གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ ཡུ་རོ་པི་ཡན་ཚོགས་སྡེ་བར་ནའི་མཐུན་ལམ་ འཕྲོ་མཐུད་ཡར་དྲག་གཏང་ནི།

༣༠/༡༡/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་ལུ་ ཡུ་རོ་པི་ཡན་ཚོགས་སྡེའི་གཞུང་ཚབ་ ཇའོ་ གོམསི་ ཀ་རཱ་བིན་ཧོ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ འབྲུག་ལུ་ ཡུ་རོ་པི་ཡན་ཚོགས་སྡེའི་གཞུང་ཚབ་ ཇའོ་ གོམསི་ ཀ་རཱ་བིན་ཧོ།


སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ འབྲུག་ལུ་ལྷོད་མི་ གཞུང་ཚབ་ཇའོ་ གོམསི་ ཀ་རཱ་བིན་ཧོ་གིས་ སླབ་མིའི་ནང་ འབྲུག་ལུ་འོང་དགོ་མི་དེ་ཡང་ ཡུ་རོ་པི་ཡན་ཚོགས་སྡེ་དང་ འབྲུག་གི་ མཐུན་ལམ་སྐོར་ལས་ གསུང་གྲོས་གནང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་གི་གཞུང་ཚབ་འབད་ནིའི་ གོ་སྐབས་ཐོབ་མི་དེ་ དམིགས་བསལ་གྱི་ ཐོབ་དབང་ཅིག་ཨིནམ་མ་ཚད་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གོང་འཕེལ་ལྟ་བའི་སྐོར་ལས་ གོ་དོན་གཏིང་ཟབ་འབྱུང་ནིའི་དོན་ལུ་ འཕྲལ་འཕྲལ་སྦེ་ར་ འབྲུག་ལུ་ ལྟ་སྐོར་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཡུ་རོ་པི་ཡན་ཚོགས་སྡེ་གིས་ འབྲུག་གི་ གོང་འཕེལ་མཉམ་རོགས་སྒྲིང་སྒྲིང་འབད་ནི་ཨིནམ་མ་ཚད་ གནམ་གཤིས་འགྱུར་བགྲོད་དང་ ཚོང་འབྲེལ་གནད་དོན་ནང་ རྒྱབ་སྐྱོར་རྩ་བརྟན་འབད་ནི་ཨིནམ་ལས་ འབྲུག་དང་ ཡུ་རོ་པི་ཡན་ཚོགས་སྡེ་བར་ནའི་མཐུན་ལམ་དེ་ འཕྲོ་མཐུད་དེ་ར་ ཡར་དྲག་གཏང་ནི་ཟེར་ སླབ་ཨིན་པས།
བླློན་ཆེན་མཆོག་གིས་ གཞུང་ཚབ་ལུ་ བཀའ་དྲིན་དགའ་ཚོར་ གསུངས་ཡོདཔ་མ་ཚད་ ཡུ་རོ་པི་ཡན་ཚོགས་སྡེ་གིས་ འཛམ་གླིང་ཞི་བདེའི་གསོལ་རས་ཐོབ་པའི་ཁར་ འཛམ་གླིང་ཞི་བདེ་དང་ རྩ་བརྟན་ཡར་དྲག་གཏང་མི་ལུ་ ལེགས་སོ་གསུངས་ཡོདཔ་ཨིན་པས།
ཡུ་རོ་པི་ཡན་ཚོགས་སྡེ་གིས་ འབྲུག་གི་ གོང་འཕེལ་ལས་དོན་ཚུ་ནང་ གྲོགས་རམ་དང་ མཉམ་འབྲེལ་འབད་མི་དེ་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ བླློན་ཆེན་མཆོག་གིས་ གསུངས་གནངམ་བཞིན་དུ་ གཞུང་ཚབ་ཇའོ་ གོམསི་ ཀ་རཱ་བིན་ཧོ་གིས་ སྤྱི་ཟླ་༡༢ པའི་ཚེས་༢ ཚུན་ རྒྱལ་ཁབ་ནང་ སྡོད་ནི་ཨིན་པའི་གནས་ཚུལ།


 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment