གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དེང་སང་ལམ་ལུགས་ནང་ ན་གཞོན་གྱི་བློ་སེམས་ འགྱུར་ཐབས་འབད་དགོཔ།

ལས་ཁུངས་གཞན་ཁའི་ ངོ་ཚབ་ཚུ་གིས་ཡང་ གྲོས་འཛོམས་ནང་ བཅའ་མར་གཏོགས་པའི་བསྒང་།
༢༨/༡༡/༢༠༡༢   ༉ འབྲུག་པའི་ན་གཞོན་ཚུ་ ཡིག་ཚང་ནང་གི་ལཱ་གཡོག་འབད་ནི་ལས་ ལུས་སྦྱོང་ ལག་ཤེས་ལཱ་གཡོག་གི་ གོ་སྐབས་ལེན་ཐབས་ལུ་ བློ་སེམས་འགྱུར་ནིའི་ཐབས་ལམ་བཏོན་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་བའི་ བརྗོད་དོན་ཐོག་ལུ་ ཁ་ཙ་ དུས་ཡུན་ཆུ་ཚོད་༨ ཀྱི་རིང་ རྒྱལ་ཡོངས་ ལཱ་གཡོག་གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་པས།


དེ་ཡང་ ད་རེས་ནངས་པའི་ཤེས་ཡོན་ལམ་ལུགས་དང་ ལག་ཤེས་སྦྱོང་བརྡར་གྱི་ལས་དོན་ནང་ ཚ་གྱང་ཅན་གྱི་གནད་དོན་ཡོད་མི་དེ་ ན་གཞོན་ཚུ་ ལཱ་གཡོག་ནང་འཛུལ་ནི་ལུ་ གྲ་སྒྲིག་འབད་ཐབས་ཀྱི་ བློ་སེམས་དང་ བྱ་སྤྱོད་ཚུ་ འགྱུར་ཐབས་འབད་ནི་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ གྲོས་སྟོན་པ་དང་ སོ་ནམ་ལྷན་ཁག་དང་ བསྟན་རྒྱས་ལྷན་ཁག་གི་ངོ་ཚབ་ གཞན་ཡང་ སྒེར་སྡེའི་ཚོང་འབྲེལ་བ་ཚུ་གི་བར་ན་ འདི་བཟུམ་གྱི་བསྒྱུར་བཅོས་ཚུ་ འབད་དགོཔ་གལ་ཆེ་བའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ མཐོ་རིམ་མཐར་འཁྱོལ་མི་དང་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་དག་པ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གྲོས་སྟོན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་དང་ བཟོ་སྐྲུན་ དེ་ལས་ བཟོ་གྲྭ་ཁང་ཚུ་ ལཱ་གཡོག་བྱིན་མིའི་སྡེ་ཚན་ སྦོམ་ཤོས་ཅིག་ཨིན་རུང་ གཞུང་གིས་ འདི་ཚུ་ འོས་འཚམས་དང་ལྡནམ་སྦེ་ ལེགས་ལྡན་བཟོ་ནི་ལུ་ འཐུས་ཤོར་བྱུངམ་མས་ཟེར་ཨིན་པས།
དེ་ཡང་ ད་རེས་ནངས་པའི་ན་གཞོན་མཐོ་རིམ་མཐར་འཁྱོལ་མི་ཚུ་ ཤེས་ཡོན་ཅན་གྱི་སོ་ནམ་པ་དང་ དེང་སང་ལུགས་ཀྱི་ སོ་ནམ་ལག་ལེན་ཐབས་ཐངས་ཚུ་ འགོ་བཙུགས་དཔ་འདྲཝ་ཅིག་འབད་བ་ཅིན་ མ་འོངས་ན་གཞོན་ཚུ་གིས་ཡང་ འདི་གི་རྗེས་སུ་འབྲང་སྟེ་ ལཱ་འབད་འོང་ཟེར་ཨིན་པས།
ལག་ལེན་དེ་ ཐབས་ལམ་ཅིག་ཨིན་པའི་མནོ་བསམ་བཏང་སྟེ་ལཱ་འབད་དགོ་ཟེར་ གྲོས་སྟོན་པ་ཅིག་གིས་ སླབ་ཨིན་པས།
གཞན་ཡང་ བཟོ་སྐྲུན་གྱི་ལཱ་ཚུ་ནང་འབད་རུང་ རིག་པ་གསརཔ་དང་ གསར་བཏོད་ཀྱི་ལས་འབྲེལ་ཚུ་ དགོཔ་འདུག་ཟེར་ཨིན་པས།
ཞལ་འཛོམས་ནང་བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་གིས་བཤད་མིའི་ནང་ ལྷན་ཁག་ཚུ་གིས་ གྲོས་སྟོན་ལས་སྡེའི་སྤུས་ཚད་ཡར་བསྐྱེད་བཟོ་ཐབས་ལུ་ ཤེས་ཡོན་དང་ ལག་ཤེས་སྦྱོང་བརྡར་ དེ་ལས་ འདི་ཚུ་ལུ་ འབྲེལ་ཞུགས་འབད་དོན་ལུ་ གླ་ཆ་དུམ་གྲ་རེ་ཡང་ བྱིན་དགོཔ་འདུག་ཟེར་ཨིན་པས།
སློབ་ཕྲུག་ཚུ་གིས་འབད་བ་ཅིན་ འབྲུག་རྒྱལ་འཛིན་གཙུག་ལག་གི་ འགོ་དཔོན་ཚུ་གིས་ འབད་བརྩོན་ཐེབས་བསྐྱེད་ཐོག་ལས་ སློབ་གྲྭ་ཚུ་ནང་ ཚེ་གཡོག་གི་བསླབ་སྟོན་དང་ སློབ་སྟོན་གྱི་སྤུས་ཚད་ཚུ་ ཡར་དྲགས་གཏང་ནིའི་ཐབས་ལམ་འབད་དགོཔ་འདུག་ཟེར་ཨིན་པས།
སློབ་ཕྲུག་ལ་ལུ་ཅིག་གིས་འབད་བ་ཅིན་ འདི་བཟུམ་གྱི་ལག་ལེན་ བསྟར་སྤྱོད་འབད་མི་གིས་ ན་གཞོན་ཚུ་གི་ སེམས་ཁར་ ཡིག་ཚང་གི་ལཱ་དང་ ལུས་སྦྱོང་ ལག་ཤེས་ཀྱི་ལཱ་ཚུ་ག་དེ་སྦེ་ར་ ལེགས་ལྡན་བྱུང་དོ་ཡོདཔ་ཨིན་ན་ཚུ་ རང་བཞིན་གྱིས་ ཧ་གོ་ཚུགས་ནི་མས་ཟེར་ཨིན་པས།
སློབ་ཕྲུག་ཅིག་གིས་སླབ་མིའི་ནང་ ང་བཅས་ཀྱིས་ འབྲུག་མི་ རིག་རྩལ་ཅན་མངམ་འཚོལ་ནི་ལས་ དགོས་མཁོ་དང་ལྡན་པའི་ ཤེས་ཚད་ཅན་གྱི་ མི་ངོམ་བདེ་སྒྲིག་འབད་ནི་དེ་ ལེགས་ཤོམ་འོང་ཟེར་ཨིན་པས།

ད་རེས་ཀྱི་ཞལ་འཛོམས་དེ་ ལས་གཡོག་ལྷན་ཁག་དང་ ཡུ་ཨེན་གོང་འཕེལ་ལས་རིམ་གཉིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment