ དེ་ཅིག་གིས་ ཀུན་གསལ་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ན་ཧིང་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཁྲོམ་ས་ཡོངས་བསྡོམས་༩༩ བགོ་སྤྲོད་འབད་མིའི་གྲས་ལས་༧༥ ཚུལ་མིན་ཐོག་ལས་ བགོ་བཀྲམ་འབད་ཡོད་པའི་ ངོས་འཛིན་བྱུང་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment