གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་སྣུམ་པེ་ཊཱོལ་གྱི་ གོང་ཚད་མར་བབས།

༡༧/༡༡/༢༠༡༢   ༉ ཁ་ཙ་ལས་ རྒྱལ་སྤྱིའི་ས་སྣུམ་གོང་ཚད་ མར་བབས་སོང་མི་ལུ་བརྟེན་ འབྲུག་ལུ་ཡང་ ས་སྣུམ་པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༠.༩༥ རེ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།


དེ་ཡང་ རྒྱ་གར་ལུ་ ས་སྣུམ་པེ་ཊཱོལ་གྱི་ གོང་ཚད་མར་ཕབ་རྐྱབ་མི་དང་བསྟུན་ཏེ་ཨིནམ་ད་ ཧེ་མ་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༥.༡༢ སླབ་མི་དེ་ ད་རིས་ལས་ དངུལ་ཀྲམ་༦༤.༡༧ ལུ་ མར་འབབ་འགྱོ་ནི་ཨིན་པས།
རྒྱལ་སྤྱིའི་ས་སྣུམ་གྱི་གོང་ཚད་ མར་བབས་སོང་ཡོདཔ་ཨིན་རུང་ རྒྱ་གར་གྱི་རུ་པིའི་ གནས་གོང་དེ་ ཨ་མི་རེ་ཀ་གི་ ཌོ་ལར་དང་ཕྱདཔ་ད་ སྐྱོ་དྲགས་སྦེ་ར་ གནས་ཡོདཔ་ཨིན་པས།
རྒྱལ་སྤྱིའི་ཚོང་འབྲེལ་གནས་སྟངས་ནང་ ས་སྣུམ་གྱི་གོང་ཚད་མར་བབས་སོང་ཡོད་རུང་ རྒྱ་གར་གྱི་ ས་སྣུམ་གྱི་དགོས་མཁོ་བརྒྱ་ཆ་༨༠ ཕྱི་ལས་ནང་འདྲེན་འཐབ་དོ་ཡོདཔ་ལས་ ས་སྣུམ་གྱི་གོང་ཚད་དེ་ཡང་ ཌོ་ལར་དང་ རུ་པིའི་གནས་གོང་གི་ཁྱད་པར་ལུ་ རག་ལསཔ་ཨིན་པས།
དེ་འབད་ནི་དེ་གིས་ རྒྱ་གར་གྱི་ ས་སྣུམ་ལས་སྡེ་ཚུ་གི་ དངུལ་སོར་ཚད་གཞི་དེ་ ལྟ་རྟོག་དམ་དམ་བཞག་ནི་ཟེར་ཨིནམ་ད་ མ་འོངས་པ་ལུ་ ས་སྣུམ་གྱི་གོང་ཚད་ཚུ་ ས་སྣུམ་ལས་སྡེ་ཚུ་གི་ དངུལ་སོར་ཚད་གཞི་ལུ་ རག་ལས་ནི་ཨིན་པའི་གནས་ཚུལ།



རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment